གསར་འགོད་པས་ཞིང་ལས་ཞིང་སྡེ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། བསྡོམས་པས་ཀྲུང་དབྱང་གི་མ་དངུལ་སྒོར་ཁྲག་ཁྲིག་བདུན་ལྷག་བཀོད་སྒྲིག་བྱས་ཏེ་ས་གནས་སོ་སོའི་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་བཞི་བྱེ་བ་དྲུག་གི་གསར་སྐྲུན་དང་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས།
ས་གནས་སོ་སོས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བྱང་ཤར་ས་ནག་ས་ཁུལ་དང་། བདེ་ཐང་ས་ཁུལ། ཆུ་བེད་ཆུ་འདྲེན་གྱི་ཆ་རྐྱེན་འཛོམས་པའི་ས་ཁུལ། དེ་མིན་འབྲུ་རིགས་ཐོན་ཚད་མཐོ་བ་དང་ཐོན་སྤེལ་བག་ཤུགས་ཆེ་བའི་ས་ཁུལ་བཅས་དམིགས་བསལ་གྱིས་སྔོན་ལ་འཛུགས་སྐྲུན་བྱས་ནས། ཆ་རྐྱེན་འཛོམས་པའི་གཏན་འཇགས་གཞི་རྩའི་ས་ཞིང་རིམ་བཞིན་ཚད་གཞི་མཐོ་བའི་ས་ཞིང་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། དེ་དང་ཆབས་ཅིག་ཏུ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་སྤུས་ཀ་ཡང་བསྐྱར་ནན་འཛིན་དང་ཆེད་དོན་དག་ཐེར་འགུལ་སྐྱོད་གཏིང་ཟབ་སྤེལ་ལ། རྒྱུན་རྣམ་ཅན་གྱི་སྒོ་ནས་བཟོ་སྐྲུན་སྤུས་ཚད་འཐེན་བཤེར་བྱས་ནས། འཛུགས་སྐྲུན་གྱི་སྤུས་ཚད་ལ་སྔར་བས་འགན་སྲུང་བྱས།
ས་གནས་སོ་སོའི་གནས་ཚུལ་ལྟར་ན། འཛུགས་སྐྲུན་ལེགས་འགྲུབ་རྗེས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་གིས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་གནོད་འགོག་གནོད་འཕྲིའི་ནུས་པ་ཇེ་ལེགས་སུ་བཏང་ཡོད།