ཟླ12པའི་ཚེས12ཉིན། 2025ལོའི་ལོ་ཧྲིལ་བོའི་ཞིང་ཆེན་ཡོངས་ཀྱི་དམིགས་འབེན་འགན་འཁྲིའི་བྱས་འབྲས་དཔྱད་ཞིབ་ལས་དོན་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་འཚོགས་ཏེ། 2025ལོའི་ལོ་ཧྲིལ་བོའི་དམིགས་འབེན་བྱས་འབྲས་དཔྱད་ཞིབ་ལས་དོན་ལ་བཀོད་སྒྲིག་བྱས་པ་དང་། དཔྱད་ཞིབ་ཚན་ཆུང་སོ་སོའི་ཁོངས་མིར་ཆེད་དོན་ལས་སྒོའི་གསོ་སྦྱོང་བྱས།
ས་གནས་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་བྱ་གཞག་ཁག་ཚང་མ་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། རང་རེའི་ཞིང་ཆེན་གྱིས་དུས་རབས་གསར་པའི་དཔྱད་ཞིབ་ལས་དོན་གྱི་འགྱུར་ལྡོག་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། དུས་བབ་གསར་པའི་འོག་གི་དཔྱད་ཞིབ་ལས་དོན་གྱི་ཕན་འབྲས་ལྡན་པའི་ཐབས་ལམ་འབད་པས་འཚོལ་ཞིབ་བྱས་ཏེ། དཔྱད་ཞིབ་ཀྱི་ནང་དོན་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱས་ལ། དཔྱད་ཞིབ་བྱེད་སྟངས་ལེགས་སྒྲིག་ལེགས་སྒྱུར་བྱས་ནས། 2025ལོའི་དཔྱད་ཞིབ་ལས་དོན་དེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བླང་བྱ་དོན་འཁྱོལ་ལ་དམ་པོར་དམིགས་པ་དང་། དཔྱད་ཞིབ་ལས་དོན་ལ་གཅིག་གྱུར་སྒོས་ཤུགས་བསྣན་ཏེ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་དང་གྲོང་ཁྱེར། ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བཅས་དང་མཉམ་དུ་དཔྱད་ཞིབ་ལས་དོན་སྤེལ་ནས། ཆེད་དོན་ལས་སྒོ་ཁག7གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས། “ཕན་ནུས་གཙོ་བོར”སྐུལ་སློང་བྱ་རྒྱུར་དམིགས་ཏེ། དཔྱད་ཞིབ་སྐུལ་སློང་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་དང་། ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་འགོ་ཁྲིད་ཚན་ཁག་གི་འགོ་ཁྲིད་གཙོ་བོའི་ཁྲོད་ནས་ཕུལ་བྱུང་ཅན་བདམས་ནས། དཔྱད་ཞིབ་འབྲས་བུའི་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་རིམ་པས་རང་རེའི་ཞིང་ཆེན་གྱི་ཆེད་དོན་དཔྱད་ཞིབ་འབྲས་བུ་དང་རང་རེའི་ཞིང་ཆེན་གྱི་ཆེད་དོན་ལས་སྒོའི་དཔྱད་ཞིབ་འབྲས་བུར་དྲང་ལྡོག་གཉིས་ཐད་ནས་དཔྱད་འཇོག་བྱེད་པ། དཔྱད་ཞིབ་བྱས་རྗེས་གནས་པའི་གནད་དོན་ལ་ལན་སྟེར་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། དཔྱད་ཞིབ་ལ་བརྟེན་ནས་ལས་བྱེད་པར་སྐུལ་འདེད་གཏོང་བའི་ཁྲིད་སྟོན་སྔར་ལས་མངོན་གསལ་ཅན་དུ་གཏོང་དགོས། རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། རང་རེའི་ཞིང་ཆེན་གྱིས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ས་གནས་དང་ལས་ཁུངས་སོ་སོའི་དཔྱད་ཞིབ་ཁུར་པོ་མངོན་གསལ་སྒོས་ཇེ་ཡང་དུ་སོང་ཡོད། མ་འོངས་པར་རང་རེའི་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་། རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་ཕྱོགས་བསྡུས་གྲུབ་འབྲས་མ་ལག་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་། དཔྱད་ཞིབ་དམིགས་འབེན་མ་ལག་དང་དཔྱད་ཞིབ་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སྒྲིག་ལེགས་སྒྱུར་བྱས་ཏེ། གྲུབ་འབྲས་འབུར་ཐོན་ཡོང་བར་བྱེད་པ་དང་མངོན་མེད་བྱས་རྗེས་ཡང་དག་སྔོག་པ། གྲུབ་འབྲས་དངོས་ལ་གདེང་འཇོག་ཡང་དག་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པས་དངོས་སྒྲུབ་སྔོན་བརྩོན་དང་རང་འགན་རང་འཁུར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།