ཞིང་ཆེན་སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱིས་སྐབས་དང་པོའི་ཁོངས་མའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས11ཉིན།  ཞིང་ཆེན་སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱིས་སྐབས་དང་པོའི་ཁོངས་མའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ།  བྱ་བའི་སྙན་ཞུར་གྲོས་ཞིབ་དང་། སྔོན་ཐོན་པར་གཟེངས་བསྟོད་བྱས།

གྲོས་ཚོགས་ལས་འདས་པའི་ལོ་གཅིག་རིང་། ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་འདོམས་པུའུ་ཡི་འགོ་ཁྲིད་འོག། ཞིང་ཆེན་སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཀྱི་གྲལ་རིམ་གསར་བའི་མི་སྣའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་བསྐྲུན་པའི་ངེས་གནས་དམ་འཛིན་ཏན་ཏིག་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་བསམ་བློའི་སྣེ་ཁྲིད་ཨང་དང་པོར་བཞག་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བ་གཙོ་བོར་དམིགས་པ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དང་ཞབས་ཞུའི་དཔལ་འབྱོར་འཕེལ་རྒྱས་སོགས་ཕྱོགས་ཀྱི་འགན་འཁྲི་གསར་བ་དང་ལེན་བྱས་ནས། བྱས་རྗེས་གསར་བ་ངོམས་དགོས་ཞེས་བསྟན།

གྲོས་ཚོགས་ལས2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་མགོ་རྩོམ་པའི་ལོ་ཡིན་ལ། དེ་བས་ཀྱང་ཞིང་ཆེན་སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱིས་བབ་དང་བསྟུན་ནས་གོང་དུ་སྤེལ་བ་དང་སྤུས་ཚད་དང་ལས་ཆོད་མཐོར་འདེགས་གཏོང་བའི་འབད་བརྩོན་གྱི་ལོ་ཡིན། ཐུན་མོང་གི་ཆབ་སྲིད་བསམ་བློའི་རྨང་གཞི་སྲ་བརྟན་གཏོང་བ་ལས་འགན་གཙོ་བོར་བྱེད་པ་རྒྱུན་འཁྱོངས་དང་། མིའི་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དེ་ཞིང་ཆེན་ཏང་ཨུའི་ཐག་གཅོད་བཀོད་སྒྲིག་སྟེང་འཇོག་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། གྲོང་གསེབ་དར་སྤེལ། ཚན་རྩལ་གསར་གཏོད། རིག་གནས་དར་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། མགོ་རྩོམ་ས་དང་ཤུགས་འདོན་ས་གནད་ལ་ཁེལ་བའི་སྒོ་ནས། ལྟེ་བའི་སྤྱི་ཁོག་ཞབས་ཞུའི་སྟེང་འགན་འཁྲི་གསར་བ་ངོམས་དགོས། མཛའ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་ཚད་ལྡན་ཅན་འཛུགས་བསྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་འཛུགས་བསྐྲུན་བྱེད་པ་ནི་ཆབ་སྲིད་བརྟན་པོ་དང་ཁྱད་ཆོས་མངོན་གསལ། ལམ་ལུགས་འཐུས་ཚང་། ཞབས་ཞུའི་ལས་ཆོད་མཐོ་བ་དང་སྤྱོད་ལམ་ལེགས་པ་བཅས་ཀྱི“སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣའི་གཞིས་ཁྱིམ”ཞིག་ཏུ་འགྱུར་བར་བྱེད་དགོས། སྦྲེལ་ཟམ་དང་འབྲེལ་ཐག་གི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། རྒྱུན་མཐུད་ངང་རྩ་འཛུགས་ཀྱི་འགུག་ཤུགས་དང་གཅིག་སྒྲིལ་ནུས་ཤུགས་ཆེར་བསྐྱེད་བྱས་ཏེ། གོམ་གང་མདུན་སྤོས་སྒོས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣས་སེམས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་འགན་ཁུར་བྱེད་པར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།