རྩ་གཉིས་ཨང་རྟགས་བཤེར་འབབས་བྱས་ན་རིན་མི་དགོས་པའི་ལེགས་སྐྱེས་ལེན་ཐུབ། མྱུར་སྐྱེལ་འཛིན་ཤོག་གི་སྒོར་མོ་ཕྱིར་སློག་པ་མཐོང་ན་སེམས་འགུལ་ཐེབས་སྲིད་ཅེས་པའི་རིགས་མཐོང་ན། ལམ་སེང་མཚམས་འཇོག་རོགས། གཤམ་གྱི“ཧ་ཅང་ཉེན་ཁ་ཆེ་བའི་རྩ་གཉིས་ཨང་རྟགས”རིགས་བཞི་བོ་འདི་བཤེར་འབབས་ཐེངས་ཤིག་བྱས་ན་ཁྱོད་ཀྱི་ཆ་འཕྲིན་རྐུ་འཕྲོག་དང་རྒྱུ་ནོར་ལ་གྱོང་ཐེབས་སྲིད་པའི་ཉེན་ཁ་ཡོད། །

རིགས་དང་པོ། རྩ་གཉིས་ཨང་རྟགས་བཤེར་འབབས་བྱས་ན“སྒོ་ང་ལེན་རྒྱུ་ཡོད་པ”དང་། “རིན་མེད་ཀྱིས་ལེགས་སྐྱེས་ལེན་རྒྱུ་ཡོད་པ།” སོགས་ཀྱི་མགོ་གཡོག་སྟེ། ། ཁྱོད་ལ་གཏན་འཁེལ་གྱིAppཕབ་ལེན་བྱ་དགོས་པའི་རེ་བ་འདོན་ངེས་པ། Appདེ་རིགས་ལ་དྲ་རྒྱའི་སྟེང་གི་ཤིང་རྟའི་ནད་དུག་བཅུག་ཡོད་པས། གལ་ཏེ་ཕ་རོལ་པའི་རེ་བ་ལྟར་ནང་འཇུག་བྱས་ཚེ་ཁྱེད་ཀྱི་ཁ་པར་ནང་གི་མི་སྒེར་གྱི་ཆ་འཕྲིན་བརྐུས་ཏེ་ཁ་བསླུས་ཐེབས་སྲིད།

རིགས་གཉིས་པ། མྱུར་སྐྱེལ་འབྱོར་རྗེས། འཛིན་ཤོག་སྟེང་དུ“རྩ་གཉིས་ཨང་རྟགས་བཤེར་འབབས་བྱས་ན་སྒོར་མོ་ཕྱིར་སློག་རྒྱུ་ཡོད་པ་དང”“དངུལ་གྲངས་མང་པོའི་ཁུག་དམར་ལེན་རྒྱུ་ཡོད་པ”“ཆ་བསགས་སྒོར་མོར་བསྒྱུར་ཆོག་པ”ཅེས་པའི་རྩ་གཉིས་ཨང་རྟགས་རེ་ཡོད་ལ། དེ་ནི་མགོ་སྐོར་གཏོང་མཁན་གྱི་གཡོ་འོག་ཏུ་འཇུག་ཐབས་ཡིན་སྲིད། ཁྱོད་ཀྱིས་ཨང་རྟགས་བཤེར་འབབས་བྱས་རྗེས། མགོ་སྐོར་གཏོང་མཁན་གྱིས་ཁྱོད་ལ་གོ་རིམ་ལྟར་བཀོལ་སྤྱོད་བྱ་དགོས་པའི་རེ་བ་བཏོན་ཏེ། རིམ་བཞིན་གཡོ་འོག་འཇུག་སྲིད།

རིགས་གསུམ་པ། “སྐར་ཁྱིམ་ལ་བརྟག་པ།”“གཤིས་ཀར་བརྟག་པ།”“མོ་རྩིས་རྒྱག་པ”ལ་སོགས་ཀྱི་ཚོད་ལྟ་སྣ་ཚོགས་སུ་ངེས་པར་དུ་མི་སྒེར་གྱི་རུས་མིང་དང་། ཁ་པར་ཨང་གྲངས། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བཅས་འགོད་དགོས་པའི་རེ་བ་འདོན་པ་ཡིན། ། གལ་ཏེ་གོང་གསལ་རེ་བ་ལྟར་མི་སྒེར་གྱི་ཆ་འཕྲིན་བྲིས་ཚེ། ཁྱོད་ཀྱི་དགའ་ཕྱོགས་དང་ཁྱིམ་ཚང་གི་ཆ་རྐྱེན་སོགས་ཀྱི་གནས་ཚུལ་རྣམས་ཕ་རོལ་པོས་བསྡུ་རུབ་བྱ་བ་མ་ཟད། དེ་ལ་དབྱེ་ཞིབ་བྱས་ཏེ། ཁ་བསླུས་ཀྱི་ཇུས་གཞི་བཟོས་ནས་ལག་བསྟར་དོན་ལ་འཁེལ་བ་བྱ་སྲིད།

རིགས་བཞི་པ། ཁ་བསླུས་རྒྱག་མཁན་གཞུང་ཕྱོགས་སུ་བརྫུས་ནས་སྐད་འཕྲིན་ཚོགས་པའི་ནང་སློབ་སྦྱོང་གི་དྲ་སྦྲེལ་བརྒྱུད་བསྐུར་བྱས་ཏེ། ཚོགས་པའི་ཁོངས་མིར་བཙན་ཤེད་ཀྱིས་རྩ་གཉིས་ཨང་རྟགས་བཤེར་འབབས་བྱེད་དུ་བཅུག་ནས་དྲི་བར་དྲིས་ལན་འདེབས་དགོས་པའི་བླང་བྱ་འདོན་སྲིད། ཁྱེད་ཀྱིས་ཕ་རོལ་པའི་རེ་བ་ལྟར་དུ་དྲི་བ་དྲིས་ལན་བཏབ་པ་ཡིན་ན་དོན་དངོས་སུ་ཁྱེད་རིང་མགོ་སྐོར་གཏོང་བྱེད་ཀྱི་རྙི་རུ་ཚུད་སོང་པ་རེད། གཞུང་ཕྱོགས་ཀྱི་བྱེད་སྒོ་ངོ་མ་ཞིག་ཡིན་ན། བདེན་དཔང་ར་སྤྲོད་ཀྱི་རྩིས་ཐོ་ཁོ་ན་བརྒྱུད་དེ་ཁྱབ་སྒྲོག་བྱ་བ་མ་ཟད། ད་དུང་རང་མོས་ཀྱིས་ཞུགས་ཆོག་པ་ལས་བཙན་ཤེད་དང་གཡོ་འགུག་གི་སྒོ་ནས་བྱེད་ཐབས་དེ་རིགས་སྤྱོད་མི་སྲིད།
ཉེན་རྟོག་ཕྱོགས་ཀྱིས་ཤ་ཚའི་དྲན་སྐུལ་གནང་དོན།
1.ཆ་རྒྱུས་མེད་པའི་རྩ་གཉིས་ཨང་རྟགས་བཤེར་འབེབས་མི་བྱེད་པ་དང་། གཞུང་ཕྱོགས་མ་ཡིན་པའིAppཕབ་ལེན་བྱ་མི་རུང་།
2མིང་དང་ཐོབ་ཐང་ཨང་གྲངས། དངུལ་བྱང་གི་ཨང་གྲངས་སོགས་གསང་དགོས་པའི་ཆ་འཕྲིན་གང་འདོད་དུ་ཕྱིར་ཤོར་མི་རུང་།
3.“རིན་མི་དགོས་པར་ལེན་རྒྱུ་ཡོད་པ་དང་། དངུལ་མང་པོ་ཕྱིར་སློག་རྒྱུ་ཡོད་པའི”རྒྱབ་ན་རྟག་ཏུ་བསླུ་བྲིད་ཀྱི་རྙི་ཆེན་པོ་ཞིག་སྦས་ཡོད་པས། ཡིད་ཆེས་གཏན་ནས་བྱེད་མི་རུང་།
4.གལ་ཏེ་ཁ་བསླུས་ཡིན་པར་དོགས་པ་ཡོད་ཚེ། དུས་ཐོག་ཏུ110ལ་ཁ་པར་བཏང་སྟེ་ཉེན་རྟོག་པར་ཡར་ཞུ་བྱ་དགོས།