ཉ་མོ་སྡེ་བའི་འགྱུར་ལྡོག་གསར་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཟླ11པའི་ཚེས20ཉིན་གྱི་ཞོགས་པར། མཚོ་འཕགས་སྨི2700ཡོད་པའི་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྡོ་སྦིས་བོད་རིགས་ཞང་ཉ་མོ་སྡེ་བ་འཁྱག་སིབ་སིབ་ཏུ་གནས། ཞུན་ཧྭ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུས(གཤམ་དུ་སྡོད་ཁང་འཛུགས་སྐྲུན་ཅུས་ཞེས་བསྡུས་ཡོད)ཀྱི་འཚམས་འདྲི་འཁོར་ཚོགས་རི་ལམ་ཀྱ་མ་ཀྱུ་ཞིག་བརྒྱུད་ནས་སྡེ་བའི་ནང་དུ་བསྐྱོད། ཐེངས་འདིར་ཁོ་ཚོ་འཚམས་འདྲིར་འགྲོ་ཞོར་དུ་སྤུས་ལེགས་དུ་མེད་རྡོ་སོལ་ཏུན15སྡེ་བ་གང་པོའི་ཁྱིམ་ཚང83ལ་སྦྱིན་ནས་སྡེ་མི་རྣམས་ལ་དྲོད་ཁོལ་སྦྱིན།

ཉ་མོ་སྡེ་བ་ནི་རྡོ་སྦིས་ཞང་གི་བྱང་ཕྱོགས་ཀྱི་རི་མ་ས་ཁུལ་ཞིག་ཏུ་གནས་ལ། སྡེ་བ་གང་པོར་ཁྱིམ་ཚང83དང་མི་གྲངས315ཡོད། སྡེ་མི་རྣམས་ཀྱི་ཡོང་སྒོ་གཙོ་བོ་ཞིང་ཕྱུགས་ལས་དང་ཞོར་ལས་ལ་བརྟེན་ཡོད། ཉེ་བའི་ལོ་འགའི་རིང་ལ། སྡེ་བའི་ཏང་ཀྲི་པུའུ་དང་ཞུན་ཧྭ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའུ་གཉིས་ཀྱིས་ཆ་སྒྲིག་མཉམ་སྐྲུན་ལ་བསྟུད་མར་སྐུལ་འདེད་བཏང་བའི་འོག མང་ཚོགས་སྐོར་ཞིག་གི་བྲེལ་དཀའ་ཁྲལ་རེའི་གནད་དོན་རིམ་པ་བཞིན་དུ་བསལ་ནས། སྡེ་བའི་རྣམ་པ་དང་སྡེ་མིའི་འཚོ་བར་ཤེས་མེད་ཚོར་མེད་ངང་འགྱུར་ལྡོག་བྱུང་ཡོད།

ཨ་ནེ་ཚེ་རིང་སྐྱིད་ལགས། ང་ཚོས་ཁྱེད་ཚང་ལ་དགུན་ཁ་བརྒལ་བྱེད་ཀྱི་རྡོ་སོལ་སྐྱེལ་ཡོང་བ་ཡིནཞེས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་མ་ཁྲེང་ལིའང་དབུལ་ཐར་ཁྱིམ་ཚང་ཚེ་རིང་སྐྱིད་ཚང་དུ་སོང་ནས། རྡོ་སོལ་དངོས་ཟོག་ཁང་པའི་ནང་དུ་སྐྱེལ་ཞོར་དེ་ལྟར་བཤད། རྡོ་སོལ་ཁུག་མ་རེ་རེ་བཞིན་མཐོན་པོར་བརྩིགས་པ་མཐོང་རྗེས་མོའི་གདོང་ལ་འཛུམ་མདངས་རྒྱས་བཞིནལོ་རེར་ཁྱེད་ཚོས་ང་རང་སེམས་ལ་བཟུང་ཡོད། ཏང་གི་ལས་བྱེད་པ་ཉེ་མི་ལས་ཀྱང་ཉེཟེར།

ཨ་ཁུ་བཀྲ་ཤིས་ཚེ་རིང་ལགས། ཁྱེད་ཚང་གིས་ན་ནིང་ལས་པའི་དྲོད་འདོན་ཐབ་ཀ་དེར་ད་ལྟ་རྡོ་སོལ་མང་པོ་འབུད་དགོས་སམ། དུ་ཁུང་ནང་ནས་དུ་བ་ཕྱིར་ཡོང་ངམཞེས་སྡེ་སྡོད་ཧྲུའུ་ཅི་དང་པོ་ཁྲང་ཞའོ་ཧྥེང་གིས་སྡེ་མི་བཀྲ་ཤིས་ཚེ་རིང་ཚང་གི་དུ་ཁུང་ལ་རེག་རྗེས། ལྕགས་ཐབ་ཀྱི་ཁ་ཕྱེས་ནས་མེ་འབར་ཚུལ་ལ་ལྟ་ཞོར་དེ་ལྟར་དྲིས།

སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའུ་ཡིས་མངགས་ཡོང་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཁྲང་ཞའོ་ཧྥེང་གིས་སྡེ་སྡོད་ཧྲུའུ་ཅི་དང་པོའིི་ལས་འགན་ཁུར་རྗེས། ཟླ་ངོ་གསུམ་གྱི་ནང་དུ་སྡེ་བ་གང་པོའི་ཁྱིམ་ཚང83ལ་འཚམས་འདྲིར་སོང་། ཁོས་ཁྱིམ་ཚང་རེ་རེའི་དྲོད་འདོན་གནས་ཚུལ་རྒྱུས་ལོན་གསལ་པོ་བྱས་པར་མ་ཟད། ལོ70ཡན་གྱི་རྒན་པ29ཡི་སྨན་བཀོལ་དགོས་མཁོ་དང་འོས་འགན་སློབ་གསོའི་སློབ་མ58དང་སློབ་ཆེན་པ9ཡི་སློབ་འགྲིམ་གནས་ཚུལ། འོད་ཧྥུ་སྤྱི་ཕན་ལས་རྐང17གྱི་འཁོར་རྒྱུག་ཞིབ་ཕྲ་བཅས་གསལ་པོར་ཟིན་བྲིས་སུ་བཀོད་ཡོད།

སྔོན་ཆད། དགུན་ཁར་རྡོ་སོལ་མང་པོ་སྦར་ན་དུ་བ་ཆེ་བས་ཁང་པའི་ནང་དུ་འདུག་མི་ཐུབ། ད་ལྟ་བསྒྱུར་བཅོས་བྱས་རྗེས་ཉིན་རེར་རྡོ་སོལ་ཁུག་མ་ཕྱེད་ཀ་རེ་གྲོན་ཆུང་བྱེད་ཐུབ་ལ་ཁང་པའང་དྲོ། ཧྲུའུ་ཅི་ཁྲང་ཞའོ་ཧྥེང་གིས་ང་ཚོ་ལས་ཀྱང་ཁྱིམ་ཚང་གི་དོན་དག་ལ་སེམས་ཁུར་བྱེད་བཞིན་ཡོདཅེས་བཀྲ་ཤིས་ཚེ་རིང་གིས་ཁྲང་ཞའོ་ཧྥེང་ལ་འོ་ཇ་ཁོལ་མ་དཀར་ཡོལ་གང་འདྲེན་ཞོར་དེ་ལྟར་བཤད།

ཉིན་གུང་སྡེ་བའི་ནང་དུ་ཉི་འོད་ལྷམ་མེར་འཕྲོས་ཡོད། སྡེ་བའི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་སྒོ་ཁ་རུ་སྡེ་མི་རྣམས་ནག་པང་གི་མཐའ་རུ་བསྐོར་ནས། སྦྱར་མ་ཐག་གི“2025ལོའི་ཐོན་ལས་རོགས་སྐྱོར་ལས་གཞིའི་གསལ་ཐོགླེང་བཞིན་ཡོད། ཁྲང་ཞའོ་ཧྥེང་གིསད་ལོར་སྡེ་བའི་ནང་དུ་ཕྱུགས་གསོ་ཁྱིམ་ཚང་འཕར་ནས15ལ་སླེབས་ཡོད་ལ། ང་ཚོས་ལག་རྩལ་མཛུབ་སྟོན་དང་གསོ་སྦྱོང་བྱས་པར་མ་ཟད། སྡེ་མི་རྣམས་ལ་རོགས་བྱས་ཏེ་ཉོ་འཚོང་གན་རྒྱ10ལྷག་བཞག་པ་ཡིན”ཞེས་བཤད།

ཐོན་ལས་རོགས་སྐྱོར་ནི་ཉ་མོ་སྡེ་བའི་ཏང་འཛུགས་སྐྲུན་གྱིས་གྲོང་གསེབ་དར་སྤེལ་ལ་སྣེ་འདྲེན་པའི་འཛིན་ལུང་གལ་ཆེན་དུ་གྱུར་ཡོད། སྡེ་སྡོད་བྱ་བའི་རུ་ཁག་གིསསྡེ་བ་རེ་ལ་ཐོན་རྫས་རེཡི་འཆར་འགོད་ལ་དམ་པོར་དམིགས་ཏེ། ཏང་ཡོན་ཕྱུག་བསྒྱུར་གྱི་སྣེ་ཁྲིད་པར་གསོ་སྦྱོང་བྱེད་པ་དངཏང་ཡོན་གྱི་འབྲེལ་གཏུག་ཁྱིམ་ཚངགི་ནང་རྐྱེན་ལ་བརྟེན་ཞིང་། སྡེ་མི་རྣམས་ཀྱིས་ཁྱད་ལྡན་ཞིང་ལས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་སྣེ་དྲངས་ནས། ས་ཞིང་ལེགས་པོར་འདེབས་པ་དང་ཕྱུགས་བཟང་པོར་འཚོ་བ། རིན་གོང་མཐོན་པོར་འཚོང་བ་བཅས་ཀྱི་བསམ་དོན་མངོན་འགྱུར་བྱས་ཏེ། ཐོན་ལས་རོགས་སྐྱོར་དེ་སྡེ་མི་རྣམས་ཀྱི་ཡོང་འཕར་བརྟན་བརླིང་གི་སྣེ་འདྲེན་པར་གྱུར།

ཕྱི་དྲོར།ཏང་དང་མང་ཚོགས་ཀྱི་སེམས་གཏམ་གླེང་བའི་གྲོས་ཚོགསཤིག་སྡེ་བ་རིམ་པའི་བྱ་འགུལ་ལྟེ་གནས་སུ་སྤྲོ་སེམས་འཁོལ་བའི་ངང་ནས་འཚོགས། སྡེ་མི་རྣམས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ལས་བྱེད་པ་དང་སྡེ་སྡོད་རུ་མི་རྣམས་ཀྱི་མཐའ་རུ་བསྐོར་ནས་ཚང་མས་རེ་འདུན་གླེང་བ་སྟེ། ངེད་ཚང་གི་བྱིས་པས་སྤྱི་ཕན་རང་བཞིན་གྱི་ལས་རྐང་ལ་རྒྱུགས་སྤྲོད་བསམ་མོད། དེའི་སྐོར་ནས་མཛུབ་སྟོན་ཞིག་བྱེད་ཐུབ་བམ།”“དགུན་ཁའི་ཆུ་རྐར་དར་ཆགས་ཡོད་པས་དཔྱིད་མགོར་དེ་ལས་ཐུབ་བམ།

མ་ཁྲེང་ལིའང་གིས་ནན་ཏན་གྱིས་གོང་གི་གནས་ཚུལ་དག་ཟིན་བྲིས་སུ་འགོད་ཞོར་དུ་རེ་རེ་བཞིན་ལན་བཏབ་པ་སྟེ། སྤྱི་ཕན་རང་བཞིན་གྱི་ལས་རྐང་གནས་ཚུལ་ང་ཚོས་ཤེས་མ་ཐག་ཏུ་ཁྱབ་སྒྲོག་བྱེད་ངེས། ཆུ་རྐ་ཞིག་གསོ་བྱེད་རྒྱུ་དེ་སང་ལོའི་རོགས་སྐྱོར་འཆར་གཞིའི་ནང་དུ་བཞག་ཡོད། ཏང་རྩ་འཛུགས་ནམ་ཡང་ཉ་མོ་སྡེ་བའིཁྱིམཡིན། ང་ཚོས་ཚང་མ་དྲོན་པོར་སྡོད་པ་དང་བདེ་འཇགས་ཀྱིས་སྡོད་དུ་འཇུག་པར་མ་ཟད། ཚང་མར་ཡོང་འཕར་ཕྱུག་བསྒྱུར་གྱི་ལམ་ཁ་བཟང་པོ་འཚོལ་རོགས་བྱེད་རྒྱུ་ཡིནཞེས་བཤད།

སེམས་གཏམ་གླེང་བའི་གྲོས་ཚོགས་གྲོལ་རྗེས། ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་གློག་སྒྲོན་འོག་ཏུ། ཁྲང་ཞའོ་ཧྥེང་དང་རུ་མི་རྣམས་སྔར་བཞིན་བྱ་བར་བྲེལ་བཞིན་འདུག དམངས་ཚུལ་དམངས་སེམས་དོན་ཚན23དུ་ལེགས་སྒྲིག་བྱས་ཏེ། དྲོད་འདོན་དང་བདེ་འཇགས་ཀྱི་བསྐྱར་འདྲི་འཆར་གཞི་བཀོད། བྱ་བའི་ཟིན་བྲིས་སྟེང་དུ། རྡོ་སོལ་ཏུན15སྦྱིན་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན5གྲལ་བཤེར་བྱས་པ་ཡིནཞེས་སོགས་བཀོད་ཡོད་པའི་འགྲམ་གྱིསྡོད་ཁང་འཛུགས་སྐྲུན་གྱི་ཐོག་མའི་བསམ་འདུན་ནི་སྡེ་མི་རྣམས་ཀྱི་སེམས་པ་དྲོ་རུ་འཇུག་དགོསཞེས་པའི་ཡིག་འབྲུ་དེ་དག་གསལ་པོར་མཐོང་།

མ་ཁྲེང་ལིའང་གིསསྡེ་སྡོད་བྱ་བ་སྒྲུབ་པའི་དུས་ཡུན་ལ་ཚད་ཡོད་ཀྱང་། ང་ཚོས་མང་ཚོགས་དང་འབྲེལ་བའི་བྱ་བ་ཙག་ཙིག་དག་ལེགས་པོར་སྒྲུབ་ཅི་ཐུབ་བྱེད་རྒྱུ་དང་། ཐོན་ལས་དར་རྒྱས་དང་སྐྱེ་ཁམས་གཞིས་འཚམ། འཚོ་བ་འབྱོར་ཕྱུག་བཅས་ཀྱི་དམིགས་འབེན་ཕྱོགས་སུ་གོམ་པ་བརྟན་པོར་སྤོས་ནས། བོད་རིགས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ལམ་ཁ་ཇེ་ཡངས་ནས་ཇེ་ཡངས་སུ་གཏོང་རྒྱུ་ཡིནཟེར།

རྗེས་ཕྱོགས། སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་བྱ་བའི་རུ་ཁག་གིས་རྨང་གཞི་སྒྲིག་བཀོད་ཞིག་གསོའི་ཆེད་སྤྱོད་ཁ་གསབ་མཐུན་སྦྱོར་བརྩོན་ལེན་བྱས་ཏེ། ཞིག་ཡོད་པའི་སྡེ་ལམ་དང་ཉེན་ཁའི་གྱང་ར་བརྟན་པོར་གཏོང་བ་སོགས་ཀྱི་གནད་དོན་ཐག་གིས་གཅོད་རྒྱུ། སྡེ་ཁུལ་རྙིང་པ་བསྒྱུར་བཅོས་བྱེད་པ་དང་ཞིང་སྡེའི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་བྱེད་པ་སོགས་ཀྱི་དམངས་འཚོ་བཟོ་འགོད་ལ་སྐུལ་འདེད་གཏོང་བ། ཉ་མོ་སྡེ་བའི་ཐོན་ལས་རོགས་སྐྱོར་གྱི་བྱེད་ཐབས་སྔར་བས་ལེགས་བསྒྱུར་བྱེད་པ་བཅས་ཀྱིས། དབུལ་ཐར་གྱི་རྨང་གཞི་སྔར་བས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ལ་སྔར་བས་གཏིང་ཤུགས་ཡོད་དུ་འཇུག་རྒྱུ་ཡིན་ཞེས་མ་ཁྲེང་ལིའང་གིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།