ཀྲུང་གོའི་ལུས་རྩལ་པ་བཀྲ་ཤིས་ཚེ་རིང་གིས་ཀོང་ཀྲོའུ་མཱ་ལ་སུང་སྐྱེས་པའི་ཚན་ཆུང་གི་ཨང་གསུམ་པ་བླངས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ12ཚེས21ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་ཀོང་ཀྲོའུ་ནས་སྤེལ་བའི་གསར་འགྱུར། ཉིན་དེའི་ཆུ་ཚོད7གྱི་སྟེང་དུ། 2025ལོའི་ཀོང་ཀྲོའུ་མཱ་ལ་སུང་རྒྱུག་མགོ་བརྩམས་ཤིང་། འགྲན་ཞུགས་པ26000ལིན་ནན་གྱི་ཞོགས་པའི་ཉི་ཟེར་ཁྲོད་འགྲན་རྒྱུག་གི་ལམ་དུ་ཞུགས།    

སྐྱེས་པའི་ཨང་དང་པོ་ལེན་མཁན་ཨའེ་སེ་ཨེ་པུ་ཡའི(埃塞俄比亚)འགྲན་ཞུགས་པ་ཨོར་ཏེ་ཐན་སའེ་ཡིས་བླངས་ཤིང་། གྲུབ་འབྲས་ཆུ་ཚོད2དང་སྐར་མ12སྐར་ཆ23རེད།  ཀྲུང་གོའི་འགྲན་ཞུགས་པ་བཀྲ་ཤིས་ཚེ་རིང་གིས་ཆུ་ཚོད2དང་སྐར་མ14སྐར་ཆ06གི་ཨང་གསུམ་པ་བླངས།   སྐྱེས་མའི་ཚན་ཆུང་གི་ཁྲོད་ཨའེ་སེ་ཨེ་པུ་ཡའི་འགྲན་ཞུགས་པ་ཐའེ་ལའེ་ཡིས་ཨང་དང་པོ་སྟེ་ཆུ་ཚོད2དང་སྐར་མ22སྐར་ཆ40ཡི་གྲུབ་འབྲས་བླངས་ནས་ཐེངས་དེའི་འགྲན་སྡུར་གྱི་ཟིན་ཐོ་བརྒལ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།