ཨ་ཆེན་གངས་རྒྱབ་སྲུང་ཕྱིར་ལོ་ངོ18རིང་ལ་ལས་གནས་བརྟན་སྲུང་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། ནོར་བུ་དོན་གྲུབ་ཐོག་དང་པོར་པེ་ཅིང་དུ་བསྐྱོད་དེ“སྔོ་ཞིང་དྭངས་བའི་རི་ཆུ་སྲུང་མཁན”ཞེས་པའི་རྒྱལ་ཡོངས་ཀྱི་སྣོད་བཅུད་ནགས་སྲུང་བའི་བྱ་དགའི་རྟགས་མ་ལག་ཏུ་འཛིན་སྐབས། ན་ཚོད32ལ་སོན་པའི་བོད་རིགས་ཕོ་རྒོད་ཀྱི་གདོང་ལ་ས་མཐོའི་ཉི་འོད་ལྟར་དགའ་སྤྲོའི་འཛུམ་མདངས་ཀྱིས་ཕྱུག་འདུག ལོ18རིང་གི་བརྟན་སྲུང་བརྒྱུད་རིམ་ཁྲོད་འཕྲད་པའི་ཁ་ཆར་བུ་ཡུག་དང་ཁེར་རྐྱང་གི་སུན་སྣང་ཐམས་ཅད་སྐབས་དེར“ཡོད་ཚད་རིན་ཐང་ལྡན”པར་གྱུར།

ནོར་བུ་དོན་གྲུབ་ཚང་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་མཚོ་བརྒྱ་མ་སྡེ་བར་ཡོད། དེ་ནི་གཙང་གསུམ་མགོ་ཁུངས་སྲུང་སྐྱོབ་ཁུལ་གྱི་ལྟེ་བ་ཡིན་ཞིང་། ཨ་ཆེན་གངས་རྒྱབ་ཀྱི་བར་ལ་མཚོ་བོད་གཞུང་ལམ་གྱིས་ཆོད་ཡོད། ཁོང་ཚང་གི་རྩྭ་ར་གཞུང་ལམ་བརྒྱུད་ནས་ཡོད་པས།ཕྱོགས་གཅིག་ནི་མི་རབས་ནས་མི་རབས་བར་ཕྱུགས་འཚོ་སའི་ཕ་ཡུལ་ཡིན་པ་དང་།ཕྱོགས་གཞན་ཞིག་ནི་གཙོད་སྐྱེ་འཕེལ་བྱེད་སའི་ཨ་ཆེན་གངས་རྒྱབ་རེད།

ནོར་བུ་དོན་གྲུབ་ཀྱིས་གཙོད་ཀྱི་སྐད་དང་ཕ་མེས་ཀྱི་ངག་ནས་བརྒྱུད་པའི་ཨ་ཆེན་གངས་རྒྱབ་སྐོར་ཞིབ་རུ་མིའི་གཏམ་རྒྱུད་ལ་ཉན་ནས་འཚར་ལོངས་བྱུང་།རྩྭ་ཐང་དུ་གཙོད་དང་འབྲོང་། རྐྱང་ཁྱུ་རྣམས་རི་སྒང་དུ་བག་ཡངས་ཀྱིས་རྒྱུ་བཞིན་ཡོད། རི་སྐྱེས་སྲོག་ཆགས་འདི་དག་ནི་ཁོའི་བྱིས་དུས་ཀྱི་གྲོགས་པོ་ཡིན། དྲན་པའི་ངོས་སུ། རི་སྐྱེས་སྲོག་ཆགས་དཀོན་པ་དང་། རྔོན་པས་ཁྲུང་ཁྲུང་ལ་འཇིགས་སྐྲག་བསྐྱེད་པའི་དུས་སྐབས་ཀྱང་བྱུང་མྱོང་། ཚེ་སྲོག་ཤོར་བའི་ཐོག་མའི་བག་ཆགས་དེ་དག་གིསནར་སོན་རྗེས་ང་རང་སྐོར་ཞིབ་རུ་མི་ཞིག་བྱས་ནས་ཕ་ཡུལ་གྱི་རི་ཆུ་སྲུང་སྐྱོབ་དང་། རྩྭ་ཐང་མཉམ་སྤྱོད་བྱེད་མཁན་གྱིགྲོགས་པོདེ་དག་ལ་སྲུང་སྐྱོབ་བྱེད་འདོད་ཡོདཅེས་ན་གཞོན་དེར་ཕུགས་བསམ་གྱི་ས་བོན་གཏོར། 

འབྲོག་ཁུལ་གྱི་ན་ཆུང་ཞིགརི་ཀླུང་གི་སྲུང་དམགཏུ་གྱུར་པ།

2007ལོར་དམའ་འབྲིང་མཐར་ཕྱིན་པའི་ནོར་བུ་དོན་གྲུབ་ཀྱིས་ད་དུང་ཕ་ཡུལ་དུ་ཕྱུགས་འཚོ་བཞིན་ཡོད། འཆར་ཅན་དུ་ཨ་ཆེན་གངས་རྒྱབ་ཐའོ་ཐའོ་གཙང་པོའི་སྲུང་སྐྱོབ་ས་ཚུགས་ཀྱིས་དང་བླངས་པ་བསྡུ་བཞིན་ཡོད་པ་ཐོས་སྐབས་སེམས་ནང་གི་ཕུགས་འདུན་དེ་གློ་བུར་དུ་སྤར། ཐེ་ཚོམ་སྤུ་ཙམ་མེད་པར་རྡོག་ཁྲེས་ཁུར་ནས་ནོར་བུ་དོན་གྲུབ་ཀྱིས་རྨི་ལམ་དུ་འཁོར་བའི་ཨ་ཆེན་གངས་རྒྱབ་ཕྱོགས་སུ་བསྐྱོད་དེ་ཐའོ་ཐའོ་གཙང་པོའི་སྲུང་སྐྱོབ་ས་ཚུགས་ཀྱི་དང་བླངས་པ་ཞིག་ཏུ་གྱུར།

སྲུང་སྐྱོབ་ས་ཚུགས་སུ་ཉིན་ལྟར་མི་གཉིས་གསུམ་ལས་མེད་པ་དང་། འཕྲིན་གཏོང་སྒྲིག་ཆས་མེད་པས་ཚང་མ་ཉི་ནུས་ལ་བརྟེན་དགོས། ཆུ་འཐུང་དགོས་ན་སྤྱི་ལེ་ཁ་ཤས་ཀྱི་མཚམས་ལ་འགྲོ་དགོསནོར་བུ་དོན་གྲུབ་ཀྱིས་དང་ཐོག་སྲུང་སྐྱོབ་ས་ཚུགས་སུ་སླེབས་སྐབས་ཀྱི་རྣམ་པ་ཕྱིར་དྲན་བྱེད་སྐབས་འཁང་ར་གཅིག་ཀྱང་མེད་ཅིང་།ཆུང་དུས་ནས་འབྲོག་ཁུལ་དུ་འཚར་ལོངས་བྱུང་སྟབས་ཁོང་དཀའ་སྡུག་ལ་སྐྲག་པའི་སྣང་བ་ཡེ་ནས་མེད།

ཚོད་བགམ་ངོ་མ་ནི་ཨ་ཆེན་གངས་རྒྱབ་ཀྱི་སྐོར་ཞིབ་རི་ལམ་རེད། མི་མེད་ལུང་སྟོང་དུ་ཐེངས་ཤིག་བསྐྱོད་སྐབས་ནོར་བུ་དོན་གྲུབ་ཀྱིས་སྐོར་ཞིབ་བྱེད་རྒྱུ་དེ་ཕྱུགས་འཚོ་བ་ལས་ཀྱང་དཀའ་བ་ཚོར། ཉེན་ཁ་ནི་མུན་ནག་གི་རྡོ་དང་འདྲ་བར་ལྡོག་སྣེ་འགོག་སྲིད་པ་གཞི་ནས་ཤེས་བྱུང་།འོན་ཀྱང་ཁོ་ཕྱིར་བཤོལ་མ་བྱས་པར་དེ་ལས་ལྡོག་སྟེ་བློ་བརྟན་འགྱུར་མེད་ཀྱིས་བསྡད་པ་རེད།

ཟླ་བ་ཁ་ཤས་རིང་དང་བླངས་ཞབས་ཞུ་མཇུག་སྒྲིལ་རྗེས་ནོར་བུ་དོན་གྲུབ་ཀྱིས་དེ་གར་སྡོད་རྒྱུའི་གདམ་ག་བྱས།2008ལོར། ཨ་ཆེན་གངས་རྒྱབ་ཀྱི་སྐོར་ཞིབ་རུ་མི་བསྡུ་སྐབས་ཁོ་རང་ལ་དཔྱད་ཞིབ་བྱས་མཐར་ཐའོ་ཐའོ་གཙང་པོའི་སྲུང་སྐྱོབ་ས་ཚུགས་ཀྱི་ཁོངས་མི་ཞིག་ཏུ་དངོས་སུ་གྱུར་པ་རེད།

ཐའོ་ཐའོ་གཙང་པོ་སྲུང་སྐྱོབ་ས་ཚུགས་ནི་ཨ་ཆེན་གངས་རྒྱབ་ཀྱི་ས་བབ་ཆེས་མཐོ་ཤོས་དང་གྲོང་ཁྱེར་དང་བར་ཐག་ཆེས་རིང་ཤོས་ཀྱི་སྲུང་སྐྱོབ་ས་ཚུགས་གྲས་ཀྱི་གཅིག་ཡིན་པ་དང་། ན་གོར་མོའི་བར་ལ་སྤྱི་ལེ360ལྷག་ཙམ་ཡོད་པ་དང་མཚོ་འཕགས་སྨི4800ཙམ་གྱི་མཚམས་སུ་ཡོད་པས་མཚོ་སྔོན་གྱིལྷོ་སྒོ་ཆེན་མོཞེས་འབོད་ཀྱི་ཡོད། དེ་གའི་ལམ་རྒྱུད་དུ་ད་དུང་འབྲོག་པ་གནས་སྡོད་བྱེད་བཞིན་ཡོད་པས་སྐོར་སྲུང་ལས་འགན་ཧ་ཅང་ལྕི། རྒྱུན་ལྡན་ལྟར་ན་ན་གོར་མོ་ནས་ཐའོ་ཐའོ་གཙང་པོའི་སྲུང་སྐྱོབ་ས་ཚུགས་བར་ཉིན་ཕྱེད་ཙམ་གྱིས་འགྲོ་དགོས་ཤིང་། གལ་སྲིད་རླངས་འཁོར་འགག་པའམ་ཡང་ན་གཞུང་ལམ་ཞིག་གསོ་བྱེད་པའི་སྐབས་ལ་ཏག་ཏག་ཉིན་གཅིག་གི་འགྲོ་ལམ་དགོས།

ཐའོ་ཐའོ་གཙང་པོའི་སྲུང་སྐྱོབ་ས་ཚུགས་ནས་ལོ་བརྒྱད་འགོར། ལོ་ངོ་བརྒྱད་ཀྱི་རིང་། ཐའོ་ཐའོ་གཙང་པོ་སྲུང་སྐྱོབ་ས་ཚུགས་ཀྱིས་འགན་འཁུར་བའི་སྤྱི་ལེ90ལྷག་ཙམ་གྱི་མཚོ་བོད་གཞུང་ལམ་ལམ་རྒྱུད་དུ་ནོར་བུ་དོན་གྲུབ་ཀྱི་རྐང་རྗེས་ཀྱིས་ཁེངས་ཡོད། ཁོང་གིས་ས་ཚུགས་དེ་གར་ཟླ་བ་གཉིས་ལྷག་ཙམ་གྱི་རིང་ལ་ལས་གནས་བརྟན་སྲུང་བྱས་ཤིང་། དེ་ནི་དུས་ཡུན་རིང་ཤོས་ཡིན་པས་ཁེར་རྐྱང་གི་ཚོར་བ་དྲག་པོ་དེ་ཁོའི་ལུས་སེམས་ཡོངས་ལ་ཁྱབ་མྱོང་ཡང་། འཁང་ར་གཏན་ནས་བྱེད་མ་མྱོང་།“2010ལོར་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས་སུ། ས་ཚུགས་ཀྱི་ལས་གྲོགས་མང་པོའི་ཁྱིམ་ཚང་ཡུལ་ཤུལ་དུ་ཡོད་པས།  ཕྱིར་ཕ་ཡུལ་དུ་བསྐྱོད་དེ་གེགས་སེལ་བྱ་བར་ཞུགས། ཤུལ་དུ་ང་གཅིག་པུས་བརྟན་སྲུང་བྱས་པ་ཡིནཞེས་སྐད་ཆ་སྟབས་བདེ་དེའི་རྒྱབ་ཏུ་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཡོད།

ཐའོ་ཐའོ་གཙང་པོ་ནས་མགོ་བརྩམས་ཏེ་ཁོའི་སྐོར་ཞིབ་སྲུང་སྐྱོབ་ལམ་བུ་དེ་ཨ་ཆེན་གངས་རྒྱབ་ཀྱི་ཕྱོགས་གང་སར་བསྲིངས།ལོ་བརྒྱད་ཀྱི་རྗེས་སུ་ཁོ་རང་ཆུ་ཁོལ་ཆུ་མིག་སྲུང་སྐྱོབ་ས་ཚུགས་སུ་སྤོས། ལོ་གཉིས་ལྷག་ཙམ་རིང་སྔ་རྗེས་སུ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚུགས་དང་ལམ་ལྔ་སྲུང་སྐྱོབ་ས་ཚུགས། དུས་ཚིགས་རང་བཞིན་གྱི་འབྲོང་གནས་མཚེའུ་སྲུང་སྐྱོབ་ས་ཚུགས་སུ་བཅའ་སྡོད་བྱས་མྱོང་། དུས་ཡུན་རིང་བ་ལོ་གསུམ་བཞི་དང་ཐུང་བ་ལོ་གཅིག་གཉིས་ཙམ་འགོར་རྗེས་ཁོང་སླར་ཡང་ཐའོ་ཐའོ་གཙང་པོའི་སྲུང་སྐྱོབ་ས་ཚུགས་སུ་ལོགགང་དུ་དགོས་མཁོ་ཡོད་ན་དེ་གར་འགྲོ་དགོས། ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་ཚེ་གང་དུ་ཡོད་ཀྱང་གཅིག་མཚུངས་ཡིནཞེས་བཤད།

གོམ་ཞེང་གིས་འཇལ་བའིཚེ་སྲོག་གི་བཀག་ཁུལ

ཨ་ཆེན་གངས་རྒྱབ་དུ་སྐོར་ཞིབ་བྱེད་ཐེངས་རེ་རེ་ནི་ཤི་གསོན་གྱི་ཚོད་བགམ་ཞིག་ཡིན་སྲིད།

2016ལོའི་ཟླ་བརྒྱད་པའི་རོགས་སྐྱོབ་དེ་ད་ལྟའང་ནོར་བུ་དོན་གྲུབ་ཀྱི་དྲན་པར་ཤར་འོང་།སྐོར་ཞིབ་རུ་ཁག་ཅིག་ཕྱིར་ལོག་པའི་ལམ་བར་དུ་ཨ་ཆེན་གངས་རྒྱབ་དུ་གློ་བུར་དུ་ཁངས་ཆེན་པོ་བབས་པ་དང་།དྲོད་ཚད་གློ་བུར་དུ་ཆག་པ།རླངས་འཁོར་ལ་ཆག་སྐྱོན་བྱུང་བའམ་འདམ་རྫབ་ནང་ལྷུང་བའི་རྐྱེན་གྱིས་རུ་མི་ཚོ་མི་མེད་ལུང་སྟོང་དུ་ལུས།

རོགས་སྐྱོབ་རུ་ཁག་དང་པོས་དངོས་ཟོག་འཁྱེར་ནས་སྔོན་ལ་མཉམ་འཛོམས་བྱེད་པར་བསྐྱོད་དེ་ཕྱིར་ལོག་སྐབས་སྔར་བཞིན་ཉེན་ཁར་འཕྲད། གནས་ཚུལ་ཚབས་ཆེན་ཡིན་པས་ནོར་བུ་དོན་གྲུབ་རང་འགུལ་ངང་རོགས་སྐྱོབ་རུ་ཁག་གཉིས་པའི་ནང་ཞུགས་པ་རེད།ཨ་ཆེན་གངས་རྒྱབ་དུ་སླེབས་ནས་ཡུན་རིང་མ་སོང་བར་བསྟུད་མར་ཁངས་བབས་པས་ང་ཚོའི་རླངས་འཁོར་ཡང་འདམ་རྫབ་ནང་ལྷུངསཞེས་ནོར་བུ་དོན་གྲུབ་ཀྱིས་ཕྱིར་དྲན་བྱེད་ཞོར། ཚང་མས་ལག་པས་འདམ་རྫབ་དུ་ལྷུང་བའི་རླངས་འཁོར་འདོན་གང་ཐུབ་བྱས། མཚན་གུང་ལ་སླེབས་རྗེས་མཐོང་ལམ་མག་མོག་ཏུ་གྱུར་པས་གཞི་ནས་མཚམས་མི་འཇོག་ཀ་མེད་བྱུང་ཟེར།

ནོར་བུ་དོན་གྲུབ་ཀྱིས་མུ་མཐུད་དུ། ནམ་མ་ལངས་གོང་ཁོང་ཚོ་མལ་ལས་ལངས་ནས་མུ་མཐུད་རླངས་འཁོར་འདོན་པར་ཕྱིན། སྟབས་ལེགས་པ་ཞིག་ལ་མཚན་མོའི་དྲོད་ཚད་དམའ་བས་ས་ངོས་འཁྱགས་པས་བསྡམས་པས་རླངས་འཁོར་ཕྱིར་འདོན་པར་མཐུན་རྐྱེན་བསྐྲུན་དེ་འདམ་རྫབ་ལས་བུད། ཁོ་ཚོ་ཕྱིར་ལོག་པའི་སྐབས་ཏག་ཏག་དྲག་ཏུ་རྒྱུག་པའི་ཆུ་བོ་ཞིག་མདུན་ནས་འཕྲེད་དུ་བཅད་བྱུང་བ་མཐོང་བས། ནོར་བུ་དོན་གྲུབ་ཀྱིས་ཐེ་ཚོམ་མེད་པར་གོ་རེ་སྣུམ་བཙོས་དང་ཤ །བཏུང་ཆུ་བཅས་བཟུང་ནས་ཆར་དོར་གྱོན་ཏེ་ཆུའི་ནང་དུ་བསྐྱོད། ཆུ་གཏིང་ཟབ་ཤོས་སུ་ཨོལ་སྐོ་འོག་ཏུ་རྒྱག་པ་དང་གྲང་ངར་ཀྱིས་རུས་རྐང་གཟེར་ནའང་མ་ཁར་སོ་བཏབ་ནས་གོམ་པ་རེ་རེ་བཞིན་མདུན་དུ་སྤོས། ཕ་རོལ་གྱི་རུ་མིས་ཀྱང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུ་བརྒལ་ནས་མདུན་དུ་བསུས་ཡོང་ཟེར།

སྐབས་དེ་དུས་སྐྲག་སྣང་མེད་ལ་སེམས་ལ་འཁོར་རྒྱུ་ཡང་རྒྱུ་མེདཟེར།

དངོས་ཟོག་སྐྱེལ་སྤྲོད་བྱས་རྗེས་ཁོ་ཚོས་ཡང་འདྲུད་འཐེན་ཐག་པ་དང་འདེགས་སྡེར་སྤྱད་དེ་རླངས་འཁོར་གཙང་པོ་ལས་བརྒལ་བ་རེད།

ལོ་ལྟར་གཙོད་གནས་སྤོ་དང་། གཙོད་ཕྲུག་སྐྱེ་བ། གནས་སྤོ་བཅས་བྱེད་པའི་དུས་ཚིགས་ནི་བྲེལ་བ་ཆེ་ཤོས་ཀྱི་དུས་ཤིག་རེད།འབྲོང་གནས་མཚེའུ་སྲུང་སྐྱོབ་ས་ཚུགས་ནི་གཙོད་ཕྲུག་སྐྱེ་བར་སྲུང་སྐྱོབ་བྱ་ཆེད་བཙུགས་པའི་དུས་ཚིགས་རང་བཞིན་གྱི་ས་ཚུགས་ཤིག་ཡིན། ལོ་ལྟར་བོད་ལྗོངས་བྱང་ཐང་དང་།ཤིན་ཅང་གི་ཨའར་ཅིན་ཧྲན་རི་བོ།ཨ་ཆེན་གངས་རྒྱབ་བཅས་ཀྱི་གཙོད་ཚང་མ་དེ་གར་གཙོད་ཕྲུག་སྐྱེ་རུ་ཡོང་གི་ཡོད།ནོར་བུ་དོན་གྲུབ་དང་རུ་མི་ཚོ་གཙོད་ཁྱུ་དང་མཉམ་དུ་བསྐྱོད་དེ་ལམ་ཐག་རིམ་ཧྲིལ་པོར་ཁོང་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད།

2023ལོར། ནོར་བུ་དོན་གྲུབ་འབྲོང་གནས་མཚོ་སྲུང་སྐྱོབ་ས་ཚུགས་སུ་ལས་སྒྱུར་བྱས་པ་དང་།ང་ཚོ་ཉིན་ལྟར་སྐོར་སྲུང་བྱེད་པར་འགྲོ་བཞིན་ཡོད། རྨས་སྐྱོན་ཕོག་པའི་གཙོད་ཕྲུག་གམ་ཡང་ན་ཨ་མ་མེད་པར་གྱུར་པའི་གཙོད་ཕྲུག་འཕྲད་སྐབས་སེམས་ཆུང་ངང་སྲུང་སྐྱོབ་ས་ཚུགས་སུ་བསྐྱལནོར་བུ་དོན་གྲུབ་ཀྱིས་སྐྱེ་མ་ཐག་པའི་གཙོད་ཕྲུག་གི་ལུས་སྟོབས་ཞན་པས་འོ་མ་འཐུང་མི་ཤེས་པས་ཁོང་ཚོས་ཁ་གཏད་ནས་འོ་མ་སྟེར་བཞིན་ཡོད་ཅེས་བཤད།

ངས་རང་གི་བྱིས་པར་ཡང་ལྟ་སྐྱོང་ཡག་པོ་དེ་འདྲ་བྱེད་མྱོང་མེདཅེས་གླེང་སྐབས་ཕོ་རྒོད་དེའི་སྐད་ཆའི་ནང་འགྱོད་གདུང་གིས་ཁེངས་ཡོད།

ནོར་བུ་དོན་གྲུབ་ཀྱིས་སྲུང་སྐྱོབ་བྱེད་པ་དེ་གཙོད་གཅིག་པ་མིན་པར། ཨ་ཆེན་གངས་རྒྱབ་ཀྱི་འདབ་ཆགས་སྣ་ཚོགས་སོགས་སྲོག་ཆགས་མང་པོ་ཡོད།དེ་སྔ་མཚོ་བོད་ལྕགས་ལམ་གྱི་འགྲམ་དུ་རྨས་སྐྱོན་ཕོག་པའི་འདབ་ཆགས་རྟག་ཏུ་མཐོང་གི་ཡོད། ང་ཚོས་སྐོར་སྲུང་གི་ལམ་བར་དུ་འཕྲད་པ་དག་ཕྱིར་འཁྲིད་ཡོང་གི་ཡོད་པས། འབྲོག་པ་རྣམས་ཀྱིས་མཐོང་ཚེའང་སྲུང་སྐྱོབ་ས་ཚུགས་སུ་སྐྱེལ་བཞིན་ཡོད

སྐོར་སྲུང་བྱེད་ཐེངས་ཤིག་ལ་འབྲོག་པ་དུད་ཚང་ཞིག་གི་ཁྱིམ་དུ་རྨས་སྐྱོན་ཕོག་པའི་དགོ་བ་ཞིག་མཐོང་བྱུང་།ཁོང་གིས་ངང་རྒྱུད་རིང་པོས་སྲིད་ཇུས་འགྲེལ་བཤད་བྱས་མཐར་དགོ་བ་སྲོག་སྐྱོབ་ལྟེ་གནས་སུ་སྐྱེལ་རྒྱུའི་གོ་སྐོན་བློ་འགུག་བྱས།ད་ཆ་འབྲོག་པ་སྔར་བས་མང་པོ་ཞིག་གི་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དེ་ནི་ང་ཚོ་དགའ་འོས་པའི་བྱ་བ་ཞིག་རེདཟེར།

རི་ཀླུང་གིས་སྲུང་སྐྱོབ་པའི་རེ་བཞག་སྟོང་ཟད་དུ་མི་གཏོང་།

ད་ཆ་ནོར་བུ་དོན་གྲུབ་སླར་ཡང་ཐའོ་ཐའོ་གཙང་པོའི་སྲུང་སྐྱོབ་ས་ཚུགས་སུ་ལོག །ཐོག་མའི་དུས་དང་བསྡུར་ན་སྲུང་སྐྱོབ་ས་ཚུགས་ཀྱི་ཆ་རྐྱེན་ལ་གནམ་ས་བླ་འོག་ཏུ་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།ད་ཆ་ས་ཚུགས་སུ་སྣོད་བཅུད་དོ་དམ་སྲུང་སྐྱོབ་པ7ཡོད་པས་གློག་སྤྱོད་དང་འཕྲིན་གཏོང་གཉིས་ཀ་ཧ་ཅང་སྟབས་བདེ་བ་དང་འཚོ་བའི་ཆ་རྐྱེན་སྔོན་མ་ལས་ཧ་ཅང་ཡག་ཏུ་ཕྱིན་ཡོདཟེར།

དེ་ལས་ཀྱང་དགའ་འོས་པ་ཞིག་ནི་ཨ་ཆེན་གངས་རྒྱབ་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཆེན་པོ་ཕྱིན་པ་དེ་རེད།ལས་ཀར་ཞུགས་མ་ཐག་པའི་སྐབས་ཡུལ་སྐོར་པས་ཁོ་མཐོང་སྐབསགཙོད་གང་དུ་ཡོད་དམཞེས་དྲིས་པར།སྐབས་དེ་དུས་ཁོས་གཙོད་ཀྱི་པར་བླངས་ནས་ཡུལ་སྐོར་པར་ལྟ་རུ་བཅུག །འོན་ཀྱང་ད་ཆ་མཚོ་བོད་གཞུང་ལམ་གྱི་ལམ་རྒྱུད་དུ་གཙོད་མཐོང་བ་ནི་ཡ་མཚན་སྐྱེ་དགོས་དོན་ཅི་ཡང་མེད།

ང་ཆུང་དུས་གདང་ལ་གྲོང་རྡལ་དུ་སློབ་གྲྭར་འགྲོ་སྐབས་མཚོ་བོད་གཞུང་ལམ་གྱི་འགྲམ་དུ་རི་སྐྱེས་སྲོག་ཆགས་ཧ་ལམ་མཐོང་རྒྱུ་མེད།ད་ཆ་དེ་འདྲ་མ་རེད།གཞུང་ལམ་གཡས་གཡོན་དུ་གཙོད་དང་རྐྱང་མཐོང་རྒྱུ་ཡོད་པས་དེ་དག་མིར་ཡང་སྐྲག་གི་མེདའགྱུར་ལྡོག་དེ་དག་སྐོར་གླེང་སྐབས་ནོར་བུ་དོན་གྲུབ་ཀྱི་ངོ་གདོང་ལ་སྤོབས་པ་ཆེན་པོ་སྐྱེས།རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཆེས་ཆེར་འཕར་བ་དེ་ནི་སྣོད་བཅུད་དོ་དམ་སྲུང་སྐྱོབ་པ་ཚོས་ལོ་མང་རིང་བརྟན་སྲུང་བྱས་པའི་དྲིན་ལན་ཡག་ཤོས་ཤིག་རེད།

ལོ་ཟླ་རེས་མོས་སུ་འཁོར་ཞིང་། ནོར་བུ་དོན་གྲུབ་ཀྱི་ཁྱིམ་གྱི་འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།2010ལོར་ནང་མི་ན་གོར་མོ་གྲོང་ཁྱེར་ཉེ་འདབས་ཀྱི་འབྲི་ཆུའི་ཆུ་མགོའི་གྲོང་ཚོར་གནས་སྤོ་བྱས་པས་བྱིས་པ་སློབ་གྲྭར་འགྲོ་བ་དང་རྒན་རྒོན་ལ་བདག་སྐྱོང་བྱེད་རྒྱུར་སྟབས་བདེ་ཆེན་པོ་བྱུང་ཡོད།འོན་ཀྱང་ནོར་བུ་དོན་གྲུབ་སྔར་བཞིན་འབྲོག་ཁུལ་གྱི་འཚོ་བར་དགའ་པོ་བྱེད་ཀྱི་ཡོད་པ་དང་། ངལ་གསོ་རྒྱག་ཐེངས་རེར། ཁོ་ད་དུང་འཚོ་སྡོད་བྱེད་སའི་རྩྭ་ཐང་དུ་ལོག་ནས་རང་དགར་རྒྱུག་པའི་འབྲོང་དང་།རྐྱང་།གཙོད་སོགས་མཐོང་ལམ་དུ་རྒྱུ་དུས་སེམས་ད་གཟོད་ལྷོད་ལ་འབབབ་ཐུབ། དཀའ་ལས་ག་འདྲ་བརྒྱབ་ཀྱང་།  ཉམས་དགའ་བའི་སྣང་ཚུལ་དེ་དག་མཐོང་སྐབས་ནས་ཅིས་ཀྱང་རིན་ཐང་ཆེན་པོ་ཡོད་པའི་ཚོར་བ་སྐྱེས”

ལོ་ངོ18རིང་། ནོར་བུ་དོན་གྲུབ་ཀྱི་རྐང་རྗེས་ཨ་ཆེན་གངས་རྒྱབ་ཀྱི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི4.5ཡི་སར་ཁྱབ་ཡོད། ཁོ་རང་སྐོར་ཞིབ་ལས་འགུལ་སྣ་ཚོགས་ཐེངས200ལྷག་ཙམ་ནང་ཞུགས་པ་དང་ལམ་ཐག་སྤྱི་ལེ་ཁྲི20ལྷག་ཙམ་ཟིན་པས་རུ་མི་དང་ས་གནས་དེ་གའི་འབྲོག་པས་ཨ་ཆེན་གངས་རྒྱབ་ཀྱིས་བཀྲ་གསོན་པོཅེས་བརྗོད་ཀྱི་ཡོད།

ཨ་ཆེན་གངས་རྒྱབ་ཀྱི་ཆ་སྙོམས་མཚོ་འཕགས་ལ་སྨི4600ཡན་ཟིན་པས། གནམ་གཤིས་ངན་ལ་འགྲིམ་འགྲུལ་སྟབས་བདེ་མིན། དབྱར་དུས་གངས་འཁྱགས་ཞུ་རྗེས་ཆུ་ལམ་འདམ་རྫབ་ཀྱིས་ཁེངས་ནས་རླངས་འཁོར་བགྲོད་དཀའ་བ་དང་།དགུན་དུས་གངས་འཁྱགས་ཀྱིས་བསྡམས་ནས་གྲང་རླུང་གིས་རུས་རྐང་གཟེར་འོང་། དྲོད་ཚད་དམའ་ཤོས་ཀོར་ཐིག་མན་གྱི་ཧྲེ་ཧྲི་ཏུའུ་སུམ་ཅུ་བཞི་ཅུ་ཡིན།ཁོར་ཡུག་ངན་པའི་འོག་ནོར་བུ་དོན་གྲུབ་དང་རུ་མི་ཚོས་ཉིན་ལྟར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་སྐོར་ཞིབ་ལས་དོན་སྤེལ་གྱི་ཡོད། གསོ་རླུང་མི་འདང་བ་དང་།བཀྲེས་སྐོམ་ཀྱིས་མནར་བ།ངལ་དུབ་ཆེ་བ་བཅས་ནི་རྒྱུན་ལྡན་ཡིན་མོད། འོན་ཀྱང་ཁོང་ཚོས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མྱོང་མེད་པར་ལས་གནས་ཐོག་བརྟན་སྲུང་བྱས་ཏེ་སྐོར་སྲུང་ལས་འགན་ཚང་མ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

ནོར་བུ་དོན་གྲུབ་ལྟ་བུའི་སྣོད་བཅུད་སྲུང་སྐྱོབ་པ་སྐོར་ཞིག་གིས་རྒྱུན་འཁྱོངས་དང་ལྟ་སྲུང་བྱས་པའི་དབང་གིས་ཨ་ཆེན་གངས་རྒྱབ་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་གཙོད་སོགས་རི་སྐྱེས་སྲོག་ཆགས་རྣམས་གང་དགར་རྩེན་བཞིན་ཡོད།

ད་ཆསྔོ་ཞིང་དྭངས་བའི་རི་ཆུ་སྲུང་མཁནགྱི་བྱ་དགའི་བུམ་པ་འཁྱེར་བའི་ནོར་བུ་དོན་གྲུབ་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར།ཨ་ཆེན་གངས་རྒྱབ་དུ་ང་རང་མཁོ་ཚེ་ངས་མུ་མཐུད་སྲུང་སྐྱོབ་བྱས་ཏེ་རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས་དང་ང་ཚོའི་སྔོ་ཞིང་དྭངས་པའི་རི་ཆུར་སྲུང་སྐྱོབ་ཡག་པོ་བྱེད་ངེས

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།