ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ12པའི་ཚེས4ཉིན་ནས་ཟླ12པའི་ཚེས8ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཧུང་པའོ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་རུའེ་ཅུའུ། མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱི་སློབ་གཙོ་ཆོས་སྐྱོང་སྲུང་མ། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཀྲི་ཧུང་། “སྲིད་གཙང་སྤྱོད་གཙང”གཞུང་ལུགས་དྲིལ་སྒྲོག་ལས་སྒྲུབ་ཁང་གི་འགན་ཁུར་པ་ལྷ་རྒྱལ་བཀྲ་ཤིས་བཅས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་། རྩེ་ཁོག་རྫོང་སོགས་སུ་སོང་ནས་གཅིག་བསྡུས་ཀྱིས་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《གྲོས་གཞིར》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམ་པོར་དམིགས་པ་དང་།     “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་རྒྱལ་ཁབ་འཕེལ་རྒྱས་ཀྱི་རླབས་ཆེན་འཆར་འགོད་དང་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་པར་མ་ཟད།     མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།     “རྒྱལ་ཁབ་ཀྱི་དོན་ཆེན”དང“ཞིང་ཆེན་གྱི་དོན་དག་གལ་ཆེན”འབྲེལ་མཐུད་དམ་པོ་བྱས་ནས། ལས་བྱེད་པ་དང་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཡང་དག་པར་རྒྱུས་ལོན་བྱེད་པར་རོགས་རམ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་སྲོག་ཤིང་གི་དོན་སྙིང་ལ་གོ་བ་ཡང་དག་ལེན་དུ་བཅུག

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནགས་ལས་དང་རྩྭ་ཐང་བཅོས་སྒྱུར་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་ལིས་ཆི་ཡིས་བཤད་རྒྱུར། གསོན་ཉམས་ལྡན་པའི་དྲིལ་སྒྲོག་ནི་བསམ་བློའི་སྦྱོང་བརྡར་ཞིག་ཡིན་པ་མ་ཟད།     བྱ་སྤྱོད་ཐད་ཀྱི་སྐུལ་སློང་ཞིག་ཀྱང་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ།    རང་ཞིང་གི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཞི་ཚུགས་ནས།   འདེབས་གསོ་རྟེན་གཞི་འཛུགས་སྐྲུན་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་རྫས་ལས་སྣོན་རིམ་སྤར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ།   སྐྱེ་ཁམས་དང་ཡུལ་སྐོར་གྱི་རྣམ་པ་གསར་པ་སྐྱེད་སྲིང་བྱས་ནས།  ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱིས་ཐོན་ཁུངས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ཁྲོད་ནས་ཁེ་ཕན་མཉམ་སྤྱོད་བྱས་ཏེ།    སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དངོས་གནས་གཅིག་གྱུར་བྱེད་པ་དང་།    ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ལྗང་མདོག་གི་འགུལ་ནུས་དྲག་པོ་སྣོན་དགོས་ཟེར།

མགོ་ལོག་ཁུལ་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པ་སྒྲོལ་མ་ཡིས་བཤད་རྒྱུར། སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་།     གོ་རིམ་གསལ་བ།     གཙོ་གནད་འབུར་དུ་ཐོན་པ་བཅས་ཡིན་པས།     ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བརྩིས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་བརྟན་བརླིང་སྲུང་སྐྱོབ་དང་བདེ་འཇགས་སྲུང་བ། དམངས་ཚིས་ལ་ཕན་པ་བཅས་ཀྱི་དངོས་ཡོད་བྱ་བའི་ཕན་འབྲས་སུ་བསྒྱུར་ནས། ཧུར་ཐག་གིས“བལྟོས་མེད་གསུམ”དང “འགྱུར་མེད་བཞིའི”སྤྱོད་ཚུལ་རྩ་བ་ནས་ཆགས་པར་བྱས་ཏེ།   ཉེན་རྟོག་པ་དེ་མང་ཚོགས་སེམས་ཀྱི་བློ་གཏད་ཆོག་པའི་མི་སྣར་འགྱུར་བར་བྱེད་དགོས་ཟེར།

གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་གྱི་སྡོད་དམངས་དཀོན་མཆོག་ནོར་བུས་བཤད་རྒྱུར། སྒྲོག་འགྲེལ་འདིར་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་དྲོད་ཚད་ཀྱང་ལྡན་པས།   ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནང་གི‘གནས་ལུགས་ཆེན་པོ’ནི་ང་ཚོའི་གཞི་རིམ་གྱིས་ལག་བསྟར་ཐུབ་པའི‘ཐབས་ཤེས་བཟང་པོར’གྱུར་ཡོད།  ད་ལྟ་རྫོང་གི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། སྡེ་ཁུལ་གྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད་ལ།  རྒན་གསོའི་སྨན་བཅོས་སྟབས་བདེ་ཡོང་བ་ནས་ལས་ཞུགས་ཀྱི་ཡོང་འབབ་འཕར་སྣོན་འགན་སྲུང་བཅས་ཀྱི་སྲིད་ཇུས་ཚང་མ་མི་སེམས་ལ་ཟུག་པ་དང་སེམས་ལ་དྲོད་ཁོལ་སྟེར་བ་ཞིག་རེད། རྗེས་ཕྱོགས་ང་ཚོ་སྡེ་ཁུལ་གྱི་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་ནས། ཁྱིམ་མཚེས་དང་ལག་རྡང་སྦྲེལ་ཏེ་སྡེ་ཁུལ་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་དགོས་པ་དང་།     ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་མཛུབ་ཁྲིད་འོག མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མུ་མཐུད་དུ་ཆེ་རུ་འགྲོ་ངེས་ཡིན་པ་དང་།     སྡེ་ཁུལ་ཡང་འཚོ་གནས་སྔར་ལས་སྐྱིད་པོར་འགྱུར་ངེས་ཡིན་པར་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།