“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་འགོ་ལས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཉམ་འདྲེས་ཟབ་མོར་སྐུལ་འདེད་བཏང་སྟེ། ཉེར་སྤྱོད་ཡུལ་རྣམ་འཛུགས་སྐྲུན་དང་སྒོ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཏོན། གསར་འགོད་པས་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་སྟེ་ཀྲེ་ཅང་ཧང་ཀྲོའུ་རུ། ཉེར་སྤྱོད་ཡུལ་རྣམ་རྒྱ་བསྐྱེད་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གྲུབ་པར་སྐུལ་འདེད་གཏོང་བཞིན་ཡོད་པ་ཤེས་རྟོགས་བྱུང་།
བར་སྣང་དུ། མི་མེད་གནམ་གྲུས་འཕྲུལ་ཆས་དཔུང་བར་རམ་འདེགས་བྱས་ནས་སྐོར་ཞིབ་བྱེད་བཞིན་ཡོད་ལ། གློག་སྒྱུར་ས་ཚིགས་སུ་རིག་ནུས་འཕྲུལ་མིས་གློག་སྒོ་དང་གཅུས་སྒོ་སུམ་ཅུར་ཉེ་བར་སྦྱོང་བརྡར་དང་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། ས་འོག་སྦུག་ལམ་དུ། འཕྲུལ་ཁྱིས་གློག་ཤུགས་སྒྲིག་ཆས་ལ་ཞིབ་བཤེར་དང་ཞིག་གསོ་བྱེད་བཞིན་ཡོད། ཧང་ཀྲོའུ་ཡི་གློག་ཤུགས་སྦྱོང་བརྡར་རྟེན་གཞི་རུ། གློག་ཤུགས་དང་འཕྲུལ་མིའི་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་མི་སྣས་དམིགས་བསལ་གྱི“གློག་ཤུགས་ལས་མིར”སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད།
རྒྱལ་ཁབ་གློག་དྲ་ཧང་ཀྲོའུ་གློག་འདོན་ཀུང་སིའི་ཚན་ཞིབ་མི་སྣ་ཝུའུ་ཧྥ་ཞན་གྱིས་བཤད་རྒྱུར། ང་ཚོས་འཕྲུལ་མིར་སྐུལ་འོད་ལེ་ཏ་དང་། གསལ་ཚད་ཤིན་ཏུ་མཐོ་བའི་པར་ཆས། རྩིས་ཤུགས་རྒྱབ་ཁུག་བཅས་སྣོན་འཇུག་གི་ཚོད་ལྟ་བྱེད་བཞིན་ཡོད་ལ། དེ་ནི་འཕྲུལ་མིར་མཐོང་ཚོར་དང་ཤེས་ཚོར་ནུས་པ་བསྣན་པ་དང་མཚུངས་ཤིང་། དུས་ཐོག་ཏུ་མཐའ་བསྐོར་གྱི་ཁོར་ཡུག་གསལ་བོར་མཐོང་ཐུབ་པ་མ་ཟད། རང་གི་བྱ་སྤྱོད་ཀྱང་དུས་ཐོག་ཏུ་ལེགས་སྒྲིག་བྱེད་ཐུབ།
ཡུ་ཧྲུའུ་ཚན་རྩལ་མི་གཟུགས་འཕྲུལ་མིའི་ལས་སྒོའི་འགན་འཁུར་བ་ཏུའུ་ཞིན་ཧྥུང་གིས་བཤད་རྒྱུར། དོན་དངོས་སུ་གྱུར་བའི་བཀོལ་སྤྱོད་དེ་དག་ཚང་མ་ཚོད་ལྟ་ཁང་ནས་ལད་མོ་བྱེད་ཐབས་བྲལ་བས། ངེས་པར་དུ་དངོས་ཡོད་ཀྱི་ཡུལ་རྣམ་ཁྲོད་འཁྲབ་སྦྱོང་བྱེད་དགོས།
ཁེ་ལས་འདིའི་འགན་འཁུར་བས་བཤད་པ་ཡིན་ན། དགོས་མཁོ་གསར་པ་ཡོད་པར་བསྟུན་ནས། འཕྲུལ་མིའི་གཞི་གྲངས་དབྱེ་ཞིབ་དང་། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་པའི་ནུས་པར་དེ་བས་མཐོ་བའི་རེ་བ་བཏོན། འཕྲུལ་མི་འཕེལ་འགྱུར་བྱེད་དགོས་ན་ཡུལ་དངོས་སུ་སྦྱོང་བརྡར་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རང་རྒྱལ་དུ་མི་ཐབས་རིག་ནུས་ཐོན་འགོ་ཚུགས་པ་དང་། ལས་རིགས་ཀྱི་དཔེ་དབྱིབས་1500ལྷག་ཡོངས་བསྒྲགས་བྱས་ཏེ། ལུས་ལྡན་རིག་ནུས་ཀྱང་ཚོད་ལྟ་ཁང་ནས་ཐོན་ལས་དོན་འཁྱོལ་བྱེད་པའི་དུས་མཚམས་གསར་པར་སླེབས། ལག་རྩལ་གསར་པའི་འཕེལ་རྒྱས་ཀྱིས་ཉེར་སྤྱོད་ཡུལ་རྣམ་ཐད་དགོས་མཁོ་ཧ་ཅང་ཆེན་པོ་བཏོན། གོ་སྐབས་གལ་ཆེན་དེ་དམ་འཛིན་བྱས་ནས། ཧང་ཀྲོའུ་གྲོང་ཁྱེར་གྱིས་གློག་ཤུགས་ཡུལ་རྣམ་སྒོ་འབྱེད་བྱས་ཏེ། ལོ་ལྔའི་རིང་བསྡོམས་པས་ཡུལ་རྣམ་ཉེར་སྤྱོད་20ལྷག་གསར་སྤེལ་བྱས། ཡུལ་རྣམ་འདི་དག་གི་ཁྲོད། ཁེ་ལས་ཀྱི་འཕྲུལ་མི་རྒྱུན་ཆད་མེད་པར་འཕེལ་འགྱུར་བྱེད་བཞིན་ཡོད།
ཡུ་ཧྲུའུ་ཚན་རྩལ་མཉམ་འབྲེལ་སྲོལ་གཏོད་པ་ཁྲེན་ལི་ཡིས་བཤད་རྒྱུར། ལོ་ལྔ་པོ་འདིའི་རིང་དོན་དངོས་སུ་ལས་རིགས་ཡོངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ལ། ད་ལྟ་ང་ཚོར་འཕྲུལ་མི་རིགས་བཅུ་ལྷག་ཡོད་ཅིང་། མེ་གསོད་འཕྲལ་བསྟུན་དང་སྐོར་བསྐྱོད་སྐོར་ཞིབ་ལ་ཁ་ཕྱོགས་ནས། མ་འོངས་པར་འཛད་སྤྱོད་པར་སྔར་བས་ཁ་ཕྱོགས་ཏེ། ཁྱིམ་ཚང་གི་སྨན་བཅོས་ལྟ་སྐྱོང་སོགས་བྱས་ཆོག་ལ། ང་ཚོའི་ད་ལོའི་ཕྱིར་ཚོང་གཞི་ཁྱོན་ཧ་ལམ་སྒོར་ཐེར་འབུམ་འགའ་ལ་སླེབས་ཡོད།
གློག་ཤུགས་ཐད་ཀྱི་ཡུལ་རྣམ་ཁོ་ན་མ་ཡིན་པར། ཉེ་ཆར། ཧང་ཀྲོའུ་ཡིས་སླར་ཡང་ཡུལ་རྣམ་གསར་བའི་གསལ་ཐོ་600ལྷག་གཅིག་སྡུད་སྒོས་ཡོངས་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱི་དམངས་འཚོ་དང་གྲོང་ཁྱེར་བཅོས་སྐྱོང་། འཛད་སྤྱོད་རིག་གནས་ཡུལ་སྐོར། ཐོན་ལས་རིམ་སྤོར་སོགས་ཁྱབ་ཁོངས་སུ་ཁྱབ་ཡོད་ལ། རྣམ་པ་མང་པོ་སྦྲེལ་མཐུད་ཀྱི་བྱེད་སྒོ་ཡང་དུས་གཅིག་ཏུ་སྤེལ་ཡོད། གནས་དེ་རུ་གསར་འགོད་པས་ཁེ་ལས་ལ་ཡོད་པའི་ཉེར་སྤྱོད་ཡུལ་རྣམ་ཇི་ཙམ་མང་ན། དེ་བས་དགའ་བསུ་ཡོད་པ་ཤེས་རྟོགས་བྱུང་། ཆེད་དུ་ཤེས་རིག་སྡེ་ཁུལ་འཛུགས་སྐྲུན་བྱེད་པའི་ཀྲུའུ་པའོ་ཚོགས་པར་ཉེར་སྤྱོད་ཡུལ་རྣམ་པ་གསུམ་ཡོད་ལ། ཁོ་ཚོ་ཐོན་མ་ཐག་ལམ་སང་ཁེ་ལས་གསུམ་རུབ་ནས་ཡོང་།
ཡུལ་རྣམ་མཁོ་འདོན་ཕྱོགས་ཀྲུའུ་པའོ་ཡིས་བཤད་རྒྱུར། ངས་མཁོ་འདོན་བྱས་པ་ནི་ང་ཚོས་ཧྥུའུ་དབྱང་གི་རིག་ནུས་སྡེ་ཁུལ་ཞིག་ཡིན།
ཡུལ་རྣམ་དགོས་མཁོའི་ཕྱོགས། ཆན་ཏུང་མིང་གིས་བཤད་རྒྱུུར། ང་ཚོས་ཀྱང་ང་ཚོའི་མི་ཐབས་རིག་ནུས་ལག་རྩལ་འདི་རིག་ནུས་གྲོང་ཁྱེར་གྱི་འཛུགས་སྐྲུན་ཁྲོད་ཞུགས་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”སྐབས་སུ། རང་རྒྱལ་གྱིས་ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་གྱི་ཕན་ནུས་གཞན་སྒྱུར་དང་ཉེར་སྤྱོད་བྱེད་ཚད་ཇེ་མགྱོགས། ཉེར་་སྤྱོད་ཡུལ་རྣམ་འཛུགས་སྐྲུན་དང་སྒོ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་ལས་གསར་པར་དེ་ལས་རྒྱ་ཆེ་བའི་བར་སྟོང་བསྐྲུན་ངེས།
ལུས་ལྡན་རིག་ནུས་ཞིབ་འཇུག་གསར་སྤེལ་ཚོགས་པའི་ཚན་ཞིབ་མི་སྣ་ཏོན་ཁྲེང་ཧྭ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་”སྐབས་སུ། རྒྱལ་ཁབ་ཀྱིས་ཡུལ་རྣམ་གསར་བའི་ཉེར་སྤྱོད་ཐད་ཁ་ཕྱོགས་ཧ་ཅང་གསལ་པོ་ཞིག་བཏོན་ཡོད་ལ། ང་ཚོའི་ལུས་ལྡན་རིག་ནུས་ཞིབ་འཇུག་གསར་སྤེལ་ཚོགས་པའི་ངོས་ནས་བཤད་ན་འདི་ཧ་ཅང་གལ་འགངས་ཆེ་སྟེ། ཡུལ་རྣམ་སྔར་བས་མང་པོ་སྒོ་འབྱེད་བྱས་ན། ང་ཚོས་གྲུབ་འབྲས་མགྱོགས་མོར་དོན་འཁྱོལ་བྱས་ནས། བློ་སེམས་རྩེ་གཅིག་གིས་གསར་སྤེལ་བྱས་ཆོག
མཐོ་རིམ་བཟོ་སྐྲུན་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་མི་སྣ་ལིག་ཅཱ་མན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ང་ཚོར་མཚོན་ན་ཆེས་གལ་ཆེ་བ་ཡུལ་རྣམ་འདི་དག་སྒོ་འབྱེད་བྱས་ཏེ། གྲུབ་འབྲས་དག་བཟོ་ལས་ཅན་གྱི་ཁྱབ་ཁོངས་སུ་སྤྱོད་ཐུབ་པ་དང་། ལས་རིགས་སོ་སོའི་ཁྲོད་དུ་ཞུགས་ནས། ང་ཚོར་སྐྱེ་ཁམས་ཀྱི་འཚོ་སྡོད་ཁོར་ཡུག་སྔར་ལས་ལེགས་པོ་ཞིག་བསྐྲུན་རྒྱུ་དེ་ཡིན་ལ། ང་ཚོས་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”སྐབས་སུ་འཕེལ་རྒྱས་སྔར་ལས་ལེགས་པོ་ཡོད་པར་རེ་སྒུག་བྱེད་ཀྱིན་ཡོད།