ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་རང་རྒྱལ་གྱི་བརླན་སའི་རྒྱ་ཁྱོན་མུའུ་དུང་ཕྱུར་བརྒྱད་ཡན་དུ་བརྟན་པོར་གནས་ཡོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

གསར་འགོད་པས་རྒྱལ་ཁབ་ནགས་ལས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ།  རང་རྒྱལ་གྱིས་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་རིམ་རྩིས་བྱས་ན་བརླན་ས་སྲུང་སྐྱོབ་ལས་གཞི་སྟོང་ལས་བརྒལ་ཡོད།  ཚན་རིག་དང་མཐུན་པའི་སྒོ་ནས་བརླན་ས་མུའུ་ས་ཡ་བཞི་སུམ་འབུམ་བཞི་ཁྲི་ཉམས་གསོ་བྱས་ཡོད་ལ།  མིག་སྔའི་བར། བརླན་སའི་རྒྱ་ཁྱོན་ས་མུའུ་དུང་ཕྱུར་བརྒྱད་བྱེ་བ་གསུམ་ས་ཡ་བཞི་ལ་སླེབས་ནས། བརླན་སའི་སྐྱེ་ཁམས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཡོད།

 བརླན་སའི་རིམ་བགོས་དོ་དམ་མ་ལག་སྔར་ལས་འཐུས་ཚང་དུ་བཏང་།  རྒྱལ་སྤྱིའི་བརླན་ས་གཙོ་བོ་གྱ་གཉིས་དང་རྒྱལ་ཁབ་ཀྱི་བརླན་ས་གཙོ་བོ་བརྒྱད་ཅུ།  ཞིང་ཆེན་རིམ་པའི་བརླན་ས་གལ་ཆེན་ཆིག་སྟོང་ཉིས་བརྒྱ་དང་ལྔ་གཏན་འཁེལ་བྱས་ཡོད།  རང་རྒྱལ་གྱི་རྒྱལ་སྤྱིའི་བརླན་ས་གྲོང་ཁྱེར་བསྡོམས་འབོར་ཉེར་གཉིས་བར་འཕར་ནས།  གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། རྒྱལ་ཁབ་བརླན་སའི་སྤྱི་གླིང་དགུ་བརྒྱ་དང་གསུམ་འཛུགས་སྐྲུན་བྱས་ཡོད།  རྒྱལ་ཁབ་བརླན་སའི་སྤྱི་གླིང་བརྒྱ་ཆའི་དགུ་བཅུ་ཙམ་སྤྱི་དམངས་ལ་རིན་མེད་ངང་སྒོ་ཕྱེས་ཏེ།  ལོ་རེར་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་གསུམ་བྱེ་བ་གཉིས་ཡས་མས་ལྟ་སྐོར་དུ་ཡོང་གིན་ཡོད་། 

སྡོང་དམར་ནགས་ཚལ་སྲུང་སྐྱོབ་ཉམས་གསོའི་ཆེད་དོན་འགུལ་སྐྱོད་ཀྱི་འཆར་གཞིར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ད་ལོའི་ཟླ6པའི་བར་རྒྱལ་ཡོངས་སུ་སྡོང་དམར་ནགས་ཚལ་མུའུ་ཆིག་འབུམ་སུམ་ཁྲི་བརྒྱད་སྟོང་གསར་དུ་བསྐྲུན་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་སྔོན་དུ་ལེགས་གྲུབ་བྱུང་སྟེ།  རང་རྒྱལ་འདི་ཉིད་འཛམ་གླིང་སྟེང་སྡོང་དམར་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་རུ་ཕྱིན་པའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།  དེ་དང་ཆབས་ཅིག་མུའུ་ས་ཡ་གཅིག་འབུམ་བཞི་ཁྲི་དྲུག་ལྷག་གི་ཕྱི་ཡོང་དངོས་རིགས་གཙང་སེལ་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།