རྩེ་ཁོག་རྫོང་རིག་གནས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་ཚོགས་འདུ་པེ་ཅིང་དུ་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས9ཉིན། “རབ་མཛེས་མཚོ་སྔོན།  སྐྱེ་ཁམས་རྩེ་ཁོག  རྩེ་ཁོག་གི་ཕྱུགས་ལས་སྤུས་ལེགས་ཐོན་རྫས”ཞེས་པའི2025ལོའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རིག་གནས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་ཚོགས་འདུ་པེ་ཅིང་གྲོང་ཁྱེར་དུ་འཚོགས།     ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་རྩེ་ཁོག་གི་སྐྱེ་ཁམས་ཡུལ་སྐོར་འཛུགས་སྐྲུན་དང་ལྗང་མདོག་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་གསར་གཏོད་གྲུབ་འབྲས་མངོན་པ་མ་ཟད།  “དབྱིངས་ཀྱི་དག་ཞིང་། སྐྱེ་ཁམས་རྩེ་ཁོག”གི་ཟོང་རྟགས་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་པ་མ་ཟད།     མཐོ་སྒང་རྫོང་ཁོངས་དང་རྒྱལ་སའི་ཚོང་ར། རྒྱལ་ཡོངས་ཀྱི་ཐོན་ཁུངས་འབྲེལ་མཐུད་བཅས་བྱེད་པའི་ཟམ་པ་བསྐྲུན་ནས་རྩེ་ཁོག་རྒྱུན་མཐུད་ངང“སྐྱེ་ཁམས་སྔོན་འགྲོ་དང་ཐོན་ལས་སྤུས་འདེགས།     རིག་གནས་ནུས་སྤྲོད་”བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུར་སྒུལ་ནུས་གསར་པ་བསྩལ་ཡོད།

བྱེད་སྒོའི་ཡུལ་དངོས་སུ། རྩེ་ཁོག་རྫོང་གི་དྲིལ་བསྒྲགས་བརྙན་རིས་དང་བོད་ཀྱི་ཟློས་གར《རྒྱ་བཟའ་ཀོང་ཇོ》ཡི་འཁྲབ་སྟོན་དུམ་བུ་ལ་བལྟས་ནས“རྩེ་ཁོག་གི་ཕྱུགས་ལས་སྤུས་ལེགས་ཐོན་རྫས”ཀྱི་སྤྱི་སྤྱོད་ཟོང་རྟགས་གོ་དོན་འགྲེལ་ཀློག་བྱས་པ་མ་ཟད།     རྩེ་ཁོག་གི་ཞིང་ཕྱུགས་ཐོན་རྫས“མི་དམངས་ལེགས་འདེམས”ནང་ཞུགས་པའི་འགོ་རྩོམ་མཛད་སྒོ་སྤེལ་བ་འདིས་ཟོང་རྟགས་ཚོང་ར་ཅན་དུ་རྒྱ་བསྐྱེད་པར་འགག་རྩའི་གོམ་པ་ཞིག་སྤོས་པ་མ་ཟད།     རྩེ་ཁོག་གི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ལ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་རྩེར་སོན་འགྲེམ་སྟོན་ཕྱིར་འཚོང་ཐབས་ལམ་ཞིག་བཏོན་ཡོད།     བརྗོད་དོན་གཙོ་བོ་གཉིས་ཀྱི་སྒོར་ཅོག་གླེང་སྟེགས་དེའི་རྗེས་ནས་འཚོགས་པ་དང་། ལས་རིགས་ཁག་གི་ཆེད་མཁས་པས་“‘སྐྱེ་ཁམས་རྩེ་ཁོག་’དེ་‘ལྗང་མདོག”ཕྱོགས་སུ་བསྐྱོད་པ”དང་རྩེ་ཁོག་གི་ཕྱུགས་ལས་སྤུས་ལེགས་ཐོན་རྫས་དེ་‘སྤུས་ལེགས་ཡུན་རིང་དུ་གནས་པ་”ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་ཏེ། རྩེ་ཁོག་གི་སྐྱེ་ཁམས་རིན་ཐང་བསྒྱུར་རྒྱུ་དང་ཞིང་ཕྱུགས་ཟོང་རྟགས་རིམ་སྤར་ལ་ལྟ་བ་གཅིག་མཐུན་གཅིག་སྡུད་དང་བློ་གྲོས་ཕུལ་ཡོད།

ཉེ་བའི་ལོ་འགའི་རིང་། རྩེ་ཁོག་རྫོང་གིས“ལྗོངས་ཡོངས་ཀྱི་སྐྱེ་ལྡན”དམིགས་འབེན་གཏན་འཁེལ་བྱས་ནས། མུ་ཕྲེང་ཡོངས་ཀྱི་སྐྱེ་ལྡན་ཁས་ལེན་དཔང་འདོན་མ་ལག་བཙུགས་པ་དང་།     རྒྱལ་ཡོངས་ཀྱི་ནོར་གནག་གཙོ་ཁྲིད་ཐོན་ལས་ཡིན་པའི་རྒྱལ་ཁབ་རིམ་པའི་ཞིང་ལས་དེང་རབས་ཐོན་ལས་གླིང་ཐོག་མ་བསྐྲུན་ནས། “གླིང་ཁུལ་དང་ཁེ་ལས། མཉམ་ལས་ཁང་། འབྲོག་པ་བཅས་མཉམ་འབྲེལ”གྱི་ཞིང་འབྲེལ་ཞིང་ཁྲིད་བྱེད་སྟངས་ཆགས་པ་རེད།     དེ་དང་ཆབས་ཅིག“རྩེ་ཁོག་གི་ཕྱུགས་ལས་སྤུས་ལེགས་ཐོན་རྫས”ལྟེ་བར་བྱས་ཏེ། “དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ”གྱི་ཕྱིར་འཚོང་དྲ་རྒྱ་བཙུགས་ནས། རྒྱལ་ཡོངས་སུ་ཐད་གཉེར་ཚོང་ཁང26བཀོད་སྒྲིག་བྱས་པ་དང་།     ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་དབྱི་ཅེ་སོགས་སྟེགས་བུར་གན་རྒྱ་བཞག་སྟེ། རིམ་རྩིས་བྱས་ན་ཚོང་ཟོག་མངག་ཐོ་ཁྲི2ལས་བརྒལ་ནས་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ལྟེ་བའི་ཁུལ་དུ་རིམ་བཞིན་གྱུར་ཡོད།

རྩེ་ཁོག་ལ་ཧོར་རྡོ་བརྐོས་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཀྱི་ཤུལ་བཞག་དང་དེ་བཞིན་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་མང་པོ་ཞིག་ཡོད་པ་དང་། A4རིམ་པའི་མཛེས་ལྗོངས་ཁུལ2བསྐྲུན་པ་དང་།     ཧོར་སྡེ་བར་“རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བར”གདེང་འཇོག་བྱས།     མིག་སྔར་མ་རྩ་སྒོར་བྱེ་བ་ལྔ་བཞག་པའི་མཚོ་བོད་སྐྱེ་ཁམས་ཤེས་དཔལ་རྟེན་མཛོད་ཁང་དང་གཟུགས་འདས་རིག་གནས་ཤུལ་བཞག་ཁང་བེད་སྤྱོད་གཏོང་ལ་ཉེ་བ་དང་།     ཧོར་གྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་མགྱོགས་མྱུར་ངང་ཆགས་ནས་རྩེ་ཁོག་རིམ་བཞིན་མཚོ་སྔོན་ལྷོ་རྒྱུད་ཕྱུགས་ལས་ས་ཁུལ་གྱི་ལྗོངས་ཡོངས་ཡུལ་སྐོར་གྱི་འགྲོ་ས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།