ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་འཕར་ཐང་གི་ལོ་རེའི་ཆ་སྙོམས་འཕར་ཚད7.1%ལས་བརྒལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

གསར་འགོད་པས་ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་དེ་ཐོན་ལས་ཀྱི་གཞི་ཁྱོན་དང་། ཕྱི་ཕྱོགས་ཉོ་ཚོང་། གསར་གཏོད་ནུས་པ་སོགས་ཀྱི་ཐད་མགྱོགས་མྱུར་གྱི་འཕེལ་རྒྱས་བྱུང་ནས། རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་འཕར་ཐང་གི་ལོ་རེའི་ཆ་སྙོམས་འཕར་ཚད7.1%ལས་བརྒལ་ཞིང་། དུས་མཚུངས་ཀྱི་རྒྱལ་ཡོངས་བཟོ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ། གཞི་ཁྱོན་ཡན་གྱི་ཁེ་ལས་གྲངས་འབོར་དགུ་ཁྲི་ཉིས་སྟོང་ནས2025ལོའི་ཟླ10པའི་ཟླ་མཇུག་གི་ཆིག་འབུམ་སུམ་ཁྲི་བདུན་སྟོང་དུ་འཕར། ཕྱིར་གཏོང་ནང་འདྲེན་ཐད་ཀྱི་ཡོང་འབབ་བསྟུད་མར་ལོ་ལྔ་ལ་ཨ་སྒོར་ཁྲག་ཆེན་གཅིག་ལས་བརྒལ། 

དེ་དང་ཆབས་ཅིག་ཏུ། གསར་གཏོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། ལས་རིགས་ཡོངས་ཀྱིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་འཕྲུལ་ཆས་ལས་རིགས་ཀྱི་ཚད་གཞི4487ཡོད་ཅིང་། རྒྱལ་སྤྱིའི་ཚད་གཞིར་འགྱུར་ཚད92%ཡན་ཟིན། རང་རྒྱལ་ད་ལྟ་ཐོན་རྫས་ཀྱི་རིགས་དང་སྣ་ཁ་ཆ་ཚང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པ་མ་ཟད། ཁེ་ལས13འཛམ་གླིང་བཟོ་སྐྲུན་འཕྲུལ་ཆས་ཀྱི་བཟོ་སྐྲུན་ཚོང་ལས་ཆེ་གྲས50ནང་ཚུད་ཡོད། དེ་ལས་གཞན། ཐོན་ལས་ཁྱུ་ཚོགས་ཀྱི་ལེགས་ཆ་ཉིན་རེ་བཞིན་མངོན་གསལ་དོད་པོར་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་རིམ་པའི་ཁེ་ལས་འབྲིང་ཆུང་གི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས300ཡི་ནང་། འཕྲུལ་ཆས་ལས་རིགས་ཁེ་ལས་ཀྱིས་བཞི་ཆའི་གཅིག་ཟིན་ཡོད།

ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ། ཞུས་ཉན་ཧྲ་ཡིས་བཤད་རྒྱུར།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་འགག་རྩའི་རྨང་གཞིའི་རྒྱུ་ཆའི་རང་བདག་འགན་སྲུང་བྱེད་ནུས་ཆེ་རུ་ཕྱིན་པ་དང་། རྨང་གཞིའི་བཟོ་སྐྲུན་བཟོ་རྩལ་དུས་གཅིག་ཏུ་རིམ་འཕར་བྱུང་ནས། རྩེར་སོན་སྒྲིག་ཆས་བཟོ་སྐྲུན་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད།

ལོ་ལྔའི་འཆར་འགོད་བཅོ་ལྔའི་རིང་། རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱིས་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་མཉེན་ཆ་དང་བདེ་འཇགས་ཆུ་ཚད་ཇེ་མཐོར་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ལྟེ་བར་བྱས་ཏེ། འཕྲུལ་ཆས་བཟོ་ལས་ཀྱི་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཚུལ་སྒྱུར་རིམ་སྤར་གཙོ་གནད་ཁ་ཕྱོགས་སུ་བྱས་ནས་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།