མང་ངེ་གྲོང་ཁྱེར་གྱིས་ཞབས་ཞུ་རང་བཞིན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་ཏན་ཏིག་གིས་སྐུལ་འདེད་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ད་ལོ་ནས་བཟུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྲུན་སྣེ་ཁྲིད་གཞི་རིམ་བཅོས་སྐྱོང་གི་གོ་རིམ་ཡོངས་སུ་འདྲེས་པར་རྒྱུན་འཁྱོངས་བྱས་པ་དང་། “སྡེ་ཁུལ་ཏང་རྩ་འཛུགས-དྲ་མིག་ཏང་ཚན་ཆུང-ཏང་ཡོན་ལྟེ་གནས་ཁྱིམ་ཚང”བཅས་རིམ་པ་གསུམ་གྱི་མ་དཔེ་ཁྱབ་གདལ་དུ་བཏང་ཞིང་། “ལས་སྒྲུབ་སྔོན་གྱི་དགོས་མཁོ་ཞིབ་བཤེར་དང་ལས་སྒྲུབ་ཁྲོད་ཀྱི་མཉམ་འགུལ་ཐག་གཅོད། ལས་གྲུབ་རྗེས་ཀྱི་གྲུབ་འབྲས་དཔྱད་བསྡུར་བྱེད་པའི”གདུབ་ཟུམ་དོ་དམ་ནང་རྐྱེན་བཙུགས་ཏེ། ཞབས་ཞུ་རང་བཞིན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་ཏན་ཏིག་གིས་སྐུལ་འདེད་བཏང་། ཟླ11པའི་ཚེས17ཉིན་བར་དུ། གྲོང་ཁྱེར་ཡོངས་སུ་རྩ་འཛུགས་འཚོ་བ་ཐེངས120ལྷག་སྤེལ་བ་དང་། ཏང་ཡོན12ཇེ་མང་དུ་བཏང་ལ། “ཁེ་ལས་གཉིས་དང་གསར་པ་གསུམ”གྱི་ཁྱབ་ཁོངས་སུ་ཏང་རྩ་འཛུགས7གསར་དུ་བཙུགས་པར་མ་ཟད། ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པ11མངགས་ཏེ། རྩ་འཛུགས་གསར་པ56ལ་ཏང་གི་ལས་དོན་ཁྱོན་ཡོངས་སུ་སྤེལ་ཐུབ་པ་བྱུང་། 

མང་ངེ་གྲོང་ཁྱེར་གྱིས“དྲ་མིག+ཏང་འཛུགས་སྐྲུན”མགོ་རྩོམ་ས་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་དྲ་མིག150བགོས་པ་དང་། ཞབས་ཞུ་དོན་ཚན46གསལ་པོར་བྱས་ལ། དྲ་མིག་པའི་དཔུང་སྡེ་དྲག་པོ་བསྒྲིགས་ཏེ།“ངེད་ཚང་མང་ངེ་ན་ཡོད”ཅེས་པའི་སྒྲིག་རིམ་ཆུང་བར་བརྟེན་ནས“ག་ས་གང་ནས་བརྙན་ལེན་པ་དང་སྤེལ་ཐེངས་གཅིག་གིས་ཚུར་སྣང་བྱེད་པའི”བློ་གྲོས་བཅོས་སྐྱོང་མངོན་འགྱུར་བྱས། “སྐར་བསགས་ལམ་ལུགས”ཀྱི་སྒོ་རྩིས་ཚོང་ཁང་དང་ཁྱད་ལྡན་འདུམ་འགྲིག་ཁང་སོགས་ཀྱི་མ་དཔེ་དུས་མཉམ་དུ་ཁྱབ་གདལ་དུ་བཏང་བ་དང་། མང་ཚོགས་དེའི་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་བསླངས་ཏེ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི“མཇུག་མཐའི་སྨི་གཅིག”ཤར་གཏོང་བྱས། ཏང་ཡོན་གྱི“འཛུལ་སྒོ”ནན་སྲུང་བྱས་ཏེ། ཕུལ་བྱུང་དགེ་རྒན་དང་གཞི་རིམ་རྐང་འཛིན་པའི་ཁྲོད་ཏང་ཡོན་ཇེ་མང་དུ་གཏོང་བར་དོ་སྣང་བྱས། རིམ་པ་དང་རིགས་བགར་ནས་ཏང་ཡོན་གསོ་སྦྱོང་བྱེད་པ་དང་། ཡུལ་རྣམ་ལད་ཟློས་དང་ཡུལ་དངོས་ལྟ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། ཆབ་སྲིད་བྱང་ཚད་དང་ལས་འགན་འཁུར་བའི་ནུས་པ་ཇེ་མཐོར་བཏང་། “ཏང་ཡོན་གདོང་མཆོང་ལས་རྐང་དང་དགེ་རྒན་ཀུན་སྤྱོད་དཔེ་དམག”སོགས་ཀྱི་དཔེ་སྟོན་ལས་རྐང་བཙུགས་ལ། “ཧན་ཧའེ་མཁར་གསར·དམར་མདངས་མང་ངེ”ཡི་ཏང་འཛུགས་སྐྲུན་གྱི་སྤྱིའི་ཟོང་རྟགས་བསྐྲུན་པ་དང་། “སྒྲོན་དམར་གདོང་མཆོང·མི་སྐྱོང་སྣེ་ཁྲིད”དང“དམར་པོའི་དྲ་མིག·བདེ་སྐྱིད་ས་ཚིགས”སོགས་ཀྱི་ཟོང་རྟགས་ཆུང་ཆུང་གསར་སྐྲུན་བྱས་པར་མ་ཟད། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན100ལྷག་ཐག་གཅོད་པར་སྐུལ་འདེད་བྱས་ཤིང་། དམངས་ལ་ཞབས་ཞུ་སྒྲུབ་པའི་བྱ་འགུལ300ལྷག་སྤེལ་ཏེ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཡིད་ཚིམ་ཚད98%ལ་སླེབས། ཟོང་རྟགས་ཀྱི་སྐུལ་ཁྲིད་ལ་བརྟེན་ནས། སྲིད་ཇུས་སྒྲོག་འགྲེལ་དང་དཀའ་ངལ་རོགས་རམ། འགལ་བ་འདུམ་འགྲིག་ཁྲོད་ཏང་ཡོན་གྱིས་རང་འགུལ་ངང་ནུས་པ་བཏོན་ཏེ། གཞི་རིམ་བཅོས་སྐྱོང་སྔར་ལས་དམངས་སེམས་དང་ཉེ་ལ་དངོས་འབྲས་དང་ལྡན་པར་བྱས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།