འཕེལ་རྒྱས་གསར་པར་འབད་དེ་ལག་ལེན་དངོས་ལ་བརྩོན།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

     ཟླ12པའི་ཚེས16ཉིན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་སྟེང2025ལོའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། 2026ལོའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དམིགས་འབེན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་རྩོམ་པར་བརྗིད་ཉམས་ལྡན་པའི་འཆར་གཞི་བཀོད།

      ཚན་ཆུང་བཀར་ནས་གྲོས་བསྡུར་བྱེད་པའི་ཁྲོད། ཚོགས་ཞུགས་མི་སྣས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དངཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིརགྲོས་བསྡུར་བྱས།

   ཚོགས་ཞུགས་མི་སྣ་ཡོངས་ཀྱིས་གཅིག་མཐུན་གྱིས་བལྟས་ན་ཚང་འཛོམས་གྲོས་ཚོགས་ལས་བསྟན་པའི་འཕེལ་རྒྱས་འཆར་འགོད་དེ་ཁུལ་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་བྱས་ནས། རྗེས་ཕྱོགས་ཀྱི་ལོ་ལྔའི་ནང་གི་མཚོ་ལྷོ་ཁུལ་ཀྱི་འཕེལ་རྒྱས་དམིགས་འབེན་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། ཚང་མའི་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་འཆར་འགོད་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། དངོས་སྒྲུབ་དང་འགན་འཁུར་ཕོད་པའི་སྙིང་སྟོབས་ཀྱིས་བརྗིད་ཉམས་ལྡན་པའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་དགོས་པར་འདོད།

  མཚོ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་ཆིའུ་ཡོན་ལིན་གྱིས་བཤད་རྒྱུར། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོགས་ཤིང་། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིརགྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་གཞིལ་གྲོས་འཆམ་བྱུང་བ་དེས་རང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་ལྟེ་བའི་སྒྲོམ་གཞི་དང་འགག་རྩའི་འདེགས་སྐྱོར་ལེགས་འགྲུབ་བྱུང་བ་མཚོན་ཡོད་ཅིང་། མ་འོངས་པའི་ལོ་ལྔའི་རིང་གི་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ཀྱི་དམིགས་འབེན་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་ནས་གུང་ཧོ་གཤོང་སའི་ལྗང་མདོག་དར་རྒྱས་བར་དང་། ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ་ནས་རྩིས་གློག་མཐུན་སྦྱོར་ཐཱན་མེད་ཐོན་ལས་བར། འཐབ་ཇུས་ཀྱི་རིག་ལམ་གསལ་ཞིང་དམིགས་འབེན་ལེགས་ལ། དེ་ལ་མིག་རྒྱང་རིང་ཞིང་མདུན་ལྗོངས་གསལ། མཐོ་རིམ་གྱི་འཆར་འགོད་དང་གཞི་རིམ་གྱི་ལག་ལེན་ལྡན།འཆར་འགོད་ཇུས་གཞི་འདི་ནི་མཚོ་ལྷོ་ཁུལ་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་ཇུས་གཞི་ཞིག་ཡིན་པ་མ་ཟད།ཞི་ཅིན་ཕིང་གི་དཔལ་འབྱོར་བསམ་བློའི་ལག་ལེན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་མི་རིགས་ས་ཁུལ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་བ་ཞིག་ཀྱང་ཡིན།ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ།གྲོས་གཞིཡི་འཆར་འགོད་དེ་མིག་མཐོང་ལག་ཟིན་དུ་བསྒྱུར་དགོས། གཅིག་ནས་འཆར་འགོད་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་དགོས།ང་ཚོས་ཁུལ་ཨུའིགྲོས་གཞིདེ་སྤྱིའི་རྩ་དོན་དུ་བརྩིས་ནས་ཆུ་ཚད་མཐོ་བའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པར་འཆར་འགོད་རྩ་གནད་དང་ཆེད་དོན་འཆར་འགོད་བཟོས་ཏེ།བསམ་བློ་གཅིག་གྱུར་དང་དམིགས་འབེན་གཅིག་མཐུན། བྱ་སྤྱོད་གཅིག་མཚུངས་ཡོང་བར་ཁག་ཐེག་བྱ་དགོས།གཉིས་ནས་ལས་གཞིའི་འདེགས་སྐྱོར་ཐད་ཐོད་བརྒལ་བརྩོན་དགོས།ང་ཚོས་ནུས་ཁུངས་གཙང་མའི་མཐོ་ས་དང་རྩིས་གློག་མཐུན་སྦྱོར་ཐཱན་མེད་ཐོན་ལས།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སོགས་དང་དམ་དུ་སྦྲེལ་ནས། རྨང་གཞི་བརྟན་ལ་མིག་རྒྱང་རིང་པའི་ལས་གཞི་སྐོར་ཞིག་འཆར་འགོད་དང་ལག་བསྟར་བྱས་ཏེ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་དགོས། གསུམ་ནས་བཅོས་སྒྱུར་གསར་སྐྲུན་ཐད་ཐབས་ཇུས་གང་ལེགས་འདོན་དགོས།ང་ཚོས་སྟོབས་ཤུགས་གང་ཡོད་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ནས་སྒྲིག་སྲོལ་ལམ་སྲོལ་ལས་བརྒལ་ཏེ།ཕྱོགས་ཡོངས་ནས་ཚོང་གཉེར་བྱེད་པོ་དག་གི་གཏིང་ཤུགས་སྔོག་འདོན་བྱེད་པ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་བྱེད་པའི་འགྲོས་ཇེ་མགྱོགས་སུ་བཏང་ནས། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་རྒྱུ་ཡིན་ཟེར།

   མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་པདྨ་དོན་འགྲུབ་ཀྱིས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ནུས་ཤུགས་གཅིག་སྒྲིལ་དང་མ་འོངས་པར་ཁྲིད་སྟོན་བྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། ཚང་འཛོམས་གྲོས་ཚོགས་ཀྱི་སྙན་ཞུ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་གྲོས་གཞིས་མི་དམངས་ཡིད་ཚིམ་པའི་སློབ་གསོ་ཞིག་སྒྲུབ་དགོས་པ་ནན་གྱིས་བསྟན་པ་ནི་ང་ཚོའི་བྱ་བར་གདེངས་འཇོག་བྱས་པ་ཞིག་དང་། ལམ་བུ་གསར་པར་བསྐྱོད་པའི་འབོད་སྐུལ་ཞིག་ཀྱང་ཡིན་པས། ཁུལ་ཡོངས་ཀྱི་སློབ་གསོ་སྡེ་ཁག་གིས་ངེས་པར་དུ་ལག་བསྟར་ནན་མོ་བྱས་ཏེ། ཐབས་ཇུས་བཀོད་སྒྲིག་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་བསྒྱུར་དགོས།

    ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ནི་རང་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཁྲོད་མ་དངུལ་གཏོང་ཤུགས་ཆེས་ཆེ་བ་དང་། བཅོས་སྒྱུར་བྱེད་ཐབས་ཆེས་ལེགས་ཤོས། སྤུས་ཚད་མཐོར་འདེགས་སུ་གཏོང་ཚད་ཆེས་མགྱོགས་པ། མང་ཚོགས་ཀྱི་ཐོབ་སྣང་ཆེས་ཆེ་བ་བཅས་ཀྱི་དུས་སྐབས་ཤིག་ཡིན་ལ། ང་ཚོས་དྲང་གཞག་གི་སྤུས་ཚད་ལ་དམིགས་ཏེ་ཐོན་ཁུངས་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ་དང་། སློབ་གསོ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། 1+5ཡི་སྲིད་ཇུས་མ་ལག་ཆགས་པར་བྱས་ཏེ། རིམ་པ་སོ་སོའི་རིགས་མི་འདྲ་བའི་སློབ་གསོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། མཐོ་རྒྱུགས་ཀྱི་སྐར་གྲངས་ལ་སླེབས་ཚད་དང་མིང་གྲགས་ཅན་གྱི་སློབ་ཆེན་དུ་སློབ་མ་བསྡུ་ལེན་བྱེད་ཚད་ཇེ་མང་དུ་སོང་ཡོད། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་གྱི་ཕན་འབྲས་མངོན་གསལ་ཡིན་ལ། སློབ་གསོའི་གཞི་གྲངས་ཅན་གྱི་རྣམ་པ་ཕྱོགས་ཡོངས་ནས་རིམ་སྤར་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་ཆོད་སེམས་གང་ལེགས་ཀྱིས་མཚོན་ཡོད།

   ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་རྩོམ་ས་གསར་པའི་སྟེང་།ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གཞིགས་ནས། སློབ་སྔོན་སློབ་གསོས་ཀུན་ཕན་གཙོར་འཛིན་པ་དང་འོས་འགན་སློབ་གསོས་དོ་སྙོམས་གཙོར་འཛིན་པ། མཐོ་འབྲིང་སློབ་གསོས་ཁྱད་ཆོས་གཙོར་འཛིན་པ། ལས་རིགས་སློབ་གསོས་སྤུས་ཚད་གཙོར་འཛིན་པ་བཅས་ཀྱི་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་བཅོས་བསྒྱུར་གཏིང་ཟབ་དང་། སློབ་གསོའི་གྲུབ་ཚུལ་ལེགས་སྒྲིག དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱས་ནས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་ཞིག་བསྐྲུན་ཏེ། མང་ཚོགས་ཀྱི་བྱིས་པ་སློབ་གྲྭ་བཟང་པོ་འགྲིམས་འདོད་པའི་རེ་བར་ལན་བཏབ་ནས། མཚོ་སྔོན་སློབ་གསོའི་མ་དཔེ་གསུམ་བསྐྲུན་པར་འབད་དགོས་པ་མ་ཟད། རང་སྐྱོང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་མཚོ་ལྷོའི་སློབ་གསོས་སྟོབས་ཤུགས་འབུལ་དགོས་ཟེར།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།