ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་ཉམས་སད་ཡུན་རིང་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། རང་རྒྱལ་གྱི་ནོར་སྲིད་དཔལ་འབྱོར་འཐབ་ཕྱོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྲུན་གྱི་ཕུལ་བྱུང་འགོ་ཁྲིད་པ། རྒྱལ་སྲིད་ཨུ་ཡོན་ཟུར་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་པིན་ཆན་གྱི་སྐུ་ཕུང་ཚེས14ཉིན་ཀོང་ཏུང་ཀོང་ཀྲོའུ་གྲོང་ཁྱེར་གྱི་ཞུགས་འབུལ་ཁང་ནས་ཞུགས་འབུལ་བྱས། ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་སོགས་ཚེས14ཉིན་ཆེད་དུ་ཀོང་ཀྲོའུ་གྲོང་ཁྱེར་གྱི་ཞུགས་འབུལ་ཁང་དུ་ཕེབས་ནས། བློ་མཐུན་ཝང་པིན་ཆན་ལ་ཞལ་གྱེས་ཞུས་པར་མ་ཟད། ཁོང་གི་གཉེན་ཉེར་འཚམས་འདྲི་ཡང་གནང་བ་རེད།
ཚེས14ཉིན་གྱི་སྔ་དྲོར། ཀོང་ཀྲོའུ་གྲོང་ཁྱེར་གྱི་ཞུགས་འབུལ་ཁང་ནི་སྒམ་བརླིང་གི་རྣམ་པས་ཁེངས་འདུག་ལ། སྐྱོ་སྣང་ལྡན་པའི་མྱ་ངན་གྱི་དབྱངས་རྟ་གདངས་དམའ་མོའི་སྒོ་ནས་མཆེད་ཀྱིན་འདུག ཚོམས་ཆེན་གྱི་ཐོད་དུ་གཞི་ནག་པོའི་སྟེང་ལ་ཡི་གེ་དཀར་པོ་འཁོད་པའི་འཕྲེད་བྱང་བཀལ་ཡོད་ཅིང་། དེའི་སྟེང་དུ“བློ་མཐུན་ཝང་པིན་ཆན་ལ་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ”ཞེས་བཀོད་ཡོད། འཕྲེད་བྱང་གི་འོག་ཏུ་བློ་མཐུན་ཝང་པིན་ཆན་གྱི་སྐུ་པར་བཞག་ཡོད། བློ་མཐུན་ཝང་པིན་ཆན་གྱི་སྐུ་ཕུང་མེ་ཏོག་གི་ཁྲོད་དུ་བཞུགས་སུ་གསོལ་ཡོད་པ་དང་། ལུས་ལ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་གཡོགས་ཡོད། སྔ་དྲོའི་ཆུ་ཚོད9པ་ཡོལ་ཙམ་ལ། ཀྲའོ་ལེ་ཅི་སོགས་མྱ་ངན་ཞུ་བའི་དབྱངས་རྟའི་ཁྲོད་འགྲོས་དལ་བའི་སྒོ་ནས་བློ་མཐུན་ཝང་པིན་ཆན་གྱི་སྐུ་ཕུང་གི་མདུན་དུ་ཡོང་སྟེ། གུས་སྟབས་ཀྱིས་མྱ་ངན་ཞུས་པ་དང་། བློ་མཐུན་ཝང་པིན་ཆན་གྱི་སྐུ་ཕུང་ལ་གུས་འདུད་ཐེངས་གསུམ་ཞུས། བློ་མཐུན་ཝང་པིན་ཆན་གྱི་གཉེན་ཉེ་རེ་རེར་ཕྱག་འཇུ་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་འཚམས་འདྲི་ཟབ་མོ་བརྒྱུད་སྒྲོག་གནང་བ་རེད། བློ་མཐུན་ཝང་པིན་ཆན་ལ་སྙུང་གཞི་ཕོག་ནས2025ལོའི་ཟླ12པའི་ཚེས8ཉིན་གྱི་ཆུ་ཚོད3དང་སྐར་མ35ཐོག་ཀོང་ཏུང་དུ་སྐུ་གཤེགས། ལོ100ལ་འཚོ་གཞུགས་གནང་། བློ་མཐུན་ཝང་པིན་ཆན་ལ་སྙུང་གཞི་ལྕི་མོ་ཕོག་པའི་རིང་དང་སྐུ་གཤེགས་རྗེས། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་བློ་མཐུན་སྨན་ཁང་དུ་འཚམས་འདྲིར་ཕེབས་པའམ་ཡང་ན་རྣམ་པ་གཞན་བརྒྱུད་ནས་བློ་མཐུན་ཝང་པིན་ཆན་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད། ཁོང་གི་གཉེན་ཉེར་ཡང་འཚམས་འདྲི་ཞུས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཕེབས་ནས་ཞལ་གྱེས་ཞུས་པའམ་ཡང་ན་རྣམ་པ་གཞན་གྱི་ཐོག་ནས་མྱ་ངན་ཞུས་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཀོང་ཏུང་ཞིང་ཆེན་གྱི་འགན་འཁུར་བློ་མཐུན། བློ་མཐུན་ཝང་པིན་ཆན་སྐུ་འཚོ་བཞུགས་སྐབས་ཀྱི་མཛའ་གྲོགས་དང་ཕ་ཡུལ་གྱི་འཐུས་མི་ཕེབས་སྐྱེལ་ཞུས་པར་ཡོང་པ་རེད།