ཉེ་བའི་ལོ་འགའི་རིང་ལ། རང་ཁུལ་གྱིས་དངུལ་གཏོང་རྒྱ་བསྐྱེད་དང་ཕན་འབྲས་ཐོན་པ་དེ་འདེགས་སྐྱོར་གལ་ཆེན་དུ་བརྩིས་ཏེ། ཁུལ་ཡོངས་ཀྱི་ལས་གཞིའི་དངུལ་གཏོང་བྱ་བར་ལོ་རྒྱུས་ཐོག་ཆེས་བཟང་བའི་གྲུབ་འབྲས་ཐོབ་ནས། སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྩལ།
2025ལོའི་ཟླ11པའི་བར་ཁུལ་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར1027ལེགས་འགྲུབ་བྱུང་བ་དང་། དེའི་ནང་ནུས་ཁུངས་གཙང་མའི་དངུལ་གཏོང་སྒོར་དུང་ཕྱུར749ལེགས་འགྲུབ་བྱུང་ཞིང་། མཚོ་སྔོན་ནས་ཧི་ནན་བར་གྱི་མཐོ་གནོན་གློག་འདྲེན་དང་གཡས་འཁྱིལ་ཆུ་གློག་ས་ཚིགས་སོགས་ནུས་ཁུངས་ཆེན་པོའི་ལས་གཞི་སྐོར་ཞིག་གི་ནུས་ཁུངས་གཙང་མའི་དངུལ་གཏོང་དེ་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་ལ། ཟིན་ཚད་དེ་དུས་ཡུན་རིང་བོའི་གཏན་འཇགས་ཚད་བརྒྱ་ཆའི70ཡན་ལ་སླེབས་ཏེ། འོད་ནུས་གློག་འདོན་ནི་གཞི་རྩ་ཡིན་ཞིང་ནུས་ཁུངས་མང་པོ་གསབ་རེས་བྱེད་པའི་དངུལ་གཏོང་གི་རྣམ་པ་ཞིག་གྲུབ་ཡོད།
མཚོ་ལྷོ་ཁུལ་གྱིས་རང་འགུལ་ངང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཐབ་ཇུས་ཀྱི་ཁ་ཕྱོགས་དང་བསྟུན་ཞིང་། གཙོ་གནད་གཉིས་དང་གསར་པ་གཉིས་འཛུགས་སྐྲུན་དང་དམ་དུ་སྦྲེལ་ཏེ། དུས་ཡུན་རིང་བོའི་རྒྱལ་བུན་སོགས་སྲིད་ཇུས་གལ་ཆེན་གྱི་གོ་སྐབས་ལ་བསྟུན་ནས། སྐྱེ་ཁམས་སྲུང་སྐྱོང་དང་ཆུ་བེད་བཟོ་སྐྲུན། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག སྤྱི་ཚོགས་ལས་དོན་བཅས་ཀྱི་ཞན་ཆའི་ཁྱབ་ཁོངས་ལ་དོ་སྣང་བྱས་ཏེ། ལས་གཞིའི་སྔོན་གྱི་འཆར་འགོད་དང་ཡར་ཞུའི་དོ་དམ་ལ་ཤུགས་བསྣན་ལ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཐབས་ལམ་སྤྱད་དེ་རིགས་མི་འདྲ་བའི་ལས་གཞི598བརྩོན་ལེན་བྱས་ཏེ་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར188.58ལ་སླེབས་པ་དང་། དེ་ལས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར100.93ལག་བསྟར་བྱས་པ་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་དང་བསྡུར་ན་བརྒྱ་ཆའི25འཕར་ཡོད། ཁྱད་པར་དུ་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་དངུལ་གཏོང་གི་སྣེ་ཁྲིད་ནུས་པ་མངོན་གསལ་ཡིན་པས་བརྩོན་ལེན་བྱས་པའི་ལས་གཞིའི་སྤྱི་གྲངས་ཀྱི་བསྡུར་ཚད་ལས་བརྒྱ་ཆའི50ལས་བརྒལ་ནས། ཁུལ་ཡོངས་ཀྱི་ཆུ་བེད་དྲ་བ་དང་བགྲོད་ལམ་འགྲིམ་འགྲུལ། ནུས་ཁུངས་འགན་སྲུང་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་བཅས་ཀྱི་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
ཐུན་ཏེའི་འཇང་ཆེན་དང་ཞིན་ཧེའི་བྱ་ནང་། ཀོས་ནན་གྱི་ཤྭ་ར་ཝོད། གུང་ཧོའི་ཧ་རྒན་སོགས་ཆུ་མཛོད་བཟོ་སྐྲུན་ཆེན་པོ་བཞི། མཚོ་སྔོན་པོའི་ཆུ་བསྣུབས་ས་ཁུལ་གྱི་གནས་སྤོར་བདེ་འགོད། GHགནམ་གྲུ་ཐང་། གུང་ཧོ་རྫོང་གི་སྲིད་དར་ལམ་ཆེན་གྱི་ལེགས་བཅོས། ཧོས་ཨན་གྲོང་སྲིད་ཟམ་ཆེན། ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས། བྱང་གསུམ་རྩྭ་ཐང་སྐྱེ་ཁམས་སླར་གསོ་སོགས་མཚོན་རྟགས་རང་བཞིན་གྱི་ལས་གཞི་སྐོར་ཞིག་སྔ་གཞུག་ཏུ་འཛུགས་སྐྲུན་བྱས་ཤིང་། ཁུལ་ཡོངས་སུ་བསྡོམས་པས་ཞིང་ཆེན་དང་ཁུལ་རིམ་པའི་ལས་གཞི་གལ་ཆེན337ལག་བསྟར་བྱས་པ་དེ་ལས་མགོ་བརྩམས་ཚད་ཀྱི་བརྒྱ་ཆའི96ཟིན་ནས། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར855ལེགས་འགྲུབ་བྱུང་ནས་ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་ཐད་མ་དངུལ་གཏོང་ཚད་བརྒྱ་ཆའི85ལས་བརྒལ་ཏེ། རང་ཁུལ་གྱི་ཡུན་རིང་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།