མཚོ་བྱང་ཁུལ་གྱིས2025ལོའི་སྐོར་ཁག་དང་པོའི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་དོན་འཁྱོལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས“མ་དངུལ་ཐད་ཀར་སྟེར་བ་དང་། ཞབས་ཞུ་འདོན་སྤྲོད་བྱེད་པ། སྲིད་ཇུས་དྲིག་བསྒྲགས་བྱེད་པ”བཅས་བྱེད་ཐབས་གསུམ་བཏོན་ནས། ཁེ་ལས་ལ་ཕན་པའི་དམངས་ཕན་སྲིད་ཇུས་གནད་འཁེལ་སྡེབ་སྒྲིག་དང་ཕན་འབྲས་ཆེ་བའི་ངང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་། མིག་སྔར། 2025ལོའི་ཁག་དང་པོའི་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་བརྒྱད་སྟོང་གསུམ་ཐད་ཀར་ཁྲོམ་རར་འབྱོར་ནས་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས།

མ་དངུལ་གཏོང་སྤྲོད་བྱེད་སྐབས“དེ་མ་ཐག་རྩིས་ཞུ་བྱེད་རྒྱུ”དམིགས་ཚད་དུ་བྱས་ནས“རྒྱུ་རྐྱེན་བཅའ་ཁྲིམས”ཁྱོན་ཡོངས་ནས་སྤྱད་དེ་ནན་ཏན་སྒོས་ཚད་ལེན་ཞིབ་རྩིས་དང་བཀོད་སྒྲིག་བྱས་པར་མ་ཟད། “ཡུན་རིང་ཐོ་འགོད་བྱས་པའི་ལས་ཤོར་མི་སྣ་དང་། སློབ་གྲྭ་ནས་ཁ་བྲལ་རྗེས་ལས་ཞུགས་བྱེད་ཐུབ་མེད་པའི་སློབ་ཆེན་སློབ་མ། ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ”སོགས་གཙོ་གནད་ཚོགས་སྤྱི་རིགས་གསུམ་ལ་དམ་པོར་དམིགས་ནས། ཁུལ་ཡོངས་ཀྱི་གཙོ་གནད་ཁེ་ལས་ཆུང་འབྲིང་སྟོང་གཅིག་བདུན་ཅུ་ཡི་ལས་གཉེར་གནས་ཚུལ། ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་བཅས་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ། མ་དངུལ་གཏོང་ཕྱོགས་དེ་ས་གནས་ཁག་གི་ལས་ཞུགས་གནོན་ཤུགས་སོགས་དང་འཚམ་པར་འགན་ལེན་བྱས། དུས་མཚུངས་སུ། “རེ་ཞུ་མི་དགོས་པར་ལོངས་སུ་སྤྱོད་པའི”ལས་གཉེར་རྣམ་པ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ། གཞི་གྲངས་རིག་ནུས་ཀྱིས་འདེམས་སྒྲུག་བྱས་རྗེས་ཆ་རྐྱེན་འཛོམས་པའི་ཁེ་ལས་དང་། ཁེ་ལས་སུམ་བརྒྱ་སོ་དྲུག་ལ་ལས་གནས་བརྟན་པོ་ཡོང་བའི་ཕྱིར་སློག་མ་དངུལ་སྒོར་ས་ཡ་གཉིས་འབུམ་གསུམ་ཁྲི་བརྒྱད་སྟོང་བརྒྱད་སུམ་བརྒྱ་སྤྲད་པ་དང་། ལས་བཟོ་པ་སྟོང་བཞི་བཞི་བརྒྱ་ལ་ཕན་ཁེ་བསྐྲུན་ཏེ། “ཁེ་ལས་ཀྱིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་ཁེ་ལས་འཚོལ་བའི”བར་འགྱུར་ལྡོག་བྱུང་ཡོད།

ཞབས་ཞུའི་ཆེད་ལས་མི་སྣ་རྩ་འཛུགས་བྱས་ཏེ་གཙོ་གནད་ཁེ་ལས་ཉི་ཤུ་ལྷག་ཙམ་ལ“ཁ་གཏད་རོགས་སྐྱོར”བྱས་ཏེ། ལས་གནས་བརྟན་པོ་དང་སྤྱི་ཚོགས་འགན་བཅོལ་ཁ་གསབ་མ་དངུལ་དེ་ལས་རྐང་ཇེ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་མ་དངུལ་སྤྲོད་པ། དེ་མིན་ལས་བཟོ་བའི་རྩལ་ནུས་ཇེ་མཐོར་གཏོང་བར་འགན་ལེན་བྱས། ལས་གཏོད་བྱེད་འདོད་ཡོད་པ་དང་ཁེ་ལས་ཆུང་བའི་རིགས་ལ་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་སྲིད་ཇུས་བློ་འདྲི་སོགས་ཞབས་ཞུ་མཁོ་འདོན་བྱས་པ་དང་། དྲ་ཐོག་ཏུ“མཚོ་བྱང་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས”ཀྱི་སྲིད་དོན་འདར་དབྱངས་སོགས་སྨྱན་བྱད་གསར་པའི་ལས་སྟེགས་བརྒྱུད་སྲིད་ཇུས་ཀྱི་ནང་དོན་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ཡུལ་དངོས་སུ་ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་སྲིད་ཇུས་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ།  ཁེ་ལས་དང་མང་ཚོགས་ལ་དོགས་གཞི་སེལ་རོགས་བྱས་པ་ལས་གཞན། “མི་དོན་སྲིད་ཇུས་ཀྱི་ཁུག་དེབ”ཁྲི་གཉིས་ལྷག་ཙམ་བྱིན། སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་ཁྱབ་རྒྱ་ཆེ་རུ་བཏང་སྟེ། “ཁེ་ལས་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་ཁུལ”བཅས་སུ་སྐྱོད་པའི“སྐུལ་འདེད་གསུམ”གྱི་ཞབས་འདེགས་ཞུ་སྟངས་བརྒྱུད། རིམ་རྩིས་བྱས་ན་མང་ཚོགས་བདུན་བརྒྱ་ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་ཁེ་ལས་བརྒྱད་བརྒྱ་དགུ་བཅུ་རྩ་འཛུགས་བྱས་ནས་ལས་ཞུགས་ལས་གནས་ཁྲི་གཅིག་སྟོང་བདུན་དྲུག་བརྒྱ་ལྷག་ཙམ་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།