ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་འགོ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།  འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་མ་ཟད་རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནར་མ་སོན་པའི་མིའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྱོང་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་བླ་སྦྱོང་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ།     བསམ་བློའི་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། དམར་པོའི་རིག་གནས་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཆབ་སྲིད་བསམ་བློ་སློབ་གསོའི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན། ཡིད་དབང་འཕྲོག་ཤུགས་བཅས་ཇེ་དྲག་ཏུ་གཏོང་བ་དང་། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཐུན་སྦྱོར་ངང་མི་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ནར་མ་སོན་པའི་མི་རྣམས་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་བར་རོགས་རམ་བྱ་དགོས། ཏང་ཨུས་འགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་འཁུར་བ། སྡེ་ཁག་གིས་མཐུན་སྦྱོར་བྱེད་པ།  སྤྱི་ཚོགས་ཟབ་ཞུགས་བྱེད་པ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ།   རང་ཞིང་གི་ནར་མ་སོན་པའི་མིའི་བསམ་བློ་འཛུགས་སྐྱོང་སྐས་རིམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་རྒྱལ་ཡོངས་ཀྱི་དངུལ་རྩའི་མ་ལག་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཉེན་ཁ་སྔོན་འགོག་དང་ལྟ་སྐུལ་དོ་དམ་གཟབ་ནན་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་བྱ་བའི་གཙོ་ཐིག་རྒྱུན་འཁྱོངས་བྱས་ཏེ2026ལོའི་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་བྱ་བ་བ་གཙོ་བོ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ལེགས་པོར་སྒྲུབ་དགོས་པ་ནན་གྱིས་བསྟན། དངུལ་རྩའི་ཉེན་ཁ་སེལ་བའི་བྱ་བ་སྣ་ཚོགས་མུ་མཐུད་དུ་ལེགས་པོར་སྒྲུབ་དགོས་པ་དང་། འཕར་ཚད་ཚོད་འཛིན་ནན་མོ་བྱེད་པ་དང་གསོག་ཚད་ཐག་གཅོད་འོས་འཚམ་བྱེད་པ། ཐོལ་བྱུང་དོན་རྐྱེན་སྔོན་འགོག་ནན་མོ་བཅས་བྱས་ཏེ་ཁྲིམས་འགལ་གྱི་དངུལ་ལོར་བྱ་འགུལ་ལ་རྡུང་རྡེག་ནན་མོ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཐད་དངུལ་ལོར་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་ལོར་སྲིད་ཇུས་དང་ནོར་སྲིད། ཐོན་ལས་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་སྟེ།     སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲིལ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས། དངུལ་རྩའི་མ་ལག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། ཏང་གི་ཆབ་སྲིད་ཀྱི་ཁྱད་སྟོབས་དང་ལམ་ལུགས་ཀྱི་ཁྱད་སྟོབས་རྒྱུན་ཆད་མེད་པར་དངུལ་རྩའི་བཅོས་སྐྱོང་གི་ནུས་ཆོད་དུ་བསྒྱུར་དགོས།

གྲོས་ཚོགས་ལས2025ལོའི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བའི་སྙན་ཞུར་ཉན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབད་འཐབ་དམིགས་འབེན་གཏིང་ཟབ་ཏུ་གཏོང་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱས་ཏེ། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། རིག་གནས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།     རིག་གནས་ཡུལ་སྐོར་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་གཏམ་རྒྱུད་མུ་མཐུད་དུ་ཡག་པོར་བཤད་ནས། ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་པར་སྣང་ཚུལ་བཟང་པོ་དང་ཡིད་ཆེས་ཆེ་རུ་བསྐྱེད་དགོས་པ་བསྟན།

གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པ་དང་།     བློ་བརྟན་འགྱུར་མེད་ངང་ཏང་གིས་སྤྱི་ཚོགས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་།  གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་མཐོ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཉེན་ཁར་འགོག་ཟོན་ནུས་ལྡན་བྱས་ནས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་།     ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སོགས་གཞི་རིམ་གྱི་བཅོས་སྐྱོང་སྟེགས་བུ་བཀོལ་སྤྱོད་ཡག་པོ་བྱས་ཏེ།“ཧྥེང་ཆའོ་ཉམས་མྱོང”གི་མཚོ་སྔོན་ལག་ལེན་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། དོན་དག་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།