མཚོ་སྔོན་ཞིང་ཆེན་གྱིས་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར31བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་དགུན་བརྒལ་བར་རོགས་རམ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ12པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར31བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཆུས21ལ་ཟླ12པའི་ཞིང་སྡེའི་འགན་སྲུང་མ་དངུལ་དང་གྲོང་ཁྱེར་གྱི་འགན་སྲུང་མ་དངུལ་དུས་ཐོག་ཏུ་མ་དངུལ་ཆ་ཚང་བྱིན་པ་དང་། རྫོང་དང་ཆུས28ལ་ཟླ12པའི་དམིགས་བསལ་དཀའ་ངལ་ཆེ་བའི་མི་སྣར་དུས་ཐོག་ཏུ་མ་དངུལ་ཆ་ཚང་བྱིན།

དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་དགུན་བརྒལ་བའི་འགག་སྒྲོལ་གྱི་བྱ་སྤྱོད་བཀོད་སྒྲིག་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། གནས་སྐབས་རོགས་སྐྱོབ་ཀྱི་ནུས་ཕྱོད་མི་མཐོ་བ་དང་། འགན་སྲུང་བྱ་དགོས་པའི་མི་སྣར་འགན་སྲུང་བྱས་མེད་པ་དང་མ་དངུལ་དུས་ཐོག་ཏུ་བྱིན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། གཅིག་གྱུར་བཀོད་སྒྲིག་ལ་ཤུགས་བསྣན་པ་དང་ལས་བྱེད་མི་སྣ་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་སྐོར་ཞིག་ལ་མངག་ནས་ལྟ་སྐུལ་རྟོག་ཞིབ་བྱེད་དུ་བཅུག ས་གནས་སོ་སོས་མི་ཚོགས་གཙོ་བོར་དམིགས་ནས་གློ་བུར་དུ་བྱུང་བའི་དོན་རྐྱེན་དང་།  བསམ་ཡུལ་ལས་འདས་པའི་ཆག་སྒོ། ནད་རིགས་ཚབས་ཆེན་སོགས་ཀྱི་དབང་གིས་འཚོ་བ་དཀའ་ངལ་གྱི་གྱུར་བའི་ཁྱིམ་ཚང་དང་མི་སྒེར་ལ་གཙོ་གནད་དུ་ཞིབ་བཤེར་བྱས་ཏེ། དངོས་སུ་འཚམས་འདྲི་བྱས་ནས“རོགས་སྐྱོབ་དང་རྗེས་འདེད། ཆ་རྐྱེན་དང་མཐུན་པར་ཡང་བསྐྱར་རོགས་སྐྱོབ”བྱེད་པའི་དོ་དམ་རྣམ་པ་ཆགས་སུ་བཅུག

དགུན་དུས་ཀྱི་འགག་སྒྲོལ་བྱ་སྤྱོད་སྤེལ་བའི་ཚུན་ལ། བསྡོམས་པའི་མི་ཁྲི་གཅིག་དང་སྟོང་བཞི་བཞི་བརྒྱ་ཞེ་བཞི་ལ་ཞིབ་བཤེར་བྱས་པ་དང་། བྲེལ་དཀའི་རྣམ་པ་དང་འགྲོ་སོང་རྣམ་པས་མི2116ལ་གནས་སྐབས་རོགས་སྐྱོར་བྱས། འགན་སྲུང་བྱེད་པ་འགན་སྲུང་བྱས་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས།  ས་གནས་སོ་སོའི“དྲ་ཐོག་གི་གཞི་གྲངས་ཆེན་པོའི་ལྟ་ཞིབ་ཚད་ལེན་དང་ཡུལ་དངོས་སུ་ཞིབ་བཤེར་ནན་མོ་བྱེད་པའི”རྣམ་པ་བརྒྱུད་དེ། མངའ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཚང་མར་རེ་རེ་བཞིན་འཚམས་འདྲི་བྱས་པ་དང་། དར་མའི་ལས་ཀ་མེད་ལ་ཚབས་ཆེ་བའི་དབང་པོ་སྐྱོན་ཅན་དང་།     འགྲོ་སོང་ཇེ་ཆེར་ཕྱིན་པ་སོགས་རྒྱུ་རྐྱེན་ཀྱིས་འཚོ་བའི་དཀའ་ངལ་བཟོས་པའི་ཁྱིམ་ཚང་ལ་གཙོ་བོར་བཟུང་སྟེ་ཞིབ་བཤེར་བྱས་ལ།  བསྡོམས་པའི་མི་ཁྲི་གཉིས་དང་སྟོང་བཞི་བཅུ་དགུ་ལ་ཞིབ་བཤེར་བྱས་པ་དང་།     རོགས་སྐྱོབ་འགན་སྲུང་གི་ཁྱབ་ཁོངས་ནང་གསར་དུ་བཅུག་པའི་མི2789ཡོད། ཆ་རྐྱེན་དང་མི་འཚམ་པའི་མི་སྣ3260འགུལ་རྣམ་ཕྱིར་འཐེན་བྱས།

དེ་དང་ཆབས་ཅིག  རིམ་རྩིས་བྱས་ན་ཉམ་ཐག་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་ཐད་བཏང་བའི་མ་དངུལ་སྒོར་ཁྲི920ཡིན་པ་དང་། དྭ་ཕྲུག་དང་གསོ་མཁན་མེད་པའི་བྱིས་པ་སོགས་ཐོ་འགོད་བྱས་པའི་ཉམ་ཐག་བྱིས་པ5000ལྷག་ཙམ་ལ་འགན་ལེན་ནུས་ལྡན་བྱས། སྤྱི་ཚོགས་ཐོན་ཁུངས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། སྤྱི་ཚོགས་ཀྱི་བརྩེ་སེམས་སྟོབས་ཤུགས་སྐུལ་སློང་བྱས་ནས་ཉམ་ཐག་བྱིས་པར་དགུན་བརྒལ་བར་རོགས་རམ་བྱས་ནས། ཉམ་ཐག་བྱིས་པ་མི་ཐེངས3900ལྷག་ལ་འཚམས་འདྲི་བྱས་པ་དང་། རིན་ཐང་སྒོར་ཁྲི75ལྷག་གི་དགུན་ལྭ་དང་སྲིང་བལ་ལྷམ་སོགས་བྱིན་པས། དཀའ་ངལ་ཡོད་པའི་བྱིས་པས་དྲོད་སྐྱིད་ལྡན་པའི་ངང་དགུན་བརྒལ་བར་དངོས་ཟོག་གི་འགན་ལེན་བརྟན་པོ་འདོན་སྤྲོད་བྱས། ས་གནས་སོ་སོས་སྨན་བཅོས་འགན་སྲུང་སྡེ་ཁག་དང་མཐུན་སྦྱོར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པར་མཛུབ་ཁྲིད་བྱས་ཏེ། དྭ་ཕྲུག་དང་གཉོར་མཁན་མེད་པའི་བྱིས་པ4015མི་རེར་སྒོར400ཡི་ཚད་གཞི་ལྟར་མཁར་གྲོང་གི་སྨན་བཅོས་འགན་སྲུང་ནང་ཞུགས་རྒྱུར་རོགས་རམ་བྱས།

“མ་འོངས་པའི་འཆར་གཞི”དང“དྭ་ཕྲུག་གི་སློབ་སྦྱོང་ཐད་རོགས་སྐྱོར་བྱེད་པ”སོགས་དམངས་ཕན་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། དྭ་ཕྲུག310རྩ་འཛུགས་བྱས་ནས་གླ་ཡོན་མི་དགོས་པའི་ལུས་ཕུང་བརྟག་དཔྱད་བྱས་པ་དང་།     ལོ18ལ་སླེབས་པའི་ཆེད་སྦྱོང་དང་དེའི་ཡན་གྱི་སློབ་གྲྭ་རུ་སློབ་སྦྱོང་བྱེད་བཞིན་པའི་དྭ་ཕྲུག་དང་གཉོར་མཁན་མེད་པའི་བྱིས་པ332ལ་སློབ་གསོའི་རོགས་དངུལ་སྒོར་ཁྲི238བྱིན་པས། དཀའ་ཁག་ཡོད་པའི་བྱིས་པའི་སྨན་བཅོས་རོགས་སྐྱོབ་འགན་སྲུང་ཆུ་ཚད་ནུས་ལྡན་ངང་ཇེ་མཐོར་བཏང་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།