ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་སྟེང་གི“དམངས་ཚིས་སྐོར”།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ནི་ཟླ12ཚེས10ཉིན་ནས་ཚེས11བར་པེ་ཅིན་དུ་འཚོགས། གྲོས་ཚོགས་སྟེང་དུ། དམངས་ཚིས་ཀུན་ལས་གཙིགས་ཆེ་བ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ལ་དོན་དངོས་མང་པོ་བསྒྲུབ་པར་འབད་འབུངས་བྱ་དགོས་པའི་བླང་བྱ་བཏོན། འདིར་ཤིན་ཧྭ་གསར་འགྱུར་གྱིས་སང་ལོའི་དཔལ་འབྱོར་ལས་ཀའི་ཁྲོད་ཀྱི“དམངས་ཚིས་སྐོར”ལ་བཀོད་སྒྲིག་གང་དག་ཡོད་པའི་སྐོར་ཕྱོགས་གཅིག་ཏུ་བསྡུས་ནས་མདོར་ཙམ་བཀོད་ན་འདི་ལྟར།

གཅིག འཛད་སྤྱོད་འཕེལ་སྐྱེད་ཀྱི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་ལ་འཆར་གཞི་བཟོས་ནས་ལག་བསྟར་བྱ་རྒྱུ།
  གཉིས་པ། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ནན་འཛིན་བྱས་ནས་འབྲུ་རིགས་ལ་སོགས་པའི་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་ནས་རྒྱུན་འཁྱོངས་བྱ་རྒྱུ།

གསུམ། སྲ་གཟུགས་གད་སྙིགས་ཕྱོགས་བསྡུས་བཅོས་སྐྱོང་གི་འགུལ་སྐྱོད་ལག་བསྟར་བྱས་ཏེ། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མོ་སྲུང་སྐྱོབ་དམག་འཐབ་ལེགས་པོ་བརྒྱབ་ནས་འབོག་བཙོག་གསར་པ་བཅོས་སྐྱོང་ལ་ཤུགས་བསྣན་རྒྱུ།

བཞི། ལས་གནས་ཤོང་ཚད་རྒྱ་སྐྱེད་དང་རྒྱུ་སྤུས་མཐོར་འདེགས་ཀྱི་འགུལ་སྐྱོད་ལག་བསྟར་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་ལས་བཟོ་པ་ལ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་གཏན་འཇགས་ཡོང་བ་བྱ་རྒྱུ་དང་། སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཀ་གསར་དུ་ཞུགས་མཁན་རྣམས་ལས་བཟོ་བའི་འགན་ལེན་དུ་ཞུགས་པར་རྒྱབ་སྐྱོར་དང་ཡུལ་སྐུལ་བྱ་རྒྱུ།
   ལྔ། སློབ་གསོའི་ཐོན་ཁུངས་ཀྱི་བཀོད་པ་དང་སྒྲིག་གཞི་སྙོམས་སྒྲིག་ལ་སྐུལ་འདེད་བཏང་སྟེ། མཐོ་འབྲིང་དཀྱུས་མའི་བསླབ་གནས་འདོན་སྤྲོད་དང་སྤུས་ལེགས་མཐོ་རིམ་སློབ་གྲྭའི་དངོས་གཞིའི་སློབ་བསྡུ་ཇེ་མང་དུ་གཏང་རྒྱུ།

དྲུག སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ལེགས་སྒྱུར་བྱས་ནས་སློབ་བཅོས་འགན་སྲུང་གི་གཏོང་སྤྲོད་བྱེད་སྟངས་བཅོས་སྒྱུར་བྱ་རྒྱུ།
  བདུན། ཁམས་གསོ་ལྟ་སྐྱོང་གི་ལས་གནས་ཤོང་ཚད་མཐོར་འདེགས་ལས་གཞི་ལག་བསྟར་བྱས་ཏེ། ཡུན་རིང་གི་ལྟ་སྐྱོང་འགན་ལེན་ལམ་ལུགས་ལག་བསྟར་དང་། དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་ཐུགས་ཁུར་དང་རོགས་རེས་ལ་ཤུགས་བསྣན་དགོས།གཉེན་སྒྲིག་བུ་བཙའི་ལྟ་བ་དར་སྤེལ་བཏང་ནས་གསར་སྐྱེས་མི་འབོར་གྱི་གཞི་ཁྱོན་གཏན་འཇགས་ཡོང་བར་ཧུར་ཐག་བྱ་རྒྱུ།

བརྒྱད བདེ་འཇགས་ཐོན་སྐྱེད་དང་། གནོད་འགོག་གནོད་ཉུང་དང་རྒུད་སྐྱོབ། བཟའ་ཆས་དང་སྨན་རྫས་བདེ་འཇགས་ལ་སོགས་ཀྱི་ལས་ཀ་ནན་ཏན་གྱིས་བསྒྲུབ་དགོས།

དགུ ས་ཁང་བདག་དབང་གི་ཁྲོམ་ར་གཏན་འཇགས་ལ་ཤུགས་བསྣན་ཏེ། གྲོང་ཁྱེར་དང་བསྟུན་པའི་ཐབས་ཇུས་ལག་བསྟར་གྱི་འཕར་ཚད་ཚོད་འཛིན་དང་། མཛོད་ཉར་འདོར་སྐྱུར། འདོན་སྤྲོད་ལེགས་འདོན་བཅས་བྱས་ནས་གསོག་ཉར་བྱས་པའི་ཚོང་དོན་ཁང་པ་བསྡུ་ཉོ་དེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་སུ་བསྒྱུར་བར་ཡར་སྐུལ་བྱ་རྒྱུ།
   བཅུ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱས་ཏེ།“ཁང་པ་ལེགས་ཤོས”འཛུགས་སྐྲུན་ལ་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏང་རྒྱུ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།