ལུའོ་ཏུང་ཁྲོན་གྱིས་ཁྲིམས་སྐྱོང་ཉིན་རེའི་ཚགས་པར་ཁང་གི་འགོ་གཙོ་སུན་ཀྲི་ཡུང་སོགས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཁྲིམས་སྐྱོང་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་གཙོ་སུན་ཀྲི་ཡུང་སོགས་ལ་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་སུན་ཀྲི་ཡུང་སོགས་ལ་དགའ་བསུ་ཞུས། ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་བཞག་ཅིང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་འཁོར་སྐྱོད་བྱས་ཤིང་། ནུས་ཤུགས་གཅིག་བསྡུས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བས། ཁྲིམས་སྐྱོང་དེ་རིམ་གྱིས་མཚོ་སྔོན་གྱི་མཚོན་རྟགས་གསལ་བོ་ཞིག་དང་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་སྐས་རིམ་གསར་པར་སླེབས། ཁྲིམས་སྐྱོང་ཉིན་རེའི་ཚགས་པར་ཁང་གིས་སྔར་བཞིན་དུ་མཚོ་སྔོན་ལ་ཐུགས་ཁུར་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྲུབ་འབྲས་དྲིལ་སྒྲོག་བྱེད་པའི་ནུས་ཚད་ཇེ་ཆེར་བཏང་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་མཚོ་སྔོན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་བློ་འདོན་ཇུས་འབུལ་བྱེད་རྒྱུའི་རེ་བ་ཡོད།

སུན་ཀྲི་ཡུང་གིས་བཤད་རྒྱུར། སྲིད་ཁྲིམས་དྲིལ་སྒྲོག་གི་གླེང་ཕྱོགས་གཡུལ་སའི་གཙོ་ཤུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སེམས་ཤུགས་གཉིས་བཀོལ་གྱི་སྒོ་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་ཁྲིམས་སྐྱོང་གཏམ་རྒྱུད་ལེགས་པོར་འཆད་རྒྱུ་ཡིན།

ཧོ་ལུའུ་ཁྲུན་གོང་གསལ་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།