
རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའུ་ཕྱོགས་བསྡུས་སིའི《ཆུལ་འདུས་སྐོར་གྱི་ཧྲུའེ་ཡུས་སྤྱི་ཆིངས》ལག་བསྟར་བྱེད་པའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ་ལྟར་ན། 2026ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ཆུལ(དངུལ་ཆུ)འདུས་ཀྱི་ཚ་གྲང་འཇལ་ཆས་དང་ཁྲག་ཤེད་འཇལ་ཆས་ཐོན་སྐྱེད་གཏན་འགོག་བྱ་རྒྱུ་སྐོར་བསྟན་འདུག་ལ། དེ་ཡང་བརྡ་ཐོའི་བླང་བྱ་ཞིབ་ཕྲ་གཤམ་གསལ།
གཅིག སྨན་བཅོས་ཡོ་བྱད་ཐོ་འགོད་དཔང་ཡིག་ཐོབ་ཡོད་པའི་ཆུལ་འདུས་ཀྱི་ཚ་གྲང་འཇལ་ཆས་དང་ཁྲག་ཤེད་འཇལ་ཆས་ཀྱི་ཐོན་རྫས་དག་དེ་སྔ་ཐོ་འགོད་བྱས་ཡོད་པའི་དཔང་ཡིག་གི་གོ་ཆོད་དུས་ཡུན་ནང་མུ་མཐུད་དུ་སྤྱད་ཆོག་པ་དང་། ཐོ་འགོད་དཔང་ཡིག་གི་གོ་ཆོད་དུས་ཡུན་ལོངས་ཚེ་མུ་མཐུད་དུ་ཐོ་འགོད་བྱ་བར་རེ་ཞུ་བྱ་ཆོག་མོད། འོན་ཀྱང་ཐོ་འགོད་དཔང་ཡིག་གི་གོ་ཆོད་དུས་ཡུན2025ལོའི་ཟླ12པའི་ཚེས31ཉིན་ལས་བརྒལ་མི་ཆོག
གཉིས། སྨན་བཅོས་ཡོ་བྱད་ལྟར་བདག་སྤྲོད་བྱས་ཟིན་པའི་ཆུལ་འདུས་ཚ་གྲང་འཇལ་ཆས་དང་ཁྲག་ཤེད་འཇལ་ཆས་ཀྱི་ཐོན་རྫས་ལ་མུ་མཐུད་དུ་སྨན་བཅོས་ཡོ་བྱད་ལ་ཞིབ་བཤེར་ཆོག་མཆན་འགོད་པ་ནང་བཞིན་བྱ་དགོས་པ་དང་། ཐོ་འགོད་ལ་ཆོག་འཐུས་ཐོབ་རྗེས་སྨན་བཅོས་ཡོ་བྱད་ཐོ་འགོད་དཔང་ཡིག་སྤྲད་རྒྱུ་དང་། ཐོ་འགོད་དཔང་ཡིག་གོ་ཆོད་དུས་ཡུན2025ལོའི་ཟླ12པའི་ཚེས31ཉིན་ལས་བརྒལ་མི་ཆོག

གསུམ། 2026ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ཆུལ་འདུས་ཚ་གྲང་འཇལ་ཆས་དང་ཁྲག་ཤེད་འཇལ་ཆས་ཀྱི་ཐོན་རྫས་ཐོན་སྐྱེད་ལ་ཁྱོན་ཡོངས་ནས་བཀག་སྡོམ་བྱ་རྒྱུ།