ཟླ12པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་སུའུ་ཧའོ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་སྤྱི་འཛིན་ཁྲིན་ཧྲུའུ་སོགས་ལ་ཐུག་འཕྲད་བྱས།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁྲིན་ཧྲུའུ་སོགས་ལ་དགའ་བསུ་ཞུས་པ་དང་། སུའུ་ཧའོ་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། སུའུ་ཧའོ་སྡེ་ཚོགས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་ལ་གཞི་བཅོལ་ཏེ། གོ་ལ་ཧྲིལ་བོའི་ཐོན་ཁུངས་དང་བརྒྱུད་ལམ་གྱི་དགེ་མཚན་འདོན་སྤེལ་བྱས་ནས། མཚོ་སྔོན་གྱི་ཁེ་ལས་དང་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་སྦྲེལ་མཐུད་བྱེད་པར་ནུས་མཐོ་རིམ་པའི་སྟེགས་བུ་བཙུགས་པ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུ་འདོན་སྤྲོད་བྱས་ནས་གྲུབ་འབྲས་ལེགས་པོ་བླངས་ཡོད། ཕྱོགས་གཉིས་ཀྱིས་ཕྱི་ཕྱོགས་ཀྱི་ལངས་གཟུགས་ཅན་གྱི་ཞབས་ཞུའི་སྟེགས་བུ་སྔར་ལས་སྟོབས་ཆེན་འཛུགས་པ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་རྒྱ་བསྐྱེད་པ། སྤུས་ལེགས་ཐོན་རྫས་དང་ཐོན་ཁུངས་ནང་འདྲེན་རྒྱ་བསྐྱེད་པ། མཚོ་སྔོན་གྱིས་ཞབས་ཞུའི་ལས་རིགས་འཛུགས་སྐྲུན་ཐད་ཤུགས་སྣོན་པར་རོགས་རམ་བྱས་ཏེ། ལག་རྡང་སྦྲེལ་ནས་མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་བསྐྲུན་རྒྱུའི་རེ་བ་ཡོད།
ཁྲིན་ཧྲུའུ་ཡིས་ཁེ་ལས་འཕེལ་རྒྱས་དང་མཚོ་སྔོན་གྱི་ལས་དོན་གནས་ཚུལ་ངོ་སྤྲོད་བྱས་ནས་བསྟན་དོན། མཚོ་སྔོན་དུ་ཡོད་པའི་ཐོན་ལས་གྲུབ་ཚུལ་སྔར་ལས་ལེགས་སྒྱུར་བྱེད་པ་དང་། མཚོ་སྔོན་གྱི་ཁེ་ལས་རྒྱལ་སྤྱིའི་ཁྲོམ་རར་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་གྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་རོགས་ཤུགས་འདོན་རྒྱུ་ཡིན་ཟེར།
ཐུག་འཕྲད་ཀྱི་སྔོན་དུ། ཀྲུང་གོ་དང་ཀྲུང་ཡ་དངུལ་གཏོང་ཉོ་ཚོང་ཤར་བགྲོད་མཉམ་ལས་སྟེགས་བུའི་མཚོ་སྔོན་ཁུལ་ཁོངས་ཀྱི་མཉམ་ལས་གཞི་རྟེན་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།
ཝང་ཧའེ་ཧུང་ཐུག་འཕྲད་ལ་ཞུགས།