ཁྱུང་པོ་བསོད་ནམས་སྟོབས་རྒྱལ་གྱི《ནང་ཆེན་རྒྱལ་རབས་སྤྱི་བཤད》ཅེས་པ་རྒྱ་བོད་ཡིག་རིགས་གཉིས་ཀའི་ལམ་ནས་པར་དུ་བསྐྲུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ས་གནས་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ས་གནས་ལོ་རྒྱུས་ཀྱི་འཕེལ་རིམ་དང་གོད་ཆགས་བྱུང་བའི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་རྒྱུ་ནི་ས་གནས་དེར་འཚོ་བའི་པིར་ཐོགས་པ་དག་གི་ཕྲག་ཏུ་བཏེགས་པ་འོས་པའི་འགན་འཁྲི་ཞིག་ཡིན། ནང་ཆེན་རྒྱལ་པོའི་ལོ་རྒྱུས་ནི་ས་སྐྱའི་དུས་རབས་ནས་དབུ་ཚུགས་ཤིང་། ད་ལྟའི་བར་རྒྱུན་མ་ཆད་པའི་ས་གནས་ཀྱི་ལོ་རྒྱུས་རིང་ཤོས་ཤིག་ཡིན་ལ། ཡུལ་ཤུལ་ལོ་རྒྱུས་ཀྱི་ཡང་སྙིང་ལྟ་བུར་ཆགས་ཡོད། ཁྱུང་པོ་བསོད་ནམས་སྟོབས་རྒྱལ་གྱིས་ལོ་དུ་མའི་རིང་འབད་པས་བྲིས་གནང་བའི་ནང་ཆེན་རྒྱལ་རབས་དང་འབྲེལ་བའི་ལོ་རྒྱུས་ཆེད་རྩོམ་རྒྱ་བོད་དེབ་གཉིས་ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས།

མིག་སྔར་ནང་ཆེན་གྱི་ལོ་རྒྱུས་དང་འབྲེལ་བའི་རྩོམ་ཡིག་མི་ཉུང་བ་ཞིག་ཀློག་པ་པོའི་མིག་གི་དགའ་སྟོན་དུ་རོལ་མྱོང་ཡང་། དེ་དག་ནི་ཡུལ་བྱེ་བྲག་དང་། ནང་དོན་བྱེ་བྲག་ལ་དམིགས་ཏེ་བྲིས་པ་ཡིན་པས་ནང་ཆེན་ལོ་རྒྱུས་བྱིངས་ལ་ཐད་ཀར་བྲིས་པའི་བརྩམས་ཆོས་ཉུང་། ནང་ཆེན་ལོ་རྒྱུས་སྤྱི་བཤདནི་ཁྱུང་པོ་བསོད་ནམས་སྟོབས་རྒྱལ་གྱི་འབུམ་རམས་གོང་མའི་དམ་བཅའ་མཐའ་དཔྱད་ཡིན་ལ། རྩོམ་པ་པོས་ཡུལ་དངོས་རྟོག་དཔྱོད་དང་། ཡིག་ཚང་ཞིབ་འཇུག ལོ་རྒྱུས་དཔྱད་ཞིབ་སོགས་ཀྱི་རིགས་ལམ་བཀོལ་ཏེ་ནང་ཆེན་ལོ་རྒྱུས་ལ་ཐད་ཀར་དམིགས་ཏེ་བྲིས་པའི་ས་གནས་ལོ་རྒྱུས་འཐུས་ཚང་ཤོས་ཤིག་ཡིན།

ནང་ཆེན་ནི་ལོ་རྒྱུས་རིང་ཞིང་། རིག་གནས་ཕུན་སུམ་ཚོགས་པའི་ཡུལ་གྲུ་ཞིག་ཡིན་ལ། ནང་ཆེན་རྒྱལ་རབས་སྤྱི་བཤདནི་ཡུལ་ཤུལ་ས་ཁུལ་གྱི་ཕྱི་སྣོད་ཀྱི་འཇིག་རྟེན། ཡུལ་ཤུལ་ས་ཁུལ་གྱི་གནའ་བོའི་རྗེས་ཤུལ་འཚོལ་སྙེག མདོ་ཁམས་ནང་ཆེན་གྱི་ཐོག་མའི་རྒྱལ་རབས་སྐབས། མདོ་ཁམས་ནང་ཆེན་གྱི་བར་མའི་རྒྱལ་རབས་སྐབས། མདོ་ཁམས་ནང་ཆེན་གྱི་མཐའ་མའི་རྒྱལ་རབས་སྐབས། ནང་ཆེན་རྒྱལ་རབས་ལས་བཀའ་ཡི་བློན་ཆེན་རྣམས་ཀྱི་བྱུང་བ་མདོར་བསྡུས་བཅས་ལེའུ་དྲུག་གིས་གྲུབ་ཅིང་། དེ་ནི་ཡུལ་ཤུལ་ནང་ཆེན་རྒྱལ་རབས་བྱུང་འཕེལ་གྱི་ལོ་རྒྱུས་མ་ལག་ཆ་ཚང་ཞིང་། རྒྱས་པར་བཏབ་པའི་ཆེད་རྩོམ་ཞིག་ཡིན་ལ། རྩོམ་པ་པོས་ཞིབ་ཅིང་ཁུངས་འཕེར་བའི་དཔྱད་གཞིའི་ཡིག་ཆར་གཞི་བཅོལ་ཏེ། དབྱེ་ཞིབ་ཕྲ་མོའི་སྒོ་ནས་ཞིབ་འཇུག་བྱས་པས། ཡུལ་ཤུལ་ནང་ཆེན་རྒྱལ་རབས་ལོ་རྒྱུས་ཀྱི་ཆ་ནས། ཆེས་རིན་ཐང་མངའ་བའི་བརྩམས་ཆོས་ཀྱི་གྲས་ཤིག་ཡིན། 

སོད་ནམས་སྟོབས་རྒྱལ། འབུམ་རམས་འཕར་མ། མཚོ་སྔོན་ཞིང་ཆེན་ཁུ་ནུ་འཇོན་མི་མཐོ་རིམ་ཤེས་ཡོན་པ་ཡིན། མིག་སྔར་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷགཀྲུང་གོའི་བོད་རིག་པ》《བོད་ལྗོངས་ཞིབ་འཇུགསོགས་སུ་སྤེལ།བརྩམས་ཆོས་ལ་ཆེད་རྩོམ2དང་སྒྲིག་རྩོམ2བསྒྱུར་རྩོམ1སྙན་དེབ3བཅས་པར་དུ་བསྐྲུན། རྒྱལ་ཁབ་རིམ་པའི་རྣམ་གྲངས2དང་ཞིང་ཆེན་རིམ་པའི་རྣམ་གྲངས2བཅས་ལ་མཉམ་ཞུགས་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།