2025ལོར། རང་རྒྱལ་གྱི་འགྲིམ་འགྲུལ་ཁྲིམས་སྲོལ་ལ་ལེགས་སྒྲིག་གང་མང་བྱུང་ཡོད་ཅིང་། ལེགས་སྒྲིག་བྱེད་པའི་དམིགས་ཡུལ་ནི་རླངས་འཁོར་སྐོར་བའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་བགྲོད་ལམ་བདེ་འཇགས་མཐོ་རུ་གཏོང་བ། དེ་དང་ཆབས་ཅིག་ཁྲིམས་སྲུང་བའི་ཁ་ལོ་བ་རྣམས་ལ་དེ་ལས་མང་བའི་སྟབས་བདེ་མཁོ་འདོན་བྱེད་ཆེད་རེད། གཤམ་དུ2025ལོའི་འགྲིམ་འགྲུལ་ཁྲིམས་སྲོལ་གསར་པའི་སྐར་མ་འཐེན་སྟངས་གཙོ་བོ་འགའ་འགོད་པར་ཞུ།
སྐར་མ9འཐེན་པའི་བྱ་སྤྱོད།
(གཅིག) འགྲུལ་པ7ཡན་དྲུད་ཆོག་པའི་རླངས་འཁོར་གྱི་ཐེག་ཚད50%ནས100%བརྒལ་བ།
འགྲུལ་པ7ཡན་དྲུད་ཆོག་པའི་རླངས་འཁོར་གྱི་ཐེག་ཚད50%ནས100%བརྒལ་བ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་ལ། དེས་རླངས་འཁོར་བཀག་གཏོང་གི་བར་ཐག་ཇེ་ཆེར་འགྲོ་སྲིད་པར་མ་ཟད། ད་དུང་རླངས་འཁོར་ཚོད་འཛིན་བྱེད་དཀའ་བར་གྱུར་ནས་རླངས་འཁོར་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོ་སྲིད་པས། བྱ་སྤྱོད་དེའི་རིགས་ལ་སྐར་མ9འཐེན་དགོས།
(གཉིས) སློབ་སྐྱེལ་རླངས་འཁོར་དང་། འགྲུལ་སྐྱེལ་དང་ཟོང་འདྲེན་རླངས་འཁོར་ཆེ་འབྲིང་། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་གྱི་མྱུར་ཚད50%བརྒལ་བ།
སློབ་སྐྱེལ་རླངས་འཁོར་དང་། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་འབྲིང་གྲས། ཟོང་འདྲེན་རླངས་འཁོར་ཆེ་གྲས་དང་འབྲིང་གྲས། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་སོགས་དམིགས་བསལ་རླངས་འཁོར་གྱི་རིགས་མྱུར་ཚད་ལས་བརྒལ་བའི་བྱ་སྤྱོད་དེས་ལས་འཛོལ་གྱི་ཉེན་ཁ་ཆེ་རུ་འགྲོ་སྲིད་པར་མ་ཟད། ད་དུང་མཇུག་འབྲས་ཚབས་ཆེན་བཟོ་སྲིད། མྱུར་བགྲོད་གཞུང་ལམ་མིན་པའི་གཞུང་ལམ་དུ་མྱུར་ཚད50%ལས་བརྒལ་ཚེ། སྐར་མ9འཐེན་དགོས།
(གསུམ) མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཁྲིམས་འགལ་ངང་འཇོག་པ།
མྱུར་བགྲོད་གཞུང་ལམ་དུ་ཁྲིམས་འགལ་ངང་རླངས་འཁོར་འཇོག་པ་ནི་ཉེན་ཁ་ཧ་ཅང་ཆེ་བའི་བྱ་སྤྱོད་ཅིག་ཡིན་ཞིང་། འགྲིམ་འགྲུལ་ལ་འགོག་རྐྱེན་བཟོ་སྲིད་པར་མ་ཟད། ད་དུང་རྗེས་འདེད་ལས་འཛོལ་གྱི་དོན་རྐྱེན་བཟོ་སྲིད་པས། བྱ་སྤྱོད་དེའི་རིགས་ལ་སྐར་མ9འཐེན་དགོས།
(བཞི) ཨང་རྟགས་བཀལ་མེད་པའམ་བསམ་བཞིན་བཀབ་པ།
ཨང་རྟགས་བཀལ་མེད་པའམ་བསམ་བཞིན་དུ་བཀབ་པ་དང་། ཡང་ན་རྙིང་བར་གྱུར་ན་རྒྱུན་ལྡན་གྱི་འགྲིམ་འགྲུལ་དོ་དམ་སྒྲིག་ལམ་ལ་གཏོར་བརླག་བཟོ་བར་མ་ཟད། ཁྲིམས་འགལ་གྱི་བྱ་སྤྱོད་གཞན་དག་ཀྱང་བཟོ་སྲིད་པས། བྱ་སྤྱོད་དེའི་རིགས་ལ་སྐར་མ9འཐེན་དགོས།
(ལྔ) སྐོར་ཆོག་པའི་རིགས་དང་མི་མཐུན་པའི་རླངས་འཁོར་བསྐོར་བ།
སྐོར་ཆོག་པའི་རིགས་དང་མི་མཐུན་པའི་རླངས་འཁོར་བསྐོར་ན་ཁ་ལོ་བའི་ལག་ཁྱེར་དོ་དམ་གྱི་གཏན་འཁེལ་དང་འགལ་ཡོད་པར་མ་ཟད། ད་དུང་ཁ་ལོ་བའི་རྩལ་གྱིས་མི་འདང་བར་དོན་རྐྱེན་ཡང་བཟོ་སྲིད་པས། བྱ་སྤྱོད་དེའི་རིགས་ལ་སྐར་མ9འཐེན་དགོས།
(དྲུག) སློབ་སྐྱེལ་རླངས་འཁོར་གྱི་ལག་ཁྱེར་མེད་པར་སློབ་སྐྱེལ་རླངས་འཁོར་བསྐོར་བ།
སློབ་སྐྱེལ་རླངས་འཁོར་གྱི་བདེ་འཇགས་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། སློབ་སྐྱེལ་རླངས་འཁོར་གྱི་ལག་ཁྱེར་དང་ཐོབ་ཐང་མེད་པར་སློབ་སྐྱེལ་རླངས་འཁོར་བསྐོར་བ་ནི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་ལ། བྱ་སྤྱོད་དེས་སློབ་མའི་བདེ་འཇགས་ལ་གནོད་འཚེ་བཟོ་བར་མ་ཟད། ད་དུང་མཇུག་འབྲས་ཚབས་ཆེན་བཟོ་སྲིད་པས། བྱ་སྤྱོད་དེའི་རིགས་ལ་སྐར་མ9འཐེན་དགོས།
(བདུན) དམིགས་བསལ་རླངས་འཁོར་བསྐོར་ནས་ཆུ་ཚོད་བཞི་ལ་ངལ་གསོ་མ་བྱས་པ།
དམིགས་བསལ་རླངས་འཁོར་བསྐོར་ནས་ཆུ་ཚོད4ལ་ངལ་གསོ་མ་བྱས་པའམ་ཡང་ན་ངལ་གསོ་སྐར་མ20མ་ལོན་ན། ངལ་དུབ་ཀྱིས་རླངས་འཁོར་བསྐོར་ནས་ལས་འཛོལ་གྱི་ཉེན་ཁ་ཆེ་རུ་འགྲོ་སྲིད་པས། བྱ་སྤྱོད་དེའི་རིགས་ལ་སྐར་མ9འཐེན་དགོས།