ཟླ12པའི་ཚེས16ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པ་དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་དང་པོ་འཚོགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཝང་ལི་མིང་གྲོས་ཚོགས་ལ་ཞུགས་པ་དང་གཏམ་བཤད། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་འགོ་འཛིན་བྱས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་གྲོས་ཚོགས་གལ་ཆེན་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མགོ་རྩོམ་པའི་གནད་འགག་དུས་སྐབས་སུ་བསྡུ་བའི་ཚོགས་འདུ་གལ་ཆེན་ཡིན་ལ། ལས་འགན་དམིགས་བསལ་ཡིན་པ་དང་འགན་འཁྲི་ལྷག་པར་ལྗིད་པས། གྲ་སྒྲིག་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་བསམ་སྦྱོར་གཉིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་ལ། ཚོགས་ཆེན་རྩ་འཛུགས་ཡག་པོ་དང་འགན་སྲུང་ལེགས་པོ། ཞབས་ཞུ་བཟང་པོ་བྱེད་དགོས། ཞིང་ཆེན་ཏང་ཨུའི་གཅིག་གྱུར་འགོ་ཁྲིད་འོག རྩ་འཛུགས་མ་ལག་ནན་མོ་བཙུགས་ནས་བྱ་བའི་འགན་འཁྲི་གསལ་བོ་བྱེད་པ་དང་བྱེད་ཐབས་ལེགས་སྒྱུར་བྱེད་པ། མཐུན་སྦྱོར་གཞོགས་འདེགས་ཤུགས་དྲག་ཏུ་གཏོང་བ་བཅས་བྱས་ནས་ལས་རིམ་ཁག་གི་བྱ་བ་སྤུས་ལེགས་སྒོས་དུས་ལྟར་འགྲུབ་པར་ཁག་ཐེག་བྱེད་དགོས། རང་འགུལ་ངང་འགན་སྒྲུབ་འགན་སྟར་བྱེད་པ་དང་ལྟ་སྐུལ་ཞིབ་བཤེར་ཤུགས་དྲག་ཏུ་གཏོང་བ། གྲ་སྒྲིག་བྱ་བའི་གནད་འགག་གི་དུས་ཚོད་དམ་འཛིན་བྱས་ནས་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱེད་དགོས། ལུགས་སྲོལ་དང་སྒྲིག་ལམ་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་གྲ་སྒྲིག་ཚན་ཆུང་གི་གཅིག་གྱུར་བཀོད་སྒྲིག་དང་བཀོད་གཏོང་བརྩི་སྲུང་ནན་མོ་བྱས་ནས་བཀའ་རྒྱ་རེ་རེ་བཞིན་གེགས་མེད་དང་ཕན་ནུས་མཐོ་བའི་ངང་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས།
ཚོགས་འདུ་ལས་ལོ་གསར་རྙིང་གི་འབྲེལ་མཚམས་སུ་ལས་ཁུངས་སོ་སོའི་བྱ་བར་དཀའ་ཚགས་ཆེ་ལ་ལས་འགན་ལྗིད་པས་གྲ་སྒྲིག་བྱ་བའི་ལས་ཁུངས་ཀྱི་ཚན་ཆུང་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་བྱ་བར་ཁག་ཁུར་ཡོད་པ་དང་གཟབ་ནན་ནུས་ལྡན་གྱི་རྣམ་འགྱུར་བཟུང་ནས་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་ཁག་ལེགས་པར་འགྲུབ་པར་ནུས་ཤུགས་ཡོད་ཚད་འདོན་དགོས་ཞེས་བསྟན།