ལུའོ་ཏུང་ཁྲོན་གྱིས་སྲིད་དོན་ཞབས་ཞུ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས16ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།    ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་སྲིད་དོན་ཞབས་ཞུ་སོགས་བྱ་བར་རྟོག་ཞིབ་བྱེད་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ།   ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་ལྟར་དམངས་འཚོ་གཙོར་འཛིན་པ་རྒྱུན་འཁྱོངས་དང་མགྱོགས་མྱུར་སྒོས་གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་བྱེད་པ།    མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་པ་བཅས་བྱས་ཏེ་སྡོད་དམངས་དང་ཁེ་ལས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཏུང་ཁྲོན་སྔ་གཞུག་ཏུ་མཁར་བྱང་ཆུས་སྲིད་དོན་ཞབས་ཞུ་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར12345སྲིད་དོན་ཞབས་ཞུའི་དམངས་ལ་སྟབས་བདེ་བསྐྲུན་པའི་ཁ་པར་སྣེ་ལེན་ཚོམས་ཆེན་དུ་སོང་སྟེ་ཡུལ་དངོས་ནས་ནུས་ཡོད་སྒོས་དོན་དག་གཅིག་བཟང་བོར་སྒྲུབ་པ་དང་སྐུད་ལམ་ནས་ཞུ་གཏུགས་ལས་དོན་སྒྲུབ་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།   ཁོས་ཁེ་ལས་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་སྲིད་དོན་ཞབས་ཞུའི་ལས་དོན་གཅིག་བསྡུས་བྱས་ཏེ་བཅོས་སྒྱུར་སྣེ་ཁྲིད་དང་གྲངས་རིག་གིས་བྱེད་ནུས་སྩོལ་བའི་མཉམ་འབྲེལ་ལ་དོ་ཁུར་བྱེད་པ་དང་།    རིགས་བགར་ཇུས་བསྟར་དང་གནད་ཕིགས་ཐག་གཅོད་ཀྱི་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།   གཞི་གྲངས་མཉམ་སྤྱོད་དང་ལས་རིམ་ལེགས་སྒྱུར་ལ་སྐུལ་འདེད་ནན་མོ་གཏོང་བ།    གཞི་གྲངས་ཆ་འཕྲིན་ཐེངས་གཅིག་ལ་འཚོལ་སྡུད་བྱས་ནས་ཕྱོགས་མང་མཉམ་སྤྱོད་ནུས་ཡོད་སྒོས་མངོན་འགྱུར་བྱེད་པ།    ལས་སྒྲུབ་ཀྱི་མ་རྩ་ཇེ་དམར་གཏོང་བ་དང་ཞབས་ཞུའི་ཕན་འབྲས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་གཞི་གྲངས་ཀྱིས་ཕན་ནུས་ཆེན་པོ་ཐོན་པར་བྱེད་པ་དང་ཁེ་ལས་ཀྱི་ལས་སྒྲུབ་གོ་རིམ་སྟབས་བདེ་རུ་གཏོང་དགོས།   12345སྐུད་ལམ་གྲངས་རིག་ཅན་གྱི་ཚུལ་སྒྱུར་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་།    མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་གསར་སྤེལ་དང་ནང་འདྲེན་བྱེད་པ།   སྐུད་ལམ་ཞབས་ཞུའི་ཕན་འབྲས་ཤུགས་ཆེན་པོས་མཐོར་འདེགས་གཏོང་བ།    མང་ཚོགས་ཀྱི་ཡིད་ཚིམས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་སྲིད་དོན་ཞབས་ཞུའི་སྐུད་ལམ་དེ་སྲིད་གཞུང་དང་མང་ཚོགས།  ཁེ་ལས་བཅས་བར་གྱི་སྔར་ལས་ཕན་ནུས་ཆེ་བ་དང་སྟབས་བདེ་ཡིན་པ།    ཐག་ཉེ་བའི་འབྲེལ་ཟམ་ལེགས་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཟི་ལིང་གྲོང་ཁྱེར་གྲོང་ཁྱེར་འཁོར་སྐྱོད་དོ་དམ་བཀོད་འདོམས་ལྟེ་གནས་སུ།    ལུའོ་ཏུང་ཁྲོན་གྱིས་གྲོང་ཁྱེར་དོ་དམ་དང་འཕྲལ་བསྟུན་བཀོད་འདོམས།    རོགས་སྐྱོར་ཇུས་ཆོད་སོགས་ངོ་སྤྲོད་བྱས་པར་ཉན་རྗེས།    རིག་སྟོབས་གྲོང་ཁྱེར་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ཏེ་གཞི་གྲངས་ཐོན་ཁུངས་རྒྱུ་རྐྱེན་སྔར་ལས་གཅིག་བསྡུས་དང་གཞི་གྲངས་རྨང་གཞིའི་སྒྲིག་ཆས་སྲ་བརྟན་དུ་གཏོང་བ།   རིག་སྟོབས་བཀོད་སྤྱོད་ཁྱབ་རྒྱ་ཆེ་རུ་གཏོང་བ།   གྲོང་ཁྱེར་དོ་དམ་གྱི་ཞིབ་ཚགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་བཅས་བྱས་ནས་གསར་གཏོད་དང་བདེ་སྡོད།   མཛེས་སྡུག    རྒྱུན་སྲིང་།   དཔལ་ཡོན།  རིག་སྟོབས་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་སྲིད་གཞུང་སྲིད་དོན་ཞབས་ཞུའི་ཚོགས་ཆེན་དང་ཞིང་ཆེན་སྤྱི་བའི་ཐོན་ཁུངས་བརྗེ་རེས་ལྟེ་གནས་སུ་སོང་ནས་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་འོས་སྐུལ་འོས་འགུག་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་མ་ལག་ལྡན་པའི་སྒོ་ནས་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།   ཁོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་འགན་འཁྲི་ནན་དཀྲི་བྱེད་པ།  མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས་འདྲ་མཉམ་དྲང་གཞག་དང་ཚད་ལྡན་ནུས་མཐོ།    ཕྱི་གསལ་ནང་གསལ་གྱི་འོས་སྐུལ་འོས་འགུག་གི་ཁྲོམ་རའི་ཁོར་ཡུག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་བྱེད་སྐབས།    ལུའོ་ཏུང་ཁྲོན་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་ཙུང་ཀྲེ་གྲོང་རྡལ་ཞིན་ཀྲོང་སྡེ་བར་སོང་སྟེ་ཡུལ་དངོས་ནས2025ལོའི་དམངས་འཚོ་བཟོ་སྐྲུན་དངོས་ཀྱི་དངོས་འབེབས་དོན་འཁྱོལ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་།    ཁྱིམ་ཚང་དུ་སོང་ནས་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལས་གཞིའི་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད།    ད་ལོའི་དམངས་འཚོའི་བཟོ་སྐྲུན་དངོས་ཀྱི་ལག་བསྟར་ཕན་འབྲས་ལ་གདེང་འཇོག་དང་སང་ལོའི་ལས་གཞི་བསྡུ་ལེན་བྱ་བར་གཅིག་གྱུར་འཆར་འགོད་བཟང་བོ་བྱེད་པ་དང་།  ཡུལ་བབ་དང་བསྟུན་ཞིང་སྡེ་བར་དམིགས་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་གྲོང་ཁྱེར་མཐར་འཁོར་གྱི་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་དྲོ་བར་བྱེད་པ།  དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་སྒྲུབ་ནས་མང་ཚོགས་ཡིད་ཚིམས་པར་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།