ཟླ12པའི་ཚེས17ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་སློབ་ཆེན་དུ་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ནས། ཁ་ཕྱོགས་གཏན་འཁེལ་དང་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཁྲོད་ལང་ཚོའི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།
སློབ་ཁྲིད་བྱེད་སྐབས། ལུའོ་ཏུང་ཁྲོན་གྱིས་དོན་དངོས་དང་ཞིབ་ཕྲའི་གཞི་གྲངས། གསོན་ཉམས་ལྡན་པའི་དཔེ་གཞི། གོ་བདེ་བའི་སྐད་ཆ་བཅས་སྤྱད་དེ་གྲུབ་འབྲས་གལ་ཆེན་གྱིས་བརྩོན་སེམས་བསྐྱེད་པ་དང་། དུས་རབས་ཕྱོགས་གནས་ཀྱིས་སྔ་འཛིན་ཕྱི་གཏོད། དམིགས་འབེན་ལས་འགན་སྔར་ལས་གསལ་བ་བཅས་ཕྱོགས་ངོས་གསུམ་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་སྙིང་པོ་དང་། ཀྲུང་དབྱང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་གྲོས་གཞིའི་འཐབ་ཇུས་བཀོད་སྒྲིག་དང་སང་ལོའི་དཔལ་འབྱོར་བྱ་བའི་གཙོ་གནད་ལས་འགན་བཅས་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཡིད་འོང་གི་མཛེས་རིས་དང་། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་འཕེལ་རྒྱས་ཀྱི་གོང་འཕེལ་གྱི་མཛེས་རིས། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་གྱི་བདེ་སྐྱིད་ཀྱི་མཛེས་རིས་བཅས“མཛེས་རིས་གསུམ”བརྒྱུད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དང་། འཕེལ་རྒྱས་ཀྱི་ཐབས་ལམ། གོ་སྐབས་གལ་ཆེན་བཅས་ལ་གསལ་འགྲེལ་གཏིང་ཟབ་བྱས། ཁོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པའི་ཁྲོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་གཏན་ཚིགས་དང་ལག་ལེན་གྱི་གྲུབ་འབྲས། འོད་སྟོང་གི་མདུན་ལྗོངས་བཅས་ལ་གོ་བ་ལེན་དགོས་པ་དང་། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས། རབ་མཛེས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱུས་ལོན་བྱེད་པའི་ཁྲོད་མཚོ་སྔོན་ལ་དགའ་བ་དང་། མཚོ་སྔོན་དུ་གཞི་ཚུགས་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་བརྩོན་གྱིས་འབྲི་བའི་ཁྲོད་འཇོན་ཐང་མངོན་པ་དང་བྱས་རྗེས་བཞག་ནས། མཛེས་སྡུག་གི་མ་འོངས་པ་གཏོད་དགོས་པ་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་གྱིས་རྒྱ་ཆེའི་ན་གཞོན་སློབ་མས་རང་རྟོགས་སྒོས་མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་འཕེལ་རྒྱས་དང་མཚོ་སྔོན་འཛུགས་སྐྲུན་གྱི་ཁྱོན་ཡོངས་སུ་འདྲེས་པར་བྱས་ནས། སློབ་སྦྱོང་ཞིབ་མོ་བྱེད་པ་ནས་འགོ་རྩོམ་པ་དང་དོན་དག་ཆུང་ཆུང་ནས་འགོ་བརྩམས་ཏེ། རྒྱལ་ཁབ་ཀྱི་བརྩེ་བའི་ཁྲོད་ནས་བློ་སྟོབས་སྦྱོང་བ་དང་འགྲན་རྩོད་སྦྱོང་བརྡར་ཁྲོད་ནས་ལ་རྒྱ་བརྩོན་པ། སློབ་བརྩོན་དོན་འཁྱོལ་ཁྲོད་ནས་གཏིང་ཤུགས་ལྡན་པར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁོད་ཡངས་པའི་ལམ་དུ་ལང་ཚོའི་གཟི་བརྗིད་དང་ལང་ཚོའི་ཕུགས་འདུན་འཕེལ་བར་བྱེད་དགོས་པའི་སྐུལ་ལྕག་བྱས། མཚོ་སྔོན་སློབ་ཆེན་གྱིས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པའི་དམིགས་འབེན་འདི་ལ་དམ་པོར་དམིགས་ནས། མི་གཞི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བར་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་མཐོ་རིམ་སློབ་གསོའི་སྤུས་ཀ་མཐོར་འདེགས་དང་ཤོང་ཚད་ཆེ་རུ་གཏོང་བ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་བཏོན།
མཚོ་སྔོན་སློབ་ཆེན་གྱི་དགེ་སློབ་ཀྱི་འཐུས་མི་བདུན་བརྒྱ་ལྷག་གིས་སློབ་ཁྲིད་ལ་ཉན།