ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་སྲིད་ཁོངས་གཏོགས་ཀྱིས་དམངས་འཚོའི་མ་མཐའི་ཚད་མཐའ་དམ་སྲུང་བྱེད་པ་དམིགས་འབེན་དུ་འཛིན་པ་དང་། མང་ཚོགས་ཀྱི་ཐོལ་བྱུང་རང་བཞིན་དང་དགོས་གཏུག་རང་བཞིན་གྱི་མ་མཐའི་འཚོ་བའི་དཀའ་ཁག་གཞིར་འཛིན་པ། གནས་སྐབས་རོགས་སྐྱོར་བྱ་བ་ཆེར་བསྐྱེད་བཅས་བྱས་ཏེ། མ་དངུལ་འགན་སྲུང་དང་རོགས་སྐྱོར་ཁྱབ་ཁོངས་ཁེབས་ཚད་ཀྱི“འབུར་ཐོན་གཉིས”མངོན་འགྱུར་བྱས། མིག་སྔའི་བར་དུ། ཁྱོན་བསྡོམས་ཁུལ་ཡོངས་ཀྱི་གནས་སྐབས་དཀའ་ཁག་ཅན་གྱི་མང་ཚོགས་མི་ཁྲི་གཅིག་སྟོང་གཉིས་རེ་དྲུག་ལ་གནས་སྐབས་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མི་གྲངས་ཀྱི་ཟིན་ཚད་ཁུལ་ཡོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆའི4.46ཟིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཁ་གྲངས་ལས་བརྒྱ་ཆའི2.79ཡིས་མཐོ།
མཚོ་བྱང་ཁུལ་གྱིས་རྒྱུན་མཐུད་ངང་གནས་སྐབས་རོགས་སྐྱོར་གྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་ཀྱི་མཐིལ་འདེགས་བྱེད་ནུས་ཆེར་བསྐྱེད་བྱས། 2025ལོར། ཁུལ་ཡོངས་སུ་རིམ་པ་གོང་མ་དང་ས་གནས་ཀྱི་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གསུམ་འབུམ་དྲུག་ཁྲི་བརྒྱད་སྟོང་དྲུག་དོན་འཁྱོལ་བྱས་ཡོད་ལ། ཁུལ་ཡོངས་ཀྱི་རོགས་སྐྱོར་ཁ་གསབ་མ་དངུལ་གྱི་བརྒྱ་ཆའི15.25ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི7.6གིས་མཐོ། རིམ་དབྱེ་རིགས་བགར་གྱི་སྤྱི་ཚོགས་རོགས་སྐྱོར་མ་ལག་ལ་གཞིགས་ནས། འགན་སྲུང་བྱ་ཡུལ་དེ་མ་མཐའི་འཚོ་བའི་འགན་སྲུང་དང་། ཧ་ཅང་དབུལ་བོ་ཡིན་པའི་མི་སྣ་ནས་མ་མཐའི་འཚོ་བའི་འགན་སྲུང་གི་མཐའ་འཁོར་ཁྱིམ་ཚང་། ཡུན་རིང་འགྲོ་སྒོ་ཅན་གྱི་དཀའ་ཁག་ཡོད་པའི་ཁྱིམ་ཚང་སོགས་སུ་རྒྱུན་བསྲིངས་ཡོད་ལ། རང་འགུལ་གསར་རྟོགས་དང་མགྱོགས་མྱུར་ངང་དང་ལེན་བྱེད་པའི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ་དང་། སྒོ་བཅར་གྲལ་བཤེར་གྱི་ནུས་ཤུགས་ཆེ་རུ་བཏང་ནས། རོགས་སྐྱོར་རྩིས་ཕྲ་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས། དེ་དང་མཉམ་དུ། ལོ་སར་དང་ལྔ་གཅིག རྒྱལ་སྟོན་དུས་ཆེན་སོགས་དུས་ཆེན་དང་གུང་གསེང་སྐབས་སུ་རྫོང་སོ་སོས་རོགས་སྐྱོར་ལྗང་མདོག་རྒྱུད་ལམ་ཤར་གཏོང་བྱེད་པར་སྣེ་ཁྲིད་བྱས་ཏེ། རོགས་སྐྱོར་བྱ་བ་ལས་མཚམས་མི་འཇོག་པར་འགན་སྲུང་བྱེད་དགོས། རང་འགུལ་གསར་རྟོགས་ཀྱི་ལམ་ལུགས་འཛུགས་བསྐྲུན་དང་འཕྲལ་རྐྱེན་དང་ལེན་ནུས་པའི་མཐོར་འདེགས་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་དང་། རོགས་སྐྱོར་གྱི་དུས་ཐོག་རང་བཞིན་སྔར་བས་ཆེར་བསྐྱེད་བྱས་ཏེ། རོགས་སྐྱོར་གང་ལེགས་བྱེད་པ། དུས་ཐོག་དུ་རོགས་སྐྱོར་བྱེད་པའི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།