
ཚེས9ཉིན་ཨ་རིའི་ཉིའུ་ཡོ་གྲོང་ཁྱེར་ཚོང་ཟོག་ཉོ་ཚོང་ཁང་གི་དངུལ་དཀར་གྱི་དུས་ཆད་ཚོང་ཟོག(期货)གི་རིན་གོང་ཨང་སི(盎司)རེར་ཨ་སྒོར60ཡི་འགག་སྒོ་ཐོག་མར་བརྒལ་ཡོད། ཨ་རིའི《ཝ་ཧྲིན་ཏོན་སྦྲག་སྲིད་ཚགས་པར》གྱིས་ཉིན་དེར་མཁོ་འདོན་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོར་དངུལ་གྱི་རིན་གོང102%འཕར་ཡོད་པ་དེ་ཧ་ལམ་གསེར་གྱི་འཕར་ཚད་ཀྱི60%ལས་བརྒལ་འདུག།
གནས་ཚུལ་སྤེལ་བར་གཞིགས་ན། རྒྱུ་རྐྱེན་མང་པོ་ཞིག་གིས་དངུལ་གྱི་རིན་གོང་སྤྱི་ཡར་བསྟད་པའི་ནང་ཨ་སྒོར་ཉམས་ཞན་དུ་ཕྱིན་པ་དང་། ཨ་རིའི་སྒོ་ཁྲལ་སྲིད་ཇུས་ལ་འགྱུར་ལྡོག་བྱུང་བ་དང་དེ་བཞིན་དངུལ་མཁོ་སྤྲོད་མི་འདང་པ་བཅས་ཀྱི་གནས་ཚུལ་ཐོན་པ་དང་། ནང་སྒོས་ཁྲོམ་རའི་ཐོག་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ལྷན་གྱིས་ཚེས10ཉིན་སླར་ཡང་སྐྱེད་ཀ་ཇེ་དམའ་རུ་གཏོང་བའི་ཁྱབ་སྒྲོག་ལ་ཚང་མས་སྔོན་དཔག་བྱས་ཚད་ཇེ་མཐོར་འགྲོ་བ་ནི་གནད་འགག་རེད། དབྱེ་ཞིབ་མཁན་གྱིས་བལྟས་ན། རྒྱུ་རྐྱེན་དེ་དག་གིས་ཨ་སྒོར་གྱི་དངུལ་བརྗེས་འཛའ་ཐང་སྔར་བས་ཇེ་དམའ་རུ་འགྲོ་སྲིད་པ་དང་ཆབས་ཅིག་དངུལ་གྱི་རིན་གོང་མུ་མཐུད་དུ་ཇེ་མཐོར་འགྲོ་སྲིད་པར་འདོད།

འདི་ནི2022ལོའི་ཟླ1པའི་ཚེས18ཉིན་ཨ་རིའི་ཉིའུ་ཡོ་དངུལ་འཛིན་ཉོ་ཚོང་ཁང་གི་ཕྱི་རོལ་དུ་པར་བླངས་པའི་ཧྭ་ཨེར་ཁྲོམ་གཞུང་གི་ལམ་རྟགས་ཤིག
གནས་ཚུལ་སྤེལ་བ་ལྟར་ན་ད་ལོའི་ལོ་མགོ་ནས་བཟུང་ཨ་སྒོར་གྱི་དངུལ་བརྗེ་འཛའ་ཐང8.5%མར་ཆག་འདུག ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་ཟླ་བ་སྔོན་མར་ཨ་རིའི་འགག་རྩའི་གཏེར་རྫས་ཀྱི་རྩིས་ཐོ་གསར་ཤོས་ཁྱབ་སྒྲོག་བྱས་པ་ལས། གཏེར་རྫས་རིགས10གསར་དུ་བསྣན་པའི་ནང་དངུལ་ཡོད་པས། ཁྲོམ་རའི་སྟེང་ཨ་རིས་ཆེད་དུ་དངུལ་ལ་དམིགས་ནས་སྒོ་ཁྲལ་བསྡུ་སྲིད་པར་སེམས་ཁྲལ་བྱས།
ཉེ་བའི་ལོ་འགའི་རིང་ལ་དངུལ་དཀར་གྱི་ཁྲོམ་རའི་མཁོ་སྤྲོད་དོ་མི་མཉམ་པ་སྟེ། འཛམ་གླིང་དངུལ་དཀར་མཐུན་ཚོགས་ཀྱིས་ཉེ་ལམ་ཕུལ་བའི་སྙན་ཞུ་ཞིག་གི་ནང་ཚོད་དཔག་བྱས་པ་ལྟར་ན། བཟོ་ལས་ཁྱབ་ཁོངས་ཀྱི་དངུལ་གྱི་དགོས་མཁོ་འདས་ཟིན་པའི་ལོ4ཡི་ནང18%འཕར་ཡོད་པ་རེད། མཐུན་ཚོགས་དེས་ད་ལོར་ཁྱབ་སྒྲོག་བྱས་པའི་བརྟག་དཔྱད་འབྲས་བུ་ཞིག་ལས་བཟོ་ལས་ཀྱི་སྤྱོད་སྒོ་དེས་དངུལ་དཀར་སྤྱིའི་དགོས་མཁོའི50%ཙམ་ཟིན་འདུག ཡིན་ན་ཡང་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་དང་མིས་བཟོས་རིག་ནུས་གཞི་གྲངས་ལྟེ་གནས་ལ་མ་དངུལ་གཏོང་འཇོག་ཇེ་མང་དུ་ཕྱིན་པ་དེ་ནི་དངུལ་དཀར་གྱི་དགོས་མཁོར་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན་པ་བསྟན་ཡོད།
གཞན་ཡང་རྒྱ་གར་གྱི་མ་དངུལ་གཏོང་འཇོག་བྱེད་མཁན་གྱི་དངུལ་དཀར་གྱི་དགོས་མཁོ་ཆེས་ཆེར་འཕར་ཡོད་པ་ནི། 《ཝ་ཧྲིན་ཏོན་སྦྲག་སྲིད་ཚགས་པར》གཞིར་བཟུང་ན། ཉེ་ཆར་རྒྱ་གར་ཀྲུང་དབྱང་དངུལ་ཁང་གིས་དངུལ་དཀར་གཏའ་མ་བཞག་སྟེ། དངུལ་བུན་ལེན་ཆོག་པ་ཐག་བཅད་འདུག ལྕགས་རིགས་ལས་རིགས་སྨྱན་སྦྱོར་ཅིན་ཐུའོ(金拓)གསར་འགྱུར་དྲ་ཚིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་ནི་ད་ཆ་གོ་ལ་ཧྲིལ་པོའི་དངུལ་དཀར་མ་འཇོག་གི་ཁྲོམ་ར་ཆེ་ཤོས་ཀྱི་གཉིས་པར་ཆགས་ཡོད་པར་བཤད།
འཛམ་གླིང་དངུལ་དཀར་མཐུན་ཚོགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ད་ལོར་གོ་ལ་ཧྲིལ་པོའི་གཏེར་རི་ལས་དངུལ་དཀར་ཨང་སི་དུང་ཕྱུར8.13ལས་ཐོན་སྐྱེད་བྱེད་མི་ཐུབ་པ་དང་། དེ་ནི2021ལོའི་ཐོན་ཚད་ལས་ཅུང་དམའ་བ་རེད། གཏེར་ཁུངས་ཀྱི་ལོ་རེའི་ཐོན་ཚད་ལ་ཚད་བཀག་ཡོད་པས། གཏེར་ཁ་གསར་པ་ཞིག་ཕྱེས་ནས་འཁོར་སྐྱོད་བྱེད་ན་དེ་ལ་ལོ་མང་པོ་ཞིག་གི་དུས་ཚོད་དགོས་ཀྱི་ཡོད་པས་དངུལ་མཁོ་སྤྲོད་བྱེད་ཚད་ལ་སྔར་བཞིན་ཚད་བཀག་ཡོད་ཚུལ་བརྗོད་ཡོད།
ཟླ10པར་ཨ་རིའི་ཀའོ་ཧྲེང(高盛)སྡེ་ཤོག་གི་དབྱེ་ཞིབ་མཁན་པོས། ཟླ10བར་མ་དངུལ་གཏོང་མཁན་ལ་དངུལ་དཀར་གྱི་རིན་གོང་ཆེས་ཆེར་འཕར་བར་གཟབ་གཟབ་བྱ་དགོས་པའི་ཉེན་བརྡ་བཏང་པ་ནི། “ང་ཚོས་བལྟས་ན། དངུལ་དཀར་ལ་གསེར་ལས་ཀྱང་འཕར་ཆག་རང་བཞིན་དང་རིན་གོང་མར་ཆག་པའི་ཉེན་ཁ་ཆེ་བསམ་ལ། དེ་ལས་གསེར་ནི་གྲུབ་ཚུལ་རང་བཞིན་གྱི་ཀྲུང་དབྱང་དངུལ་ཁང་གི་ཉོ་སྒྲུབ་ཀྱི་འདེགས་སྐྱོར་ཐོབ་པའི་ཚོང་ཟོག་ཁོ་ན་ཡིན”ཞེས་བཤད་འདུག