མཚོ་སྔོན་བཟོ་ཚོགས་ཀྱིས2026ལོའི་ལུགས་གསར་རྙིང་ལོ་སར་སྐབས་སུ་དྲོད་ཁོལ་སྐྱེལ་བའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས12ཉིན།   མཚོ་སྔོན་བཟོ་ཚོགས་ཀྱིས2026ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་དྲོད་ཁོལ་སྐྱེལ་བའི་བྱེད་སྒོ་ཟི་ལིང་དུ་དངོས་སུ་སྤེལ་འགོ་བརྩམས།   2025ལོའི་ཟླ12པའི་ཟླ་སྟོད་ནས2026ལོའི་ཟླ3པའི་ཟླ་སྟོད་བར།   ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་འཚམས་འདྲིའི་བྱ་འགུལ་རྒྱ་ཆེར་སྤེལ་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་།  བཟོ་ཚོགས་རྩ་འཛུགས་ཀྱི་དྲོད་ཁོལ་རྒྱ་ཆེའི་ལས་བཟོ་བ་རྣམས་ཀྱི་སེམས་སུ་སྐྱེལ་བར་འགན་སྲུང་བྱ་རྒྱུ་རེད།

ཐེངས་འདིའི་དྲོད་ཁོལ་སྐྱེལ་བའི་བྱེད་སྒོས་བཟོ་སྐྲུན་གཙོ་བོ་དང་ལས་གཞི་གཙོ་བོ།  ཁྱབ་ཁོངས་གཙོ་བོ།  ཨར་ལས་བཟོ་སྐྲུན་དང་སྤྱི་བའི་འགྲིམ་འགྲུལ།    ཁོར་ཡུག་འཕྲོད་བསྟེན་སོགས་ལས་རིགས་གཙོ་བོ་དང་།     ཐོན་སྐྱེད་བདག་གཉེར་གྱི་དཀའ་ཁག་ཡོད་པའི་ཁེ་ལས་དང་ཁེ་ལས་ཕྲན་ཆུང་།    ཆ་རྐྱེན་ཞན་པའི་ཁེ་ལས་སོགས་གཙོ་གཞི་ལ་དམིགས་ནས་ངལ་རྩོལ་དཔེ་ལེགས་ཅན་དང་དཀའ་ཁག་ཡོད་པའི་ལས་བཟོ་པ།     གསར་དུ་ལས་ཞུགས་བྱས་པའི་ངལ་རྩོལ་པ་སོགས་མི་ཚོགས་གཙོ་བོར་བཟུང་ནས་རོགས་སྐྱོར་བྱ་རྒྱུ་ཡིན་ལ།   ལྷག་པར་དུ་དུས་ཆེན་སྐབས་སུ་ལས་གནས་བརྟན་སྲུང་བྱས་ཡོད་པའི་ལས་ཡུལ་དང་པོའི་ལས་བཟོ་པར་དོ་ཁུར་བྱ་རྒྱུ་རེད།  དྲོད་ཁོལ་སྐྱེལ་བའི་བྱེད་སྒོས་ཁེ་ལས་གཙོ་གཞི་དང་།  གྲོང་ཁྱེར་དང་རྫོང་རིམ་པའི་སྤྱིའི་བཟོ་ཚོགས་ཀྱིས་དོན་འཁྱོལ་བྱེད་པ།    ཞིང་ཆེན་རིམ་པའི་སྤྱིའི་བཟོ་ཚོགས་ཀྱིས་སྤྱིའི་འགན་འཁུར་བ།    རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་གཅིག་གྱུར་འཆར་འགོད་བྱེད་པའི་རྩ་དོན་ལྟར།   བྱེད་ཐབས་ནན་མོ་སྤྱད་དེ་དཀའ་ཁག་ཡོད་པའི་ལས་བཟོ་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་།   ཆ་རྐྱེན་དང་མཐུན་པའི་ལས་བཟོ་པ་ཡོད་ཚད་རོགས་སྐྱོར་ཁྱབ་ཁོངས་སུ་འཇོག་པར་འགན་སྲུང་བྱས་ནས་དཀའ་ཁག་ཡོད་པའི་ལས་བཟོ་པ་གཅིག་ཀྱང་ཆད་ལུས་མེད་པ་མངོན་འགྱུར་བྱ་རྒྱུ་རེད།

འགོ་རྩོམ་མཛད་སྒོའི་སྟེང་།  ཞིང་ཆེན་དང་གྲོང་ཁྱེར་ཀྱི་བཟོ་ཚོགས་དང་འབྲེལ་ཡོད་ཐོན་ལས་བཟོ་ཚོགས་ཀྱི་འགན་ཁུར་བློ་མཐུན་གྱིས་ཡུལ་དངོས་ནས་དཀའ་ཁག་ཡོད་པའི་ཁེ་ལས་ཀྱི་འཐུས་མི་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི།    སྤྱི་བདེ་ལས་བྱེད་ཉེན་རྟོག་པ།   འགྲིམ་འགྲུལ་ཉེན་རྟོག་པ།   བདེ་སྲུང་མི་སྣ་སོགས་དང་དེ་བཞིན་ཡིག་ཚགས་སུ་བཀོད་ཡོད་པའི་དཀའ་ཁག་ཅན་གྱི་ལས་བཟོ་པ་རྣམས་ལ་འཚམས་འདྲིའི་མ་དངུལ་བྱིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།