མཚོ་སྔོན་མཚོ་བྱང་ཁུལ《ཀྲུང་གོ་རྒྱལ་ཁབ་ས་ཁམས》ཀྱི་མཛེས་ལྗོངས་ཆེས་མཛེས་པར་བསྔགས་བརྗོད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་2025ལོའི་དགུན་དུས་ཡུལ་སྐོར་འགོ་རྩོམ་མཛད་སྒོའི་ཐོག་《ཀྲུང་གོ་རྒྱལ་ཁབ་ས་ཁམས》དུས་དེབ་ཁང་གི་འཐུས་མིས་མཚོ་བྱང་ཁུལ་ལ“ཀྲུང་གོ་རྒྱལ་ཁབ་ས་ཁམས·ཆེས་མཛེས་པའི་ཡུལ་ལྗོངས་ལམ་ཐིག”ཅེས་པའི་སྒྲོམ་བྱང་དམར་པོ་གནང་།     ད་ཐེངས་སྒོ་བྱང་སྤྲད་པའི་དམིགས་ཡུལ་ནི《ཀྲུང་གོ་རྒྱལ་ཁབ་ས་ཁམས》ཀྱི་ཟོང་རྟགས་ཤུགས་རྐྱེན་ནུས་པ་དང་ཁྱབ་སྤེལ་སྟེགས་བུ་སྟོབས་ཆེར་གཏོང་བར་བརྟེན་ནས། མཚོ་བྱང་གི་དགུན་དུས་ཀྱི་མཛེས་སྡུག་དེ་སྔར་ལས་རྒྱ་ཆེ་བའི་ཚོང་ར་རུ་སྐུལ་འདེད་གཏོང་ཆེད་ཡིན།     འགོ་རྩོམ་མཛད་སྒོའི་ཐོག་མཚོ་བྱང་རིག་གནས་ཡུལ་སྐོར་འོས་སྦྱོར་པས་དགུན་དུས་ཀྱི་ཡུལ་སྐོར་ལམ་ཐིག་སྤུས་ལེགས8དངོས་སུ་ཁྱབ་བསྒྲགས་བྱས་པ་དེའི་ནང་། གངས་འཁྱགས་རོལ་རྩེད་དང་།     ཆུ་ཚན་ཁམས་གསོ། དམངས་སྲོལ་འགྲེམ་འཁྲབ།     གསར་བརྗེ་ཞིབ་འཇུག་སློབ་སྦྱོང་སོགས་ལས་རྣམ་སྣ་མང་ཚུད་ཡོད་པས། རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལ་དགུན་དུས་ཀྱི་ཡུལ་སྐོར་གདམ་ག་ཕུན་སུམ་ཚོགས་པོ་འདོན་སྤྲོད་བྱས་ཡོད།

མཚོ་བྱང་ཁུལ་ནི་དར་གོས་ཚོང་ལམ་གྱི་བཀྲག་མདངས་འཚེར་བའི་ས་ཚིགས་ཤིག་ཡིན་པ་དང་།     མཚོ་སྔོན་པོ་སྐོར་བའི་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལྟེ་བའི་ས་ཁོངས་ཤིག་ཡིན།   འདི་ནི་རྨ་ནུབ་དོག་ལམ་གྱི་སྐྱེ་ཁམས་འགོག་སྲུང་གལ་ཆེན་ཞིག་དང་།     རིག་གནས་རྒྱུན་སྲིང་ཁུལ།     ལོ་རྒྱུས་དང་འགྲིམ་འགྲུལ་འབྲེལ་བ་ཡོད་པའི་ས་ཆ་བཅས་ཡིན།   འདི་ནི་མི་རིགས་མང་པོ་མཉམ་གནས་མཉམ་དར་ཡོང་བའི་ཁྱིམ་གཞིས་ལྟ་བུ་ཡིན་པ་དང་།     བོད་རིགས་དང་།     རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་མི་རབས་ནས་མི་རབས་བར་འདུས་སྡོད་བྱས་ནས། ཡུན་རིང་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཁྲོད་མི་རིགས་བར་གྱི་མཛའ་བརྩེ་ཟབ་མོ་ཆགས་ཡོད།  འདི་ནི་གསར་བརྗེ་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་མཐོ་ས་ཞིག་ཡིན་ལ།     མདའ་བཞི་རྫོང་རྡུལ་ཕྲན་མཁར་ནི་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་དང་གསར་བཟོ་རྟེན་གཞི་དང་པོ་ཡིན་ཕྱིར།  “མདེལ་གཉིས་སྐར་གཅིག་”སྙིང་སྟོབས་ཀྱི་གཟི་བརྗིད་ལྡན་པའི་རྟགས་ཐམ་ཡིན།     འདི་ནི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་མདུན་གྲལ་གྱི་ལས་ཡུལ་ཞིག་ཡིན་ཞིང་།     མཚོ་སྔོན་པོ་དང་མདོ་ལ་རིང་མོ་སོགས་སྐྱེ་ཁམས་ཀྱི་འགོག་སྲུང་གལ་ཆེན་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ལ།     མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།     འདི་ནི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་མང་འདུས་ཀྱི་གནས་ཡུལ་ཞིག་ཡིན་ཞིང་།     མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་ལོག་དཀར་མེ་ཏོག་མུའུ་ཁྲི་ཡིས་གསེར་མདོག་གི་ཞིང་ཁམས་ཆེན་པོ་ཞིག་བཀྲམ་ཡོད་པ་དང་།     མདོ་ལ་རྫོང་གི་ཨ་མྱེས་སྟོང་སོའི་རང་བྱུང་མཛེས་ལྗོངས།     རྐང་ཚ་རྫོང་གི་མཚོ་སྔོན་པོའི་གསེར་ཉ་ཚང་དུ་ལོག་པ།    མདའ་བཞི་རྫོང་གི་རྡུལ་ཕྲན་མཁར་གྱིས་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་ཞེན་བཅས་བརྗོད་ཀྱིན་ཡོད།     རྣ་བར་ཆ་རྒྱུས་ཡོད་པའི་མིང་འདི་དག་མིག་མདུན་དུ་མངོན་ཡོང་བ་ཚང་མ་དམིགས་བསལ་ཆ་རྒྱུས་ཡོད་པའི་དཔེ་རིས་ཡིན་པ་དང་། འདི་ནི་ཀློག་པ་པོ་ཞེན་མིས་དོ་སྣང་བྱེད་ཡུལ་ཞིག་ཡིན་པ་མ་ཟད།     《ཀྲུང་གོ་རྒྱལ་ཁབ་ས་ཁམས》དུས་དེབ་བརྙན་ཤེལ་གྱིས་དམིགས་པའི་ས་ཁོངས་ཤིག་ཀྱང་ཡིན།

“ད་ལྟའི་མཚོ་བྱང་ཁུལ་གྱི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་ང་ཚོས་དེ་ལས་མང་བའི་ཆེས་མཛེས་ཤིང་ལྟ་ན་སྡུག་པའི་མཚོ་བྱང་ཁུལ་ཚང་མར་འགྲེམ་སྟོན་བྱས་ཤིང་།     དེ་ལས་མང་བའི་ཀློག་པ་པོ་དང་ཞེན་མི། ཡུལ་སྐོར་བ་བཅས་ང་ཚོའི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལམ་ཐིག་གི་ཀྲུང་གོ་རྒྱལ་ཁབ་ས་ཁམས་ལ་ཕེབས་པར་དགའ་བསུ་ཞུ།”འགོ་རྩོམ་མཛད་སྒོའི་ཐོག《ཀྲུང་གོ་རྒྱལ་ཁབ་ས་ཁམས》དུས་དེབ་ཁང་གི་འགོ་གཙོ་གཞོན་པ་ཚེ་དཔལ་ཡག་གིས《ཀྲུང་གོ་རྒྱལ་ཁབ་ས་ཁམས》དུས་དེབ་ཁང་གིས་ས་ཆ་འདིར་དོ་སྣང་དང་ཐོ་འགོད་བྱེད་མཚམས་གཏན་ནས་བཞག་མ་མྱོང་ལ།     མཚོ་སྔོན་པོ“ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་མཚོ་མོ”རུ་བདམས་པ་ནས་རྡུལ་ཕྲན་མཁར་དང་མཚོ་སྔོན་པོའི་གསར་ཉ་ཚང་དུ་ལོག་པ་སོགས་སྐྱེ་ཁམས་ཀྱི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་གཏམ་རྒྱུད་རྒྱུན་མཐུད་ངང་སྤེལ་བའི་བར་དུ། མཚོ་བྱང་གི་འདྲ་བརྙན་ནི་སྔ་མོ་ནས་དུས་དེབ་བརྒྱུད་དེ་རྒྱལ་ཡོངས་སུ་ཁྱབ་སྤེལ་བྱས་ཡོད།     ཁོ་མོས་མཚོ་བྱང་ནི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་གལ་ཆེན་ཞིག་ཡིན་པ་དང་།     མི་རིགས་མང་པོའི་རིག་གནས་མཉམ་འདྲེས་བྱ་ཡུལ་ཞིག་ཡིན་ལ།     དེ་བས་གསར་བརྗེ་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་མཐོ་ས་ཞིག་ཀྱང་ཡིན།     དེའི་ཐོན་ཁུངས་ལ་རྒྱལ་ཁབ་རིམ་པའི་རིན་ཐང་དང་ཐ་ན་འཛམ་གླིང་རིམ་པའི་རིན་ཐང་ལྡན།

ད་ཐེངས་“ཀྲུང་གོ་རྒྱལ་ཁབ་ས་ཁམས·ཆེས་མཛེས་པའི་ཡུལ་ལྗོངས་ལམ་ཐིག”ཅེས་པའི་སྒྲོམ་བྱང་དམར་པོ་དེ་“རྟོགས་འཆར་གྱི་མཚོ་བྱང་དང་ཚོན་མདོག་ལྔ་ལྡན་གྱི་ཞིང་མཆོག་”མཚོ་བྱང་ལ་སྤྲད་དེ།     《ཀྲུང་གོ་རྒྱལ་ཁབ་ས་ཁམས》ཀྱི་དབང་གྲགས་རང་བཞིན་དང་དབྱེ་འབྱེད་ཚད་ལྡན་པའི་སྒྲོམ་བྱང་དམར་པོའི་གནས་ཡུལ་ལ་ཕེབས་པར་དགའ་བསུ་ཞུ། རྒྱུན་མཐུད་ངང་ཁྱབ་སྤེལ་བྱས་ནས་ཡུལ་སྐོར་བ་དེ་ལས་མང་པོ་མཚོ་བྱང་དུ་ཡོང་བར་རེ་སྒུག་བྱེད་ཀྱིན་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།