མཚོ་མོ་ངང་ལག་རིང་མོ་ནི་བོད་རང་སྐྱོང་ལྗོངས་ནུབ་རྒྱུད་མཐའ་མཚམས་སུ་གནས་ཤིང་། མཚོ་མོ་དང་མཐའ་འཁོར་གྱི་ན་འདམ། སྤང་ཐང་བཅས་ཀྱིས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མ་ལག་གྲུབ་པས། གནས་དེ་ནི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་ཀྱི་ཆུ་བྱ་རིགས་མང་པོའི་རྒྱུད་སྤེལ་ས་གཙོ་བོ་དང་དགུན་སྐྱེལ་ངལ་གསོའི་གནས་སུ་གྱུར། གནས་དེ་ཡང་གཙོད་དང་རྐྱང་སོགས་ཀྱི་རི་སྐྱེས་སྲོག་ཆགས་འཚོ་སྡོད་གནས་སུ་ཡང་གྱུར་ཡོད། ས་བབ་མཐོ་སའི་ལྗང་མདོག་སྲུང་སྐྱོང་བྱ་ཆེད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པས་དཀའ་སྡུག་ལ་མི་འཛེམ་པར་སྐོར་ཞིབ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན།

མཚོ་མོ་ངང་ལག་རིང་མོ་ལས་གཞན། ཡངས་ཤིང་རྒྱ་ཆེ་བའི་བོད་ནུབ་རྒྱུད་ནི་ཧིན་རྡུའི་རྒྱ་མཚོ་ཆེན་མོའི་ཆུ་རླངས་བགྲོད་ལམ་དང་རྒྱང་རིང་བས་ཐང་རྒོད་དུ་ལུས། ས་བབ་མཐོ་ཞིང་མཐའ་ཡས་པའི་ཀླུང་ཐང་དུ་མདོག་སྐྱ་སེར་གྱིས་ཁྱབ་ཡོད་པ་དང་། ཉུང་ཞིང་སེར་པོར་གྱུར་པའི་སྔོ་ཁེབས་ཀྱིས་བྱེ་མ་དང་རྡོ་ཧྲུག་རྒྱན་ཡོད། སྐྱེ་ཁམས་ཆ་རྐྱེན་ངན་པ་དེས་ཁྱབ་ཁོངས་འཕེལ་རྒྱས་བཀག་པར་མ་ཟད། ས་གནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་དོན་དངོས་འགྲན་སློང་ཁྱེར་ཡོང་ཡོད། ཁྱིམ་གཞིས་སྲུང་སྐྱོང་དང་སྐྱེ་ཁམས་ལེགས་བཅོས་ནི་མི་རྣམས་ཀྱི་རེ་བ་ཞིག་ཏུ་གྱུར་ཡོད།
རང་བྱུང་སྲུང་སྐྱོང་ནི་དོན་དག་གལ་ཆེན་ཞིག་ཏུ་གྱུར་ཡོད། ལྗང་མདོག་ལ་ཤུགས་སྣོན་ན་ད་གཟོད་མི་རབས་རྗེས་མར་ཕན་ཐོགས་ཐུབ། 2024ལོར་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་བྱང་རིའི་ལྗང་མདོག་བཟོ་སྐྲུན་དངོས་སུ་མགོ་ཚུགས་པ་དང་། ལོ5ནང་དུ་རི་ངོས་ནགས་སྐྲུན་དང་ལོ10ནང“བྱང་རིའི་ལྗང་གྱང”གཏོད་དེ་རྒྱལ་ཁོངས་ལྗང་སྒྱུར་རྒྱ་ཁྱོན་མུའུ་ཁྲི23.76ཟིན་པ་དང་། གངས་ལྗོངས་མཐོ་སྒང་ནུབ་རྒྱུད་ཀྱི“ལྗང་མདོག་མུ་ཏིག”གཏོད་རྒྱུ་རེད།

ད་ལྟ། ཕྱིར་མངོན་པའི་བྱེ་འགྱུར་ས་གཞི་རུ་ལྗང་མདོག་མཐོང་ཐུབ་པའི་མྱུར་ཚད་ཀྱིས་རྒྱུན་སྲིང་བཞིན་ཡོད། ཕྱོགས་བཞིར“ལྗང་མདོག་གི་སྤྱི་གླིང་ཆུང་ཆུང”མང་པོ་མངོན་ནས། ས་གནས་མང་ཚོགས་བར་གསེང་བྱུང་རྗེས་འཆམ་འཆམ་འགྲོ་ས་དང་། བྱིས་པ་ཚོ་རྩེད་མོ་རོལ་སའི་གནས་མཆོག་ཏུ་གྱུར། “འཛམ་གླིང་གི་ཡང་རྩེ་ཡི་ཡང་རྩེ”སྟེང་གི་ལྗང་མདོག་གསར་བརྗེ་དེས་མདོ་དབུས་མཐོ་སྒང་གི་གཏིང་ཟབ་སའི་མཐོ་སྒང་ལ་ལྗང་མདོག་ཅིག་བསྣན་པ་དང་། བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་པ་རེད།

བྱེ་ཐང“གསེར་ཐང”དུ་གྱུར་པའི་རྒྱལ་ཁའི་གསང་པ།
བཏུལ་ཐང་ཞོལ་མའི་འོད་ནུས་ཐོན་ལས་གླིང་ཁུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཁོངས་སུ་གནས་ཤིང་། ཉེ་བའི་ལོ་འགའི་རིང་ས་གནས་ཀྱིས་ཐང་རྒོད་དུ“པང་ལེབ་ཐོག་གློག་འདོན་པ་དང་། པང་ལེབ་འོག་ལུག་འཚོ་བའི”དཔེ་དབྱིབས་གསར་སྐྲུན་བྱས་པས། སྐྱེ་ཁམས་ཕན་ནུས་དང་དཔལ་འབྱོར་ཕན་ནུས་ཕྱོགས་གཉིས་བསྐྱོད་པ་མངོན་འགྱུར་བྱུང་བར་མ་ཟད། མཚོ་སྔོན་གྱི་གསར་སྐྲུན་དཔེ་དབྱིབས་འཕེལ་རྒྱས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཐུན་མིན་བགྲོད་ལམ་ཡིན།

རྒྱ་སྐད་ཀྱི་ཐ་ལ་ཐན་ཞེས་པ་ནི་སོག་སྐད་ཡིན་ལ་ཐང་རྒོད་ཀྱི་དོན་ཡིན་ཞིང་། བོད་སྐད་དུ་བཏུལ་ཐང་ཞོལ་མ་ཟེར། གནས་དེར་བྱེ་རླུང་གཡུག་པ་དང་རྩྭ་རྩི་ཏོག་སྐྱེས་དཀའ་བས། ས་གནས་སྲིད་གཞུང་གིས་ས་བབ་མཐོ་ཞིང་ཉི་འོད་འཕྲོ་ཡུན་རིང་བའི་ཁྱད་ཆོས་ལྡན་པའི་གནས་དེར་དམིགས་ནས། 2012ལོར་འོད་ཤུགས་པང་ལེབ་གྲལ་སྒྲིག་ནས་ཐང་རྒོད་དེར་རྩ་བ་ཚུགས། དོན་དེ་ནི་ཐང་རྒོད་དུ་འོད་ཤུགས་སྐྲུན་པའི་རྒྱུན་ལྡན་ལས་དོན་ཞིག་ཡིན་ཡང་བསམ་ཡུལ་ལས་འདས་པའི་ངོ་མཚར་དོན་བྱུང་བ་ནི། འོད་ཤུགས་པང་ལེབ་འོག་ལུག་འཚོས་པས“ཕྱུགས་འཚོ་བ་དང་འོད་ཤུགས་ཕན་ཚུན་ཁ་གསབ”ཐོན་ལས་མཐུན་སྦྱོར་གྱི་དཔེ་དབྱིབས་གསར་པ་སྐྲུན། མདོ་དབུས་མཐོ་སྒང་གི་གསར་སྐྲུན་ལག་ལེན་དེས་སྔོན་ཆད་ཀྱི་ཐང་རྒོད“གསེར་ཐང”དུ་བསྒྱུར།

མི་རྣམས་ཐབས་ཟད་པའི་སྐབས་སུ་འབྲོག་མི་ཞིག་གིས་གོ་སྐབས་བསྐྲུན། ཁོ་རྩྭ་འབྲེག་རོགས་ཡོང་དུས་ཞོར་དུ་རང་ཚང་གི་ལུག་ཁྱུ་གནས་དེར་དེད་ཡོང་། ལས་ཀ་ཚར་རྗེས་ལུག་ཁྱུས་རྩྭ་ལྡུམ་ཟས་ཚར་བ་དང་མིས་བྲེག་པ་ལས་གཙང་བ་མཐོང་། རྣམ་པ་དེས་མི་ཚང་མར་མི་ཡིས་རྩྭ་ལྡུམ་འབྲེག་པ་ལས་ལུག་ལ་ཟ་རུ་བཅུག་ན་ལེགས་པར་སྙམ། དེ་བས2015ལོར་གླིང་ཁུལ་རིན་མེད་སྒོས་ལུག་འཚོ་རུ་བཅུག་པ་དང་། འོད་ཤུགས་པང་ལེབ་འོག་རྒྱུ་བའི་ལུག་ཁྱུ་ལ་མིང་གསར་པ་སྟེ“འོད་ནུས་ལུག”ཅེས་ཐོགས།

ལོ་འགའི་རིང་ལ་མཚོ་ལྷོ་ཁུལ་གྱིས་འོད་ནུས་གླིང་ཁུལ་དུ་འོད་ཤུགས་སྐྱེ་ཁམས་འབྲོག་ར32དང་ཐུན་མོང་གི་ཕྱུགས་འཚོ་ས56སྐྲུན་པས། བཏུལ་ཐང་ཞོལ་མའི་འོད་ཤུགས་ལུག600ནས་ཁྲི2ལྷག་ཏུ་འཕར།
“རླུང་གཡུག་ན་རྡོ་ཡང་འཕུར་བ”ནས“རྩྭ་ཆུ་འཛོམས་པས་ལུག་གི་འཕེལ་ཁ་རྒྱས་པའི”བར། བཏུལ་ཐང་ཞོལ་མའི“འོད་ནུས+སྐྱེ་ཁམས+འབྲོག་ལས”དཔེ་དབྱིབས་ཀྱིས་ས་ཆ་མང་པོའི་འཕེལ་རྒྱས་ལ་བགྲོད་ལམ་གསར་པ་བསྐྲུན་པ་དང་། ཐང་རྒོད་ཅན་བཅོས་སྐྱོང་དང་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཐད་ཀྱི་གནད་དོན་སེལ།

མཐོ་སྒང་གི་འཁྱག་རིགས་སྔོ་ཚལ་ནང་ལོགས་སུ་བསྐྱལ་པ།
ལོའི་ཆ་སྙོམས་དྲོད་ཚད5℃མེད་པའི་མདོ་དབུས་མཐོ་སྒང་དུ་ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཆེ་ལ་ཉི་འོད་འཕྲོས་པ་འདང་བ། ནད་འབུའི་གནོད་འབུ་ཉུང་བའི་རང་བྱུང་ལེགས་ཆར་བརྟེན་ནས། 2024ལོར་ཐོན་སྐྱེད་བྱས་པའི་ཏུན་ཁྲི70རིང་གི་སྤུས་ཚད་མཐོ་བའི་འཁྱགས་རིགས་སྔོ་ཚལ་ནང་ལོགས་ཀྱི་གསོལ་ལྕོག་སྟེང་སྐྱེལ།
ཟི་ལིང་ཧོང་ཀྲུང་ཁུལ་དུ་འཁྱགས་རིགས་སྔོ་ཚལ་ཞིང་ལས་དཔལ་འབྱོར་འཕར་ཚུགས་གསར་བ་དང་གྲོང་གསེབ་དར་སྤེལ་གྱི“ཕྱུག་འགྱུར་གསང་ཡིག”ཏུ་གྱུར། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་འཁྱགས་རིགས་སྔོ་ཚལ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་སྣེ་ཁྲིད་ཁུལ་གཏོད་པར་རོགས་རམ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འདོན་འགན་འཁྲི་ཁུར་ཡོད།

ཚན་རྩལ་གྱིས་འཁྱག་རིགས་སྔོ་ཚལ་ལ“གསར་པའི”སྒུལ་ཤུགས་བསྩལ། ས་བོན་བདམས་གསོ་ནས་ཞིང་ཁའི་དོ་དམ་ཏེ་དུམ་ཚན་རེ་རེ་ལེགས་ཐོག་ལེགས་འཚོལ་བྱས་པས། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་དྲི་ཞིམ་ལྡན་པ་མ་ཟད། “མཐོ་སྒང་གི་ཟོང་རྟགས”ཀྱི་སྔོ་ཚལ་རྒྱུན་མཐུད་ངང་མཐོ་རིམ་ཁྲོམ་རའི་འགྲན་རྩོད་ནུས་བ་ཟིན། ས་གནས་དཔལ་འབྱོར་གསོན་ཤུགས་གསར་བ་བསྣན་པ་རེད།

མཉམ་ལས་ཁང་ནས་ཞིང་ལས་ཁེ་ལས་བར་ཧོང་ཀྲུང་འཁྱགས་རིགས་སྔོ་ཚལ་སྣ་མང་གཙོ་གཞི་ཞུགས་པ་དང་ས་བོན་རིགས་མང་མཐུན་སྦྱོར་འཕེལ་རྒྱས་ཐོན་ལས་རྣམ་པ་གྲུབ་པས། ཕྱོགས་གཅིག་ནས་ཞིང་ཁ་དང་ཕྱོགས་གཅིག་ནས་ནང་ལོགས་ཀྱི་གསོལ་ལྕོག་དང་སྦྲེལ་བས་ལས་ཞུགས་བརྟན་བརླིང་དང་འབབ་འཕར་ཡོང་བའི་འདེགས་སྐྱོར་གཙོ་བོར་གྱུར།

ཞིང་ཁ་ནས་སྔོ་ཚལ་བཏོག་པ་དང་ཐོན་སྐྱེད་རྗེས་ཀྱི་ཐག་གཅོད། རིགས་དབྱེ། བཀྲུས་པ། རིམ་བཀར་ཐུམ་སྒྲིག་སོགས་ནས་ཚོད་འཛིན་ནན་མོ་བྱས་ནས། མཐོ་སྒང་གི་སྔོ་ཚལ“ཕྱིར་སྐྱོད་པའི”བར་ཐག་ཇེ་རིང་ནས་ཇེ་རིང་ཡིན། ཁྲོམ་ར་ཇེ་ཆེ་ནས་ཇེ་ཆེ་ཕྱིན་པས་མཐོ་སྒང་གི་འཁྱག་རིགས་སྔོ་ཚལ་ཟོང་རྟགས་སྐད་གྲགས་ཆོད་པར་གྱུར།
