ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་སྤྱི་བདེ་ཅུས་འབའ་དགོན་ཡུལ་ཚོ་མངག་གཏོང་ཁང་ལ་མང་ཚོགས་ཀྱིས་འབའ་དགོན་ཡུལ་ཚོ་ཐང་སྐྱིད་གྲོང་ཚོའི་མངའ་ཁོངས་སུ་མི་མེད་གནམ་གྲུ་ཞིག་མཚན་གོང་ལ་འགུལ་སྐྱོད་ཡང་ཡང་བྱེད་ཀྱི་ཡོད་ལ། ཕལ་ཆེར་ཁྲིམས་འགལ་གྱིས་རི་དྭགས་རྔོན་བཞིན་ཡོད་པ་འདྲ་ཞེས་གྱོད་དོན་སྙན་ཞུ་བྱས་པར། ཆུ་དམར་ལེབ་རྫོང་སྤྱི་བདེ་ཅུས་ཀྱིས་དེ་མུར་ཉེས་དོན་མྱུལ་ཞིབ་རུ་ཆེན་མངགས་ཏེ། འབའ་དགོན་ཡུལ་ཚོའི་མངག་གཏོང་ཁང་གི་ཉེན་རྟོག་པ་དང་མཉམ་དུ་ཡུལ་དངོས་སུ་བསྐྱོད་དེ་དོགས་ཡོད་ཉེས་ཅན3འཛིན་བཟུང་བྱས་པ་མ་ཟད། ཟོང་འདྲེན་རླངས་འཁོར་ཆུང་བ1དང་། མི་མེད་གནམ་གྲུ1། བཙའ་མི་ཆགས་པའི་ངར་ལྕགས་ཀྱི་མདའ352། བཙའ་མི་ཆགས་པའི་ངར་ལྕགས་ཀྱི་མདའ་མགོ366། བཙའ་མི་ཆགས་པའི་ངར་ལྕགས་ཀྱི་མཇུག་སྒྲོ332། བཙའ་མི་ཆགས་པའི་ཐེག་བྱེད་ལྕགས་སྦུག300སོགས་རྔོན་ཆས་དང་གླ་རྩི4བཅས་རྩད་ཆོད་པ་རེད། མིག་སྔར་གྱོད་གཞི་ཐག་གཅོད་བྱེད་སྒང་ན་ཡོད།
