ཟླ12པའི་ཚེས་9ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཚོ་སྔོན་ཞིང་ཆེན་གྱི་《གཟུགས་འདས་ཤུལ་བཞག་་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》གཞིར་བཟུང་ནས། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་བྱས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕུལ་བྱུང་ལག་ལེན་གྱོད་དཔེ་སྐོར་ཐེངས་དང་པོ10ཁྱབ་བསྒྲགས་བྱས་པ་དེའི་དམིགས་ཡུལ་ནི་ཕུལ་བྱུང་ལག་ལེན་གྱོད་དཔེ་ཁྱབ་གདལ་གཏོང་བ་དང་དཔེ་སྟོན་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་དེ་སྔར་བས་ཁྱབ་ཁོངས་ཡངས་པ་དང་རིམ་པ་གཏིང་ཟབ་པ། ཆུ་ཚད་མཐོ་བའི་སྒོ་ནས་མཉམ་འདྲེས་མངོན་འགྱུར་ལ་སྐུལ་འདེད་བཏང་ནས། གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཁོར་ཡུག་བཟང་པོ་གཏོད་རྒྱུ་དེ་ཡིན།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ ལ་དམིགས་ནས། Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་། ཡུལ་སྐོར་སྤྲོ་གསེང་ཁུལ། ཡུལ་སྐོར་སྤྲོ་གསེང་སྲང་ཁུལ། གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ། མཚན་མོའི་རིག་གནས་ཡུལ་སྐོར་འཛད་སྤྱོད་འདུས་ཁུལ་སོགས་གཞི་རྟེན་ལ་མཉམ་འབྲེལ་ཐོག་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལག་ལེན་གྱོད་དཔེ་བསྡུ་རུབ་དང་དཔྱད་ཞིབ་ལས་དོན་སྤེལ་བ་དང་། མཐར་མཉམ་འདྲེས་གྱོད་དཔེ10 བདམས་པ་དེས་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྒྱ་ཁྱབ་ཀྱི་ལག་ལེན་དང་གསར་གཏོད་ཀྱི་གསོན་ཤུགས་མངོན་ཡོད།
ད་ཐེངས་བདམས་པའི་གྱོད་དཔེ་ནི་ཐོག་མར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། ཡུལ་སྐོར་བས་ལྟ་སྐོར་བྱེད་སྐབས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱིས་ཐེག་པའི་རིག་གནས་ཀྱི་ཁོར་ཡུག་ནང་ཞུགས་ཐུབ། དཔེར་ན། སྟོང་སྐོར་གནའ་མཁར་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་“འགྲེམ་སྟོན་དང་ཉམས་ལེན། ཕྱིར་འཚོང་བཅས་ཀྱི་སྣ་མང་རྣམ་པའི་ཐོག་ནས་གནའ་མཁར་གྱི་གྲུབ་ཆ་དང་འདྲེས་པར་བྱས་པས། ཡུལ་སྐོར་བས་ལྟ་སྐོར་བྱེད་སྐབས་རིག་གནས་ཀྱི་དྲོད་ཁོལ་མྱོང་ཐུབ་པ་མ་ཟད། གཟུགས་འདས་ཤུལ་བཞག་རིག་གནས་དེ་གནའ་མཁར་ཡུལ་སྐོར་གྱི་འགུག་བྱེད་གཙོ་བོར་གྱུར་ཡོད། གཉིས་ནི་གྲོང་གསེབ་དར་སྤེལ་གཏོང་བའི་ཁྲོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས། དཔེར་ན། མུའུ་རུང་མཁར་རྫོང་རིག་གནས་ཚད་ཡོད་ཀུང་སིས“གཟུགས་འདས་ཤུལ་བཞག་རིག་གནས་དང་གྲོང་གསེབ་ཡུལ་སྐོར་”གྱི་རྣམ་པ་བརྒྱུད་དེ། མཐའ་འཁོར་གྱི་བཟའ་བཏུང་དང་ཞག་སྡོད། ཡུལ་སྐོར་རྗེས་དྲན་དངོས་རྫས་ཕྱིར་འཚོང་སོགས་ཀྱི་ཞབས་ཞུའི་ལས་རིགས་ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་པ་དང་། མི360ལྷག་གི་ལས་ཞུགས་སྐུལ་ཁྲིད་བྱས། གསུམ་ནི་གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན་དེ་གཞི་རྟེན་དུ་བྱས་ནས། མི་རིགས་ཁག་མཉམ་འགུལ་མཉམ་འདྲེས་ཀྱི་རྣམ་པ་གསར་གཏོད་བྱས། དཔེར་ན། མཐོན་པོ་སྒང་མཛེས་ལྗོངས་ཁུལ་གྱིས་དུས་ཆེན་གྱི་བྱེད་སྒོ་སྤྱད་དེ་སོག་རིགས་ཀྱི་གྱོན་ཆས་རྗེ་བ་དང་རྨ་ཙོང་ཤོག་དྲས་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སྣ་ཚོགས་ཉམས་ལེན་བྱེད་པ། མཉམ་འབྲེལ་འགྲེམ་འཁྲབ་དང་གཟུགས་འདས་ཤུལ་བཞག་རིག་གནས་མཉམ་འབྲེལ་འགྲེམ་སྟོན་སོགས་ཀྱི་རྣམ་པ་སྤྱད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་། བཞི་ནི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྦྱོང་བ་བྱེད་པའི་“དགེ་ཕྲུག་ལ་ཁྲིད་པའི”བཀག་སྡོམ་རྣམ་པ་གཏོར་ནས། ཡུལ་སྐོར་ལ་བརྟེན་ནས་སྤྱི་པའི་ཉམས་ལེན་གྱི་རྣམ་པ་བསྐྲུན་ཡོད། དཔེར་ན། ཡུས་ཧྲུའུ་འབྲོག་མོ་བཟོ་ལས་ཉོ་ཚོང་ཚད་ཡོད་ཀུང་སིས་གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན་རྟེན་གཞི། ཚད་ལྡན་ཅན་གྱི་SCཐོན་སྐྱེད་འཁོར་ཁང་བཅས་དང་མཉམ་འབྲེལ་བྱས་ནས། ལག་རྩལ་འགྲེམ་སྟོན་དང་ཐོན་སྐྱེད་བཟོ་སྐྲུན། ཉམས་ལེན་དང་ཕྱིར་འཚོང་། མི་རིགས་བཟའ་བཏུང་། འབྲོག་ལས་བཅས་གཞི་གཅིག་ཏུ་འདུས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན་གྱི་ཡུལ་སྐོར་ཞིག་གྲུབ་ཡོད།