ཀྲའོ་ལེ་ཅི་ཡིས་མགོ་འཛིན་གནང་སྟེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ང་དྲུག་པ་བསྡུས་ཤིང་།
ཚོགས་ཐོག་ཏུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་
ཟླ12པའི་ཚེས22ཉིན་ནས་ཚེས27ཉིན་བར་པེ་ཅིན་དུ་འཚོག་རྒྱུའི་གཏན་ཁེལ་བྱས།
རང་རེའི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས56པ་ཚེས15ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། གྲོས་ཚོགས་ལས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཟླ12པའི་ཚེས22ཉིན་ནས་ཚེས27ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་ཁེལ་བྱས།
ཨུ་ཡོན་ཀྲང་གྲོས་ཚོགས་ལས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་སྤེལ་བཅའ་ཁྲིམས་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན། ཉ་ལས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་བཅའ་ཁྲིམས་འཆར་ཟིན། དམངས་སྤྱོད་མཁའ་འགྲུལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། ཕྱི་ཕྱོགས་ཉོ་ཚོང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་ཞིབ་དང་། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་རྒྱལ་དབང་རྒྱུ་ནོར་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་རེ་ཞུའི་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་དང་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་སློབ་གསོའི་ཞབས་ཞུའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱེད་རྒྱུའི་རེ་ཞུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ལྷོ་སྣེའི་བྱེད་སྒོ་དང་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་རེ་ཞུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཁང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བཅས་བྱེད་པའི་རེ་ཞུའི་སྐོར་གྱི་གྲོས་གཞི་དང་། ཚོང་རྟགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་རེ་ཞུའི་སྐོར་གྱི་གྲོས་གཞི་ལགྲོས་ཞིབ། ་བྱ་རྒྱུ། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་གྱི་འགྲེལ་བཤད་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་རེ་ཞུའི་སྐོར་གྱི་གྲོས་གཞི་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་ཚོགས་ཆེན་ཐེངས་བཞི་པ་བསྡུ་བའི་གཏན་ཁེལ་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་རེ་ཞུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱ་དགོས་པའི་་གྲོས་མགོ་བཏོན།
ཨུ་ཡོན་ཀྲང་གྲོས་ཚོགས་ཐོག་བཏོན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་གྲོས་རིམ་ནང་དུ། ད་དུང2024ལོའི་ལོ་ཧྲིལ་བོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གི་རྩིས་བཤེར་གཞན་དག་ལས་རྩད་ཆོད་པའི་གནད་དོན་དག་ཐེར་ཡོ་བསྲང་བྱས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ། ནོར་སྲིད་མཐོ་རིམ་སློབ་གསོའི་མ་དངུལ་བགོ་བཤའ་དང་བེད་སྤྱོད་བྱས་ཚུལ་སྐོར་གྱི་སྙན་ཞུ། ཚན་རྩལ་གྲུབ་འབྲས་དངོས་སྒྱུར་བྱ་བར་སྐུལ་འདེད་གཏོང་བའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ། སྐབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ། ནུས་ཁུངས་གྲོན་ཆུང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་བའི་སྐོར་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གི་སྙན་ཞུ། རེས་འཁོར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་བའི་སྐོར་གྱི་སྙན་ཞུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མི་རིགས་ལས་དོན་ཨུ་ལྷན་དང་། རྩ་ཁྲིམས་བཅའ་ཁྲིམས་ཨུ་ལྷན། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན། ཕྱི་འབྲེལ་ལས་དོན་ཨུ་ལྷན། ཞིང་ལས་གྲོང་གསེབ་ཨུ་ལྷན་བཅས་ཀྱིས་ཁག་སོ་སོར་བཏོན་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱེད་རྒྱུར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིའི་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་ཐག་གཅོད་བྱས་པའི་གནས་ཚུལ་སྐོར་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་པ་དང་། 2025ལོའི་གྱོད་དོན་ཐོ་འགོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་། 2025ལོའི་ནོར་སྲིད་སྔོན་རྩིས་དོན་ཚན་ཐོ་འགོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ། བཅའ་ཁྲིམས་གཙང་བཤེར་ལས་དོན་སྤེལ་ཚུལ་དང་ཐག་གཅོད་བསམ་འཆར་སྐོར་གྱི་བཅའ་ཁྲིམས་ལས་དོན་ཨུ་ལྷན་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ནེའུ་ཙི་ལན་དང་ཨོ་སི་ཁྲུ་ལི་ཡར་འཚམས་འདྲིར་ཕེབས་པའི་གནས་ཚུལ་གྱི་ཡིག་ཐོག་སྙན་ཞུ་དང་། འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ཞིབ་བཤེར་དང་ཆོག་མཆན་འགོད་པའི་སྐོར་གྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲོས་གཞི། དེ་མིན་ད་དུང་བསྐོ་འཐེན་སྐོར་གྱི་གྲོས་གཞི་སོགས་འདུ།
ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་སོགས་སྙན་སེང་ཞུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ལས་དོན་ཨུ་ལྷན་གྱི་འགན་འཁུར་བས་འབྲེལ་ཡོད་གྲོས་དོན་སོགས་སྙན་སེང་ཞུས།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་ཞའོ་ཅེ། ཀྲིན་ཅན་པང་། ཚའེ་ཏ་ཧྥིན། ཧོ་ཝེ། ཝུའུ་ཝེ་ཧྭ། ཐའེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐི་ཀྲ་ཁི་ཨེར་བཅས་གྲོས་ཚོགས་ལ་ཞུགས། །