མཚོ་སྔོན་ཞིང་ཆེན་གྱིས་ལས་བྱེད་པའི་ལྟ་སྐུལ་ལས་དོན་གྱི་ལས་འགན་གཙོ་བོར་སྐུལ་འདེད་གཏོང་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས10ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་ལས་དོན་གྱི་ལས་འགན་གཙོ་བོར་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཟི་ལིང་གྲོང་ཁྱེར་དུ་འཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལས་བྱེད་ལྟ་སྐུལ་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ལ། བྱ་བའི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་གནད་དོན་གྱི་ཞན་ཆར་ཞིབ་འཇུག  གཙོ་གནད་ལས་འགན་ཁ་གསལ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་ལས་དོན་ལ་དམ་འཛིན་བྱ་རྒྱུར་བླང་བྱ་ཁ་གསལ་བཏོན།

གྲོས་ཚོགས་ལས་བསྟན་དོན། དུས་རབས་གསར་པའི་ལས་བྱེད་པའི་ལྟ་སྐུལ་ལས་དོན་གྱི་བླང་བྱ་གསར་པ་མ་ནོར་མ་འཕྱུག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ། ཞིབ་རྩིས་དང་གསེད་ཀྲོལ་ནན་ཏན་བཅས་བྱས་ཏེ། བར་ཁྱད་དང་མི་འདང་སར་ངོས་འཛིན་གསལ་པོ་བྱས་ནས། དམིགས་འབེན་རང་བཞིན་གསལ་བའི་སྒོ་ནས་བྱེད་ཐབས་དངོས་བཏོན་ནས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། ལས་འགན་གྱི་གཙོ་གནད་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལས་བྱེད་པའི་ལྟ་སྐུལ་ལས་དོན་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་རྒྱ་ཆེ་ལ་ཡངས་ཤིང་རང་བདག་འགན་འཁྲི་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པར་བརྟེན། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཏུ། འགག་རྩ་དམ་འཛིན་དང་གཙོ་གནད་ལ་ཤུགས་འདོན་དགོས། འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་དག་ཡར་ཞུ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། “12380”གི་ཡིག་སྐུར་ཡིག་ཞུ་གཏུག་བདག་སྤྲོད་ལས་དོན་ཏན་ཏིག་ངང་སྤེལ་ནས། འགོ་ཁྲིད་ལས་བྱེད་པས་སྤྱི་ཚོགས་ཚོགས་པ་དང་ཁེ་ལས་ཀྱི་ལས་འགན་གཅིག་ལྕོགས་སྒོས་ཞིབ་བཤེར་བཅོས་སྐྱོང་ནན་མོ་བྱས་ཏེ། མི་འདེམས་མི་བཀོལ་ཁྱབ་ཁོངས་ཀྱི་ནུས་པར་མི་བལྟ་བར་འབྲེལ་བར་བལྟ་བ་སོགས་ཀྱི་དྲང་བདེན་མིན་པའི་སྣང་ཚུལ་ལ་ཞིབ་བཤེར་བཅོས་སྐྱོང་གང་ལེགས་བྱས་ནས། སྒེར་གྱི་དབང་གིས་ཕྱི་རྒྱལ་དུ་བསྐྱོད་པའི་ཞིབ་བཤེར་ཆོག་མཆན་དོ་དམ་ལ་སྔར་ལས་ཤུགས་བསྣན་ཏེ། ལས་བྱེད་པའི་ལྟ་སྐུལ་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ནན་མོ་བྱེད་དགོས་ཤིང་། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི“ཉེན་སྐུལ”བྱ་བའི་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྐབས་བརྗེའི་སྒྲིག་ཁྲིམས་ལས་དོན་ལ་འཆར་འགོད་ནན་ཏན་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱས་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།