དགུན་གྱི་དུས་སུ་སླེབས་པ་ན། བོད་ལྗོངས་དིང་རིའི་ས་ཡོམ་གྱི་གནོད་ཁུལ་བསྐྱར་སྐྲུན་དང་ཉམས་གསོའི་ཁང་པ་ཚང་མ་རྩིས་སྤྲོད་བེད་སྤྱོད་བྱས་ཏེ། གནོད་ཐེབས་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྡོད་ཁང་གསར་པར་སྤོས།
བོད་ལྗོངས་དིང་རི་རྫོང་གྲམ་སོ་ཡུལ་ཚོ་ཟིང་དཀར་སྡེ་བའི་སྡེ་མི་བཀྲ་ཤིས་ནོར་བུས་བཤད་རྒྱུར། ཁང་པ་གསར་པའི་ཕྱི་རོལ་དུ་དྲོད་སྲུང་རིམ་པ་ཞིག་ཡོད། དགུན་ཁའི་དུས་སུ་ཧ་ཅང་དྲོ་བས། སེམས་པ་ཧ་ཅང་དགའ་པོ་བྱུང་ཡོད་ཟེར།
བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བྱུང་རྗེས། རྒྱལ་ཁབ་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་སོ་སོས་ནུས་ཤུགས་ཡོད་རྒུས་བོད་ལྗོངས་ལ་གནོད་སེལ་རོགས་སྐྱོབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཟླ3པའི་ཟླ་འགོར་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཟླ6པའི་ཟླ་འགོར་ཕྱོགས་ཡོངས་ནས་ལས་འགོ་ཚུགས་ལ། ཁེ་ལས134དང་ཨར་ལས་མི་སྣ་ཁྲི6ལྷག་བསྐྱར་སྐྲུན་དུ་ཞུགས་ནས། གྲོང་རྡལ་དང་ཡུལ་ཚོ47གྱི་གནས་ཡུལ1032ཀྱི་འཛུགས་སྐྲུན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པས།“ལོ་དེར་གནོད་འཚེ་བྱུང་ཡང་དང་ལོ་དེར་སྡོད་ཁང་དུ་འདུག་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱུང་།