ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། དངུལ་རྩའི་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱིས་པེ་ཅིང་དུ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། པུའུ་དང་ཞིང་ཆེན་བར་གྱི་བརྗེ་རེས་མཉམ་ལས་སྔར་ལས་ཟབ་སྤེལ་ཏུ་གཏོང་ཆེད། ཟླ12པའི་ཚེས8ཉིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སོ་སོར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་དང་མཉམ་དུ་པེ་ཅིང་དུ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལིས་ལེ་ཁྲིན་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ལིས་ཡུན་ཙི། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་བཅས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་དུས་ཡུན་རིང་པོར་སེམས་ཤུགས་ཡོད་རྒུས་མཛུབ་སྟོན་དང་ནུས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། མཚོ་སྔོན་གྱིལོ་ལྔའི་འཆར་འགོད་བཅུ་བཞི་པའིདུས་སྐབས་ཀྱི་འཕེལ་རྒྱས་གྲུབ་འབྲས་དངལོ་ལྔའི་འཆར་འགོད་བཅོ་ལྔ་པའིའཕེལ་རྒྱས་བསམ་གཞིགས་ངོ་སྤྲོད་བྱས། ཁོ་ཚོས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའིདུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཡིན་པས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་པ་དང་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་གཏོང་བ། དངུལ་རྩའི་ཉེན་ཁ་སྔོན་འགོག་བྱེད་པ་སོགས་ལ་གཞིགས་ནས་སྔར་ལས་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། མཚོ་སྔོན་གྱིས་དཀའ་གནད་ཐག་གཅོད་པ་དང་། མི་འདང་སར་ཁ་གསབ་བྱེད་པ། ཆུ་ཚད་མཐོར་འདེགས་གཏོང་བ་བཅས་ལ་རོགས་ཤུགས་འདོན་པ་དང་། སྐྱེ་ཁམས་ཀྱི་དགེ་མཚན་དང་ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ནས། མཚོ་སྔོན་གྱིལོ་ལྔའི་འཆར་འགོད་བཅོ་ལྔ་པའིདུས་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་དང་གསོན་ཤུགས་གསར་བ་སྣོན་པའི་རེ་བ་བྱེད་ཀྱིན་ཡོད།

ལིས་ལེ་ཁྲིན་དང་ལིས་ཡུན་ཙི་ཡིས་མཚོ་སྔོན་གྱི་ཉེ་བའི་ལོ་འགའི་རིང་ལ་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་དང་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་ཐད་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། མཚོ་སྔོན་ནིརྨ་འབྲི་རྫ་གསུམ་འབྱུང་ཡུལདངཀྲུང་ཧྭའི་ཆུ་མཛོདཡིན་པས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའིའཕེལ་རྒྱས་འཆར་འགོད་དང་ཟུང་འབྲེལ་བྱས་ནས། མཚོ་སྔོན་དང་མཉམ་དུ་འགན་འཁྲི་མཉམ་འཁུར་དང་དྲིས་ལན་མཉམ་འདེབས། སྟོབས་ཤུགས་མཉམ་འདོན་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་དང་དངུལ་རྩའི་ཞབས་ཞུའི་འདོན་སྤྲོད་ལེགས་སྒྱུར་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་མཉམ་དུ་འབྲི་དགོས་ཞེས་བསྟན།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་འགོ་ཁྲིད་ཞིན་ཀོ་པིན་དང་། ཀྲང་ཡུན་མིན། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྲོའུ་ལེང་། ཚུང་ལིན། དབྱང་ཀོ་རོས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།