མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས། “རྩལ་ནུས་ཀྱིས་མདུན་ལམ་གསལ་བར་བྱེད་པའི”བྱ་སྤྱོད་དང་། “མཚོ་སྔོན་གྱི་ལག་རྩལ་པའི”ཟོང་རྟགས་གསོ་སྐྱོང་དམིགས་འབེན་དང་དམ་པོར་སྦྲེལ་ཏེ། “འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་དང་རྩལ་ནུས་མཐོར་འདེགས་གཏོང་བའི”རྣམ་པ་གསར་པ་བསྐྲུན་ནས། སྤུས་ཚད་མཐོ་ཞིང་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད་རྩལ་ནུས་སྐོར་གྱི་འཇོན་མིའི་འགན་སྲུང་བརྟན་པོ་མཁོ་འདོན་བྱས། མིག་སྔའི་བར་ཁྱོན་བསྡོམས་མི་ཐེངས4105ལ་ལས་རིགས་རྩལ་ནུས་སྐོར་ནས་གསོ་སྦྱོང་སྤེལ།
མཚོ་བྱང་ཁུལ་གྱིས་ལས་ཞུགས་ལས་དོན་གྱི་མཉམ་འགུལ་མཐུན་སྦྱོར་ལམ་སྲོལ་ལ་བརྟེན་ནས། “རྩལ་ནུས་གསོ་སྦྱོང་ལག་བསྟར”ལམ་ལུགས་བཙུགས་པ་དང་། “ལས་གནས་དགོས་མཁོ་དང་རྩལ་ནུས་གསོ་སྦྱོང་། རྩལ་ནུས་གདེང་འཇོག ལས་ཞུགས་ཞབས་ཞུ”བཅས་ཀྱི་གསོ་སྦྱོང་བྱེད་སྟངས་བསྐྲུན་ནས། “འཛིན་གྲྭའི་འགོ་རྩོམ་རེ་ཞུ་དང་བརྒྱུད་རིམ་ཞིབ་བཤེར། སློབ་མཇུག་ཞིབ་བཤེར། ཆུ་ཚད་གདེང་འཇོག་བཅས་ཀྱི་ཁ་ཟུམ་ལམ་སྲོལ་དོན་འཁྱོལ་བྱས་ཏེ། གསོ་སྦྱོང་དང་ལས་ཞུགས་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་བཏང་། “གཞི་གྲངས་ལྟེ་གནས་དང་ལྕགས་རྐང”གི་ཞབས་ཞུའི་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གསོ་སྦྱོང་གི་འདོད་བློ་གནད་ལ་འཁེལ་བའི་སྒོ་ནས་བསྡུ་རུབ་བྱས་ནས། ལག་རྩལ་ཅན་དང་གསར་གཏོད་ཅན་གྱི་ངལ་རྩོལ་པའི་དཔུང་སྡེ་གསོ་སྐྱོང་དང་ཐོན་ལས་གསོ་སྐྱོང་ཟུང་འབྲེལ་དམ་ཟབ་ཡོང་བར་བྱས། ཁུལ་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ལས་རིགས་དང་ཚོགས་པ་མི་འདྲ་བར་དམིགས་ཏེ་ལས་རིགས་བཀོད་སྒྲིག་བྱས་ནས། ཀྲུང་ལུགས་གཡོས་སྦྱོར་དང་ཁྱིམ་ལས་ཞབས་ཞུ། ཚ་ལ་རྒྱག་པའི་བཟོ་པ་སོགས་གསོ་སྦྱོང་བྱས་ཏེ། གསོ་སྦྱོང་གི་དམིགས་འབེན་རང་བཞིན་དང་གནད་འཁེལ་རང་བཞིན། དངོས་ཕན་རང་བཞིན་བཅས་མངོན་སུམ་ཆེ་རུ་བཏང་།
“འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་དང་འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བའི”རྣམ་པ་ཁྱབ་སྤེལ་བཏང་སྟེ། མཚོ་བྱང་ཁུལ་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་ལག་ཤེས་བཟོ་པའི་བརྩམས་ཆོས་འགྲེམས་སྟོན་དང་དཔྱད་བསྡུར་བྱེད་སྒོ་སྤེལ། “ལས་རིགས་རྩལ་ནུས་དང་ཀུན་སྤྱོད་བྱང་ཚད། ལས་ཀ་འཚོལ་བའི་ནུས་པ”བཅས་ཀྱི་ཕྱོགས་བསྡུས་གསོ་སྦྱོང་རྩ་གནད་སྤྱད་དེ། འཕྲུལ་ཆས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་སོགས་ཆེད་ལས་ལས་རིགས་སྣ་ཚོགས་ཀྱི་ཤེས་བྱའི་རྨང་གཞིའི་སྟེང་དུ། བཅའ་ཁྲིམས་དང་ཁྲིམས་སྲོལ། ལས་རིགས་ཀུན་སྤྱོད། ཡིད་རྟོན་འཛུགས་སྐྲུན་སོགས་སྤྱི་པའི་བསླབ་ཚན་དུས་མཉམ་དུ་བཀོད་སྒྲིག་བྱས་པ་དང་། གཞི་རྟེན་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ་དམངས་གཉེར་ལས་རིགས་གསོ་སྦྱོང་སྒྲིག་གཞི14དངོས་སུ་བཙུགས་པ་དང་། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”དང་། སློབ་གཉེར་ལྟ་སྐུལ་ལྟ་སྒྲུབ་དང་དུས་བཅད་དཔྱད་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་བྱས། ཁུལ་རིམ་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིའི་བེད་སྤྱོད་ལས་ཆོད་ཆེ་རུ་གཏོང་བ་དང་། མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཁ་གསབ་སྒོར་ས་ཡ་གསུམ་དང་འབུམ་གསུམ་སྟོང་གསུམ་བདུན་བརྒྱ་མངོན་འགྱུར་བྱས།