
ཟླ12པའི་ཚེས10ཉིན་ནས་ཚེས11ཉིན་བར'ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ12པའི་ཚེས10ཉིན་ནས་ཚེས11ཉིན་བར'ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ12པའི་ཚེས10ཉིན་ནས་ཚེས11ཉིན་བར'ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ལི་ཆང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས།
ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ཟླ12པའི་ཚེས10ཉིན་ནས་ཚེས11ཉིན་བར་པེ་ཅིང་དུ་བསྡུས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང་དུ2025ལོའི་དཔལ་འབྱོར་བྱ་བར་སྤྱི་སྡོམ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་མཛད་ནས། 2026ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་གནང་། ལི་ཆང་གིས་སྤྱི་སྡོམ་གསུང་བཤད་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སང་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་བླང་བྱ་བཏོན།
ཚོགས་འདུ་ལས་བསྟན་དོན། ད་ལོ་ནི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་བ་གདོང་གིས་བསུས་ཤིང་། འབད་འབུངས་ལྷོད་མེད་བྱས་ལ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་དང་། སྔར་ལས་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་ཏུ་བསྟར་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས། རང་རྒྱལ་གྱི་དཔལ་འབྱོར་གནོན་ཐེག་མདུན་སྐྱོད་དང་། གསར་པ་དང་བཟང་ཕྱོགས་སུ་འཕེལ་རྒྱས་སོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ལ། བཅོས་བསྒྱུར་སྒོ་འབྱེད་ཐད་གོམ་སྟབས་གསར་པ་སྤོས་ཤིང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སེལ་བར་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། དམངས་འཚོ་འགན་ལེན་སྔར་ལས་ནུས་ལྡན་ཡིན་པ་རེད། འདས་པའི་ལོ5ཡི་ནང་། ང་ཚོས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་གྲུབ་འབྲས་གལ་ཆེན་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མཇུག་སྒྲིལ་ལ་ཉེ་ཞིང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་འགོ་ལེགས་པོ་བརྩམས།
ཚོགས་འདུ་ལས་ལག་ལེན་བརྒྱུད་དེ་གནས་བབ་གསར་པའི་འོག་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་རྒྱུར་ང་ཚོར་ངོས་འཛིན་དང་མྱོང་ཚོར་གསར་པ་བྱུང་བ་སྟེ། ངེས་པར་དུ་དཔལ་འབྱོར་གྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། ངེས་པར་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་བཅོས་སྒྱུར་གསར་གཏོད་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་དམ་ལྷོད་ཡག་པོ་བྱེད་པ། ངེས་པར་དུ་དངོས་པོ་དང་མིའི་ཐད་མ་དངུལ་གཏོང་བ་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ནང་སྟོབས་སྦྱང་བར་བརྟེན་ནས་ཕྱི་རོལ་གྱི་འགྲན་རྩོད་ལ་གདོང་གཏོད་པ་བཅས་བྱེད་དགོས་པར་འདོད།
ཚོགས་འདུ་ལས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་སྔར་བཞིན་གནད་དོན་རྙིང་པ་དང་འགྲན་རྩོད་གསར་པ་མི་ཉུང་བ་ཡོད་དེ། ཕྱི་ཕྱོགས་ཁོར་ཡུག་འགྱུར་ལྡོག་གི་ཤུགས་རྐྱེན་གཏིང་ཟབ་ཏུ་ཕྱིན་པ་དང་། རྒྱལ་ནང་གི་མཁོ་སྤྲོད་མང་བ་དང་དགོས་མཁོ་ཉུང་བའི་འགལ་བ་འབུར་ཐོན་ཡིན་ལ། ཁྱབ་ཁོངས་གཙོ་བོའི་མངོན་མེད་རྐྱེན་ངན་ཅུང་མང་། འདི་དག་མང་ཆེ་བ་ནི་འཕེལ་རྒྱས་དང་ཚུལ་བསྒྱུར་ཁྲོད་ཀྱི་གནད་དོན་ཡིན་ཞིང་། འབད་བརྩོན་བྱས་ན་ཐག་གཅོད་བྱེད་ཐུབ་སྟེ། རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པས། ཡིད་ཆེས་ཇེ་བརྟན་དང་དགེ་མཚན་ལེགས་པར་སྤྱོད་པ། འགྲན་རྩོད་ལ་གདོང་གཏོད་པ་བཅས་བྱས་ནས། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་ཇེ་བརྟན་དང་རྒྱ་སྐྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་གྲུབ་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། རྒྱལ་ནང་གི་དཔལ་འབྱོར་བྱ་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་འཐབ་རྩོད་ལ་གཅིག་འདོམས་སྔར་ལས་ལེགས་པོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ཐད་གཅིག་འདོམས་སྔར་ལས་ལེགས་པོ་བྱེད་པ། སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ། སྲིད་ཇུས་ཀྱི་མདུན་ལྟའི་རང་བཞིན་དང་དམིགས་སའི་རང་བཞིན། མཉམ་ལས་རང་བཞིན་བཅས་ཆེ་རུ་གཏོང་བ། རྒྱུན་མཐུད་ངང་ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ལེགས་བསྒྱུར་བྱེད་པ། འཕར་ཚད་ལེགས་བསྒྱུར་དང་བསགས་འབོར་མང་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་རྒྱུན་མཐུད་ངང་འགོག་ཟོན་དང་སེལ་ཐབས་བྱེད་པ། ལས་ཞུགས་བརྟན་འཇགས་དང་ཁེ་ལས་བརྟན་འཇགས། ཚོང་ར་བརྟན་འཇགས། སྔོན་དཔག་བརྟན་འཇགས་བཅས་ཡོང་བར་ཤུགས་སྣོན་པ། དཔལ་འབྱོར་ངོ་བོའི་ཐོག་ནས་མཐོར་འདེགས་ནུས་ལྡན་དང་གྲངས་ཀྱི་ཐོག་ནས་ལུགས་མཐུན་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་རྒྱུན་འཁྱོངས་བཅས་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་ཞིག་རྩོམ་དགོས།
ཚོགས་འདུ་ལས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བའི་སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་ནས། བརྟན་ཐོག་ཡར་འཕེལ་དང་སྤུས་འདེགས་ནུས་སྤེལ་རྒྱུན་འཁྱོངས་དང་། གསོག་ཚད་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ། ལྡོག་པའི་འཁོར་ཡུན་དང་འཁོར་ཡུན་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་ཕན་ནུས་ཇེ་མཐོར་གཏོང་དགོས། དགེ་མཚན་སྔར་ལས་ཆེ་བའི་ནོར་སྲིད་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས། དགོས་ངེས་ཀྱི་ནོར་སྲིད་མཚལ་ཡིག་དང་བུ་ལོན་གྱི་སྤྱིའི་གཞི་ཁྱོན། འགྲོ་སོང་གི་བསྡོམས་འབོར་བཅས་རྒྱུན་འཁྱོངས་བྱེད་པ་དང་། ནོར་སྲིད་ཚན་རིག་དང་མཐུན་པར་དོ་དམ་བྱེད་པར་ཤུགས་སྣོན་པ། ནོར་སྲིད་འགྲོ་གྲོན་གྱི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། ཁྲལ་བསྡུའི་གཟིགས་སྐྱོང་དང་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། ས་གནས་ནོར་སྲིད་ཀྱི་དཀའ་ཁག་ཐག་གཅོད་པར་མཐོང་ཆེན་བྱས་ཏེ་གཞི་རིམ་གྱི“འགན་ལེན་གསུམ”གྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ཇེ་དམ་དུ་བཏང་ནས་ཏང་སྲིད་ལས་ཁུངས་ཀྱིས་འགྲོ་གྲོན་ཇེ་ཉུང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འོས་འཚམ་གློད་གཏོང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས། དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བ་དང་དངོས་གོང་ལུགས་མཐུན་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་དངུལ་ལོར་སྲིད་ཇུས་ཀྱི་བསམ་གཞིགས་གལ་ཆེན་དུ་བརྩིས་ནས་བབ་བསྟུན་ནུས་ཆེའི་སྒོ་ནས་སྐྱེད་ཀ་གཅོག་པ་སོགས་ཀྱི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་སྤྱད་ནས་འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་བྱ་དགོས་ལ། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་ལམ་སྲོལ་ཤར་བགྲོད་ཐུབ་པ་བྱས་ཏེ། དངུལ་རྩའི་ལས་ཁུངས་ཀྱིས་ནང་མཁོ་རྒྱ་སྐྱེད་དང་ཚན་རྩལ་གསར་གཏོད། ཁེ་ལས་འབྲིང་ཆུང་ཕྲན་གསུམ་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས། མི་དམངས་ཤོག་སྒོར་གྱི་འཛའ་ཕྱོད་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱ་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་གྱུར་རང་བཞིན་དང་ནུས་ལྡན་རང་བཞིན་ཇེ་ཆེ་རུ་གཏོང་དགོས། རིགས་སོ་སོའི་དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་མིན་པའི་སྲིད་ཇུས། གསོག་གྲངས་སྲིད་ཇུས་དང་འཕར་གྲངས་སྲིད་ཇུས་བཅས་སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ནང་འཇུག་དགོས། སྔོན་དཔག་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས།
ཚོགས་འདུ་ལས་སང་ལོའི་དཔལ་འབྱོར་བྱ་བའི་ཐད་གཤམ་གསལ་གྱི་གཙོ་གནད་ལས་འགན་དམ་འཛིན་ཡག་པོ་བྱ་དགོས་པ་གཏན་འབེབས་བྱས་ཡོད་དེ། གཅིག་ནི་ནང་མཁོའི་གཙོ་ཁྲིད་རྒྱུན་འཁྱོངས་བྱས་ནས་རྒྱལ་ནང་གི་ཚོང་ར་སྟོབས་ལྡན་འཛུགས་སྐྲུན་བྱ་དགོས། འཛད་སྤྱོད་མཐོར་འདེགས་གཏོང་བའི་ཆེད་དོན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱ་དགོས། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཇེ་ཆེར་གཏོང་དགོས། “གསར་པ་གཉིས”ཀྱི་སྲིད་ཇུས་ལག་བསྟར་ལེགས་སྒྱུར་བྱ་དགོས། འཛད་སྤྱོད་ཁྱབ་ཁོངས་ཀྱི་ལུགས་དང་མི་མཐུན་པའི་ཚོད་འཛིན་བྱེད་ཐབས་གཙང་བཤེར་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་སྦས་ཤུགས་འདོན་སྤེལ་བྱ་དགོས། མ་དངུལ་འཇོག་པ་ཇེ་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་འཇོག་པའི་གཞི་ཁྱོན་འོས་འཚམ་གྱིས་ཇེ་མང་དུ་གཏོང་བ། “གཙོ་གནད་གཉིས”ཀྱི་ལས་གཞི་ལག་བསྟར་ལེགས་སྒྱུར་བྱེད་པ། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་གྱི་སྤྱོད་སྒོ་དོ་དམ་ལེགས་སྒྱུར་བྱེད་པ། སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་དངུལ་རྩའི་བྱེད་ཐབས་གསར་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས། དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་གསོན་ཤུགས་སྐུལ་སློང་ནུས་ལྡན་བྱ་དགོས། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་དགོས།
གཉིས་ནི་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་དམ་འཛིན་བྱ་དགོས། གཞི་གཅིག་ཅན་གྱི་སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཇུས་གཞི་བཟོ་དགོས། པེ་ཅིང(པེ་ཅིང་ཐེན་ཅིན་ཧི་པེ་གསུམ)དང་། ཧྲང་ཧའེ(འབྲི་ཆུའི་ཟུར་གསུམ་གླིང) ཀོང་ཏུང་དང་ཞང་ཀང་། ཨོ་མོན་མཚོ་ཁུགས་ཆེན་མོའི་ཁུལ་བཅས་ཀྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱ་དགོས། ཁེ་ལས་ཀྱི་གསར་གཏོད་གཙོ་གཞིའི་གོ་གནས་ལ་ཤུགས་བསྣན་ནས་གསར་དར་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དངོས་ཀྱི་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞབས་ཞུའི་ལས་རིགས་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་འཆར་གཞི་བཟོ་དགོས། སྐོར་གསར་པའི་གཙོ་གནད་ཐོན་ལས་སྦྲེལ་ཐག་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱ་དགོས། “མི་ཐབས་རིག་ནུས་དང་མཉམ་འབྲེལ་བྱེད་པ”ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བ་དང་། མི་ཐབས་རིག་ནུས་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། ཚན་རྩལ་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱ་དགོས།
གསུམ་ནི་བཅོས་བསྒྱུར་འགག་སྒྲོལ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་སྲོལ་ཡིག་གཏན་འབེབས་དང་། “ནང་ཡིག་རྣམ་པའི”འགྲན་རྩོད་དག་ཐེར་བཅོས་སྐྱོང་གཏིང་ཟབ་བྱ་དགོས། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ཇུས་གཞི་བཟོ་བ་དང་ལག་བསྟར་བྱས་ཏེ། དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་ཀྱི་མ་ལག་ཚང་བའི་ཁྲིམས་སྲོལ་དང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཁེ་ལས་ཀྱི་རྩིས་ཁྲར་ལུས་པའི་དངུལ་གཙང་བཤེར་གང་མགྱོགས་བྱ་དགོས། སྟེགས་བུའི་ཁེ་ལས་དང་སྟེགས་བུའི་ནང་གི་གཉེར་སྐྱོང་པ་དང་ངལ་རྩོལ་པ་མཉམ་རྒྱལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་འགྱུར་བའི་བཅོས་བསྒྱུར་ཚོད་ལྟ་བྱེད་རྒྱ་ཇེ་ཆེ་རུ་གཏོང་དགོས། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏོང་དགོས། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་གྲངས་འབོར་ཉུང་གཏོང་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མ་རྩའི་ཁྲོམ་རའི་མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་ཕྱོགས་བསྡུས་བཅོས་བསྒྱུར་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས།
བཞི་ནི་ཕྱི་ཕྱོགས་སྒོ་འབྱེད་མཐའ་འཁྱོངས་བྱས་ནས་ཁྱབ་ཁོངས་མང་པོའི་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁོངས་ཀྱི་རང་བདག་སྒོ་འབྱེད་གོ་རིམ་ལྡན་པའི་སྒོ་ནས་རྒྱ་བསྐྱེད་དེ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཆགས་སྟངས་ཁྱབ་ཁོངས་ལེགས་སྒྱུར་བྱས་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཉོ་ཚོང་དངུལ་གཏོང་གཞི་གཅིག་ཅན་དང་ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུ་ཕྱིར་གཏོང་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས། གྲངས་འཛིན་ཉོ་ཚོང་དང་ལྗང་མདོག་ཉོ་ཚོང་དར་སྤེལ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་བའི་དངུལ་གཏོང་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་སྔར་ལས་མང་པོ་དང་ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་གྲོས་མཐུན་ལ་ཚོང་ལས་མིང་རྟགས་འགོད་པར་སྐུལ་འདེད་གཏོང་དགོས།
ལྔ་ནི་མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་མཁར་གྲོང་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས། རྫོང་མཁར་འདེགས་སྐྱོར་གལ་ཆེན་ཡིན་པའི་མཁར་གྲོང་ཅན་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་སྤེལ་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྨོ་ཞིང་གི་ཚད་མཐའ་ནན་སྲུང་དང་། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་འབྲུ་རིགས་ཐོན་སྐྱེད་དམ་འཛིན་ལེགས་པོ་བྱས་ཏེ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་སྲུང་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་ནས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ནང་བཞག་སྟེ་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱེད་དགོས་ལ། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་མི་འགྱུར་བའི་ཚད་མཐའ་དམ་པོར་སྲུང་དགོས། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་བར་རྒྱབ་སྐྱོར་བྱེད་དགོས། གཙོ་གནད་གྲོང་ཁྱེར་ཁྱུ་ཚོགས་བར་གྱི་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་ས་ཁོངས་ལས་བརྒལ་བའི་མཉམ་ལས་ཟབ་སྤེལ་བྱེད་དགོས། མཚོ་ཁུག་གཙོ་བོའི་སྤྱི་ཡོངས་འཆར་འགོད་ལ་ཤུགས་བསྣན་ནས་རྒྱ་མཚོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
དྲུག་ནི་ཐཱན་གཉིས་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་ཕྱོགས་ཡོངས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་བསྒྱུར་བཀོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད་གཏན་འབེབས་བྱེད་པ་དང་། ནུས་ཁུངས་མ་ལག་གསར་པ་གང་མགྱོགས་སྒོས་འཛུགས་སྐྲུན་བྱས་ནས། ལྗང་གློག་བཀོལ་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲ་གཟུགས་ཀྱི་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། གནམ་སྔོ་ཞིང་ཆུ་དྭངས་པའི་དག་གཙང་སྲུང་སྐྱོང་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་དང་། སྦགས་བཙོག་དངོས་པོ་གསར་པའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རང་བྱུང་སྲུང་སྐྱོང་ས་ཁུལ་སྡེབ་སྒྲིག་ལེགས་སྒྱུར་བྱེད་དགོས། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ཉེན་ཟོན་མ་ལག་འཛུགས་པར་ཤུགས་བསྣན་ནས། བྱང་རྒྱུད་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་སྒོས་གསབ་ནས། ཉེན་ཆེའི་གནམ་གཤིས་ལ་གདོང་གཏོད་པའི་ནུས་པ་ཆེ་རུ་གཏོང་དགོས།
བདུན་ནི་དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ལ་བྱ་བ་དངོས་མང་པོ་སྒྲུབ་དགོས། ལས་གནས་བརྟན་པོར་གཏོང་བ་དང་ཇེ་མང་དུ་གཏོང་བའི་འགུལ་སྐྱོད་སྤེལ་ཏེ། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དང་ཞིང་བ་ཞོར་ལས་པ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ཇེ་བརྟན་དུ་གཏོང་དགོས་ལ། བབ་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་རྣམ་པ་གསར་པའི་མི་སྣ་དག་ལས་བཟོའི་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། སློབ་གསོའི་ཐོན་ཁུངས་ཀྱི་གྲུབ་ཚུལ་རྣམ་པ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། མཐོ་འབྲིང་དཀྱུས་མའི་སློབ་གནས་འདོན་སྤྲོད་དང་ཕུལ་བྱུང་སློབ་ཆེན་གྱི་དངོས་གཞིའི་སློབ་མ་བསྡུ་ཚད་ཇེ་མང་དུ་གཏོང་དགོས། སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཇེ་ལེགས་སུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་བཅོས་སྒྱུར་ཟབ་མོ་བྱེད་དགོས། ཁམས་གསོའི་ནད་སྐྱོང་ཐད་ཤོང་རྒྱ་ཆེ་རུ་གཏོང་བ་དང་སྤུས་ཚད་ཇེ་མཐོར་གཏོང་བའི་བྱ་བ་ལག་བསྟར་བྱས་ནས། ཡུན་རིང་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་ཁྱབ་སྤེལ་བྱེད་དགོས་ལ། དཀའ་ངལ་ཡོད་པའི་མང་ཚོགས་ལ་གཅེས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉེན་སྒྲིག་དང་བུ་བཙའི་ལྟ་བ་ཡང་དག་དར་སྤེལ་བཏང་ནས། གསར་སྐྱེས་མི་འབོར་གྱི་གཞི་ཁྱོན་བརྟན་པོ་ཡོང་བར་འབད་པ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་རྒུད་སྐྱོབ། ཟས་རིགས་དང་སྨན་རྫས་བདེ་འཇགས་སོགས་ཀྱི་བྱ་བ་ཏན་ཏིག་ངང་ལེགས་པོར་བསྒྲུབ་དགོས།
བརྒྱད་ནི་ཚད་མཐའ་བརྟན་སྲུང་མཐའ་འཁྱོངས་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་བརྟན་པོར་སེལ་དགོས། ཁང་སའི་ཐོན་ལས་ཀྱི་ཁྲོམ་རའི་བརྟན་བརླིང་ལ་བསྣན་ནས། གྲོང་ཁྱེར་ལྟར་ཇུས་འདོན་དང་འཕར་གྲངས་ཚོད་འཛིན། མཛོད་ཉར་ཉུང་འཕྲི་དང་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ལག་ཡོད་ཚོང་ཟོག་ཁང་པ་ཉོ་སྒྲུབ་བྱས་ནས་གཙོ་བོར་འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་ལ་སྤྱོད་རྒྱུར་སྐུལ་མ་གཏོང་དགོས། སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་། ཁང་པ་དགའ་བོ་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་དགོས། ཁང་སའི་ཐོན་ལས་ཀྱི་འཕེལ་རྒྱས་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་སྐྱོང་བྱེད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་གོ་རིམ་ལྡན་པའི་སྒོ་ནས་སེལ་ཏེ་ས་གནས་སོ་སོས་རང་འགུལ་ངང་བུ་ལོན་སྤྲོད་པ་དང་སྒྲིག་འགལ་ངང་མངོན་མེད་བུ་ལོན་ཇེ་མང་དུ་མི་གཏོང་བའི་ཐད་ལྟ་སྐུལ་བྱེད་དགོས། བུ་ལོན་བསྐྱར་སྒྲིག་དང་བརྗེ་ལེན་བྱེད་ཐབས་ཇེ་ལེགས་སུ་གཏོང་བ་དང་། བྱེད་ཐབས་སྣ་མང་སྤྱད་དེ་ས་གནས་སྲིད་གཞུང་གི་མ་དངུལ་བསྡུ་རུབ་ལས་སྟེགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་བུ་ལོན་ཉེན་ཁ་སེལ་དགོས།
ཚོགས་འདུ་ལས་བསྟན་དོན། རང་རྟོགས་སྒོས་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གིས་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་བྱས་ཏེ་མ་འོངས་པའི་འཕེལ་རྒྱས་ལ་བཅངས་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཧུར་བརྩོན་དང་དངོས་སྒྲུབ་ཀྱི་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། དཀའ་ངལ་གནད་དོན་དམིགས་སུ་བགར་ནས་ཐག་བཅད་དེ། སྤུས་ཚད་མཐོར་འདེགས་གཏོང་བའི་ཐད་སྔར་ལས་ལྷག་པའི་ཐོལ་བརྒལ་བྱས་ནས་གྲོང་མི་དང་ཁེ་ལས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས། བཅོས་སྒྱུར་དང་སྲིད་ཇུས་ཀྱི་མཐུན་སྦྱོར་ཕན་འབྲས་ཆེ་རུ་བཏང་ནས་དཔལ་འབྱོར་འཁོར་རྒྱུག་དང་ཁྲོམ་རའི་སྔོན་དཔག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཆེན་པོའི་ཁྲོད་ནས་ཕྱི་ལོའི་དཔལ་འབྱོར་བྱ་བའི་འགག་རྩའི་ཤུགས་འདོན་ས་ཁོང་དུ་ཆུད་པར་བྱས་ནས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་ཇེ་དྲག་ཏུ་གཏོང་བར་དམིགས་ཏེ། ནང་མཁོ་འཕར་སྣོན་ཡོང་བའི་བར་སྟོང་གསར་པ་རྒྱ་བསྐྱེད་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་དམིགས་ཏེ་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་དགོས། དམངས་འཚོ་བདེ་སྐྱིད་མུ་མཐུད་དུ་ཇེ་དྲག་ཏུ་འགྲོ་བར་དམིགས་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས་གཏོང་ཤུགས་ཆེ་རུ་གཏོང་དགོས། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་རྒྱུར་དམིགས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ཐག་གཅོད་ཡག་པོ་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཏང་གིས་དཔལ་འབྱོར་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས་གཅིག་གྱུར་གྱི་འདོད་བློ་དང་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་དང་། ཡུལ་བབ་དང་བསྟུན་ཏེ་ཏང་ཀྲུང་དབྱང་གི་སང་ལོའི་དཔལ་འབྱོར་བྱ་བའི་སྐོར་གྱི་བསམ་ཕྱོགས་དང་ལས་འགན། སྲིད་ཇུས་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། སྲིད་སྐྱོང་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་འཛིན་པ་དང་ལག་ལེན་དུ་བསྟར་བ། མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་གྲུབ་འབྲས་ལེན་པ། དངོས་སྒྲུབ་ལ་བརྟེན་ནས་སྲིད་སྐྱོང་གྲུབ་འབྲས་ལེན་པ་བཅས་རྒྱུན་འཁྱོངས་བྱས་ནས། རང་རྟོགས་སྒོས་ཆོས་ཉིད་ལྟར་བྱ་བ་བསྒྲུབ་པ་དང་། བར་ཁྱད་ཅན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གྲོས་གཞི》ལྟར་རྒྱལ་ཁབ་དང་ས་གནས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”དང་དེ་བཞིན་ཆེད་དམིགས་འཆར་འགོད་བཟོས་ཏེ། སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཁོར་ཡུག་དང་ཤེས་ལྡན་མི་སྣའི་ཁོར་ཡུག ཚོང་གཉེར་ཁོར་ཡུག གླེང་ཕྱོགས་ཁོར་ཡུག་བཅས་བཟང་པོ་བསྐྲུན་ཏེ། སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་དྲང་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།
ཚོགས་འདུ་ལས་ལོ་མཇུག་དང་ལོ་འགོའི་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་གྱི་བྱ་བ་ཡག་པོ་སྒྲུབ་དགོས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱས་ཏེ་དོན་རྐྱེན་ཚབས་ཆེན་དང་དམིགས་བསལ་ཅན་འབྱུང་བར་སྔོན་འགོག་དང་བཀག་སྡོམ་མཐའ་གཅིག་ཏུ་བྱ་དགོས་པའི་བླང་བྱ་བཏོན།
ཚོགས་འདུ་ལས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མི་བརྒྱ་སེམས་གཅིག་དང་དཔའ་ངར་མདུན་སྐྱོད་བྱས་ནས། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འི་འགོ་ཡག་པོ་རྩོམ་རྒྱུ་དང་གོམ་སྟབས་ཡག་པོ་སྤོ་རྒྱུར་འགན་ལེན་བྱེད་དགོས་པའི་སྐུལ་སློང་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། དེ་མིན་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་སོགས་ཚོགས་འདུར་ཞུགས།
ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་ཁག་ཅིག ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད།