མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་གཙོ་སྐྱོང་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་སྐྱེད)ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཟླ12པའི་ཚེས8ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ། ཟླ12པའི་ཚེས3ཉིན་གྱི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་བསམ་འཆར་ལག་ལེན་མཐར་ཕྱིར་བྱེད་པར་ཞིབ་འཇུག་བྱས།
ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་མིག་སྔའི་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་བྱས་ཏེ་སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་། གཙོ་གནད་དམིགས་ཚད། སྲིད་ཇུས་ཀྱི་ཁ་ཕྱོགས་དང་གཙོ་གནད་ལས་འགན་བཅས་ཁ་གསལ་བཟོས་ནས་ཏང་གིས་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱུར་བླང་བྱ་གལ་ཆེན་བཏོན་ཡོད་པར་ཆབ་སྲིད་རང་བཞིན་དང་། བསམ་བློ་རང་བཞིན། ཁ་གཏད་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ལྡན་པས་མིག་སྔའི་དཔལ་འབྱོར་བྱ་བ་ལེགས་པར་བསྒྲུབས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་པར་འགན་སྲུང་བྱེད་ཆེད་གལ་ཆེའི་གཞི་འཛིན་ས་གསར་པ་འདོན་སྤྲོད་བྱས་ཡོད་ཅེས་བསྟན།
ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་གོང་འོག་གིས་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། མགྱོགས་མྱུར་ངང་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ཀྲུང་གོའི་དཔལ་འབྱོར་ལ་སྣེ་ཁྲིད་དེ་གནོན་ཤུགས་ཆེན་པོས་མདུན་དུ་སྐྱོདདེ། གསར་པའི་ཕྱོགས་སུ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་ན། དེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་བརྟེན་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་ལ་གཏིང་ཟབ་ཏུ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་དགོས། གནས་བབ་གསར་པའི་འོག་དཔལ་འབྱོར་བྱ་བ་ལེགས་པར་སྒྲུབ་པའི“ངེས་པར་དུ་ལྔའི”ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་དང་སྤུས་ཚད་ཕན་འབྲས་ཇེ་ལེགས་སུ་གཏོང་རྒྱུར་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཡང་དག་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྔར་ལས་ཧུར་བརྩོན་དང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་འཛུགས་དགོས་པ་ཞེས་བསྟན།
ཚོགས་འདུའི་སྟེང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་བླང་བྱར་དམིགས་གཏད་དཔེ་བསྡུར་བྱས་ནས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ2026ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཆར་འགོད་ཡག་པོ་བྱ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་གནས་བབ་མཚོན་པར་བྱེད་པ་དང་། ཧུར་བརྩོན་དང་ཕན་ནུས་ལྡན་པའི་འགན་འཁུར་དང་བྱ་སྤྱོད་མཚོན་པར་བྱེད་པ། གོང་འཕེལ་གྱི་རྣམ་པ་དང་སྤུས་ཚད་ཇེ་མཐོར་གཏོང་བ་མཚོན་པར་བྱེད་པ་བཅས་ལ་མཐོང་ཆེན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟེང་སེམས་ཤུགས་གཅིག་ཏུ་བསྡུས་ནས། སྤྱི་ཚོགས་ཀྱི་སྔོན་དཔག་དང་དཔལ་འབྱོར་འཁོར་སྐྱོད་གེགས་མེད་ཡོང་བར་སྣེ་ཁྲིད་བྱས་ནས། མང་ཚོགས་དང་ཁེ་ལས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་དགོས།“རྒྱུན་འཁྱོངས་བརྒྱད”ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ཡག་པོ་བྱས་ཏེ། དངུལ་གཏོང་གི་ཕན་ནུས་རྒྱ་བསྐྱེད་པ་དང་འཛད་སྤྱོད་རྒྱ་ཆེར་གཏོང་བའི་སྲིད་ཇུས་གསར་པ་བཀོལ་སྤྱོད་ལེགས་པོ་བྱས་ནས། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་གཏོང་དགོས། མི་ཐབས་རིག་ནུས་དེ་འགག་རྩའི་འགྱུར་ཚད་དུ་དམ་འཛིན་བྱས་ནས། གློག་རྩིས་མཉམ་འདྲེས་དང་ཚྭ་མཚོའི་ཐོན་ལས། གནམ་རིག་ལྟ་འཇལ་སོགས་ཀྱི་ཁྱབ་ཁོངས་སུ་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་བསྐྲུན་དགོས། བཅོས་སྒྱུར་གྱི་བྱེད་ཐབས་སྤྱད་དེ་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་འགོག་རྐྱེན་མེད་པར་བཟོ་བ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས། “གནས་བརྒལ་དཔལ་འབྱོར”སོགས་མཉམ་ལས་བྱེད་སྟངས་གསར་པ་བཙལ་ཏེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་ཏུ་བསྡུ་བ་དང་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས། རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཁར་གྲོང་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས། “ཐཱན་གཉིས”ལ་བརྟེན་ནས་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པར་སྣེ་ཁྲིད་བྱས་ཏེ། རང་ཞིང་གི་ལྗང་མདོག་གློག་ཤུགས་ཀྱི་ཁྱད་སྟོབས་མགྱོགས་མྱུར་ངང་ཐོན་ལས་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་དང་ཡིད་དབང་འགུག་ནུས་སུ་བསྒྱུར་དགོས། སྔར་ལས་ལྷག་པའི་སྒོ་ནས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། ཧུར་ཐག་གིས་མི་དམངས་མང་ཚོགས་ལ་དོན་དངོས་མང་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་བུན་སེལ་སྲིད་ཇུས་རབ་དང་རིམ་པ་བེད་སྤྱོད་གང་ལེགས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ཧུར་ཐག་གིས་སེལ་དགོས།
ཚོགས་འདུའི་སྟེང་ཏང་གིས་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་ལ་ཤུགས་བསྣན་ཏེ། ཏང་ཡོན་ལས་བྱེད་པས་བཀའ་དྲིན་ཤེས་པ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་པ་བརྟན་པོ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་བཟང་པོ་དང་འབད་བརྩོན་ཆེར་སྐྱེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་སྒོས་དངོས་ཡོད་བྱ་བའི་ཁྲོད་འབྲས་བུ་སྔར་ལས་ལེགས་པོ་བརྩོན་ལེན་བྱས་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་སྔར་ལས་ཆེ་བའི་གྲུབ་འབྲས་གསར་པ་ལེན་དགོས་པའི་བླང་བྱ་བཏོན།