ལུའོ་ཏུང་ཁྲོན་གྱིས་ཀྲུང་གོ་ཡིད་རྟོན་མ་རྩའི་རྐང་གཉེར་དབུ་གཙོའམ་དབུ་བཞུགས་ལག་བསྟར་དཔོན་ཀྲང་དབྱི་ཁྲིན་སོགས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོ་ཡིད་རྟོན་དངུལ་གཏོང་ཚོད་འཛིན་ཚད་ཡོད་ཀུང་སིའི་རྐང་གཉེར་དབུ་གཙོའམ་དབུ་བཞུགས་ལག་བསྟར་དཔོན། ཅིན་ཀུང་མིན་ཚད་ཡོད་ཀུང་སིའི་རྐང་གཉེར་དབུ་གཙོ་ཀྲང་དབྱི་ཁྲིན་སོགས་ལ་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲང་དབྱི་ཁྲིན་སོགས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། མིག་སྔར་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད། བློ་བརྟན་འགྱུར་མེད་སྒོས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན།  རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་དུ་བསྐྲུན་ནས། ཚོང་འགུག་དངུལ་འདྲེན་གྱི་མཉམ་ལས་ལ་བརྟེན་ནས་སྤུས་ལེགས་འཛད་སྤྱོད་འདོན་སྤྲོད་དང་། ཚོང་ལས་ཀྱི་ལས་རྣམ་རིམ་སྤོར་བྱེད་པ། འཛད་སྤྱོད་ཀྱི་གསོན་ཤུགས་འདོན་སྤེལ་བཅས་ལ་སྐུལ་འདེད་གཏོང་བ་དང་། “ཚོང་ཁང་ཐོག་མའི་དཔལ་འབྱོར”གྱི་སྤུས་ལེགས་ཟོང་རྟགས་ནང་འདྲེན་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། མཐོ་སྒང་མང་ཚོགས་ཀྱི་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་དང་།     སྦས་ཤུགས་གསར་པ་དང་ཁྱད་སྟོབས་གསར་པ་རྒྱུན་ཆད་མེད་པར་མངོན་པར་བྱས་ཡོད། ཀྲུང་གོ་ཡིད་རྟོན་མ་རྩས་དངུལ་ལོར་དངུལ་གཏོང་གི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ཐེངས་འདིའི་མའེ་ཏང་ལའོ་མཚོ་སྔོན་གྱི་ཚོང་ཁང་ཐོག་མའི་སྒོ་འབྱེད་པ་འགོ་རྩོམ་སར་བརྩིས་ནས། མཚོ་སྔོན་གྱི་དངུལ་གཏོང་བཀོད་སྒྲིག་རྒྱ་སྐྱེད་གཏིང་ཟབ་དང་ཐོན་སྐྱེད་མུ་ཕྲེང་གི་མཉམ་ལས་ལ་ཤུགས་བསྣན་ཏེ། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད་ཟེར།

ཀྲང་དབྱི་ཁྲིན་གྱིས་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་རགས་བསྡུས་སྒོས་མཚམས་སྦྱོར་བྱས་པ་དང་། བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་ལྷན་ནུས་ལ་བརྟེན་ཏེ། ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་གཏོད་རྒྱུ་ཡིན་ཟེར།

ཝང་ཧའེ་ཧུང་ཐུགས་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།