【“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་གྱི་གྲུབ་འབྲས】རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར(རྫོང་)གི་མཚན་སྙན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)8ལ་ཁྱབ་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12ཚེས5ཉིན།  གསར་འགོད་པས“‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”ཞེས་པ་བརྗོད་གཞིར་བཟུང་བའི་མུ་འབྲེལ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་དུ་མཚོ་སྔོན་ཞིང་ཆེན་གྱི་རུ་འཁྱུར་དམག་མིའི་དོན་གཅོད་ཐིང་གི་ཆེད་ཚོགས་སྟེང་ཤེས་གསལ་ལྟར་ན།  མཚོ་སྔོན་ཞིང་ཆེན་གཉིས་བཀུར་བྱ་བར་ཡང་བསྐྱར་གྲུབ་འབྲས་ལེགས་པོ་སྨིན།  ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(རྫོང་)9ལ་རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར(རྫོང་)གྱི་སྐབས་གསར་པའི་མཚན་སྙན་ཐོབ་ཅིང་། བྱ་དགའི་གྲངས་འབོར་སྐབས་སྔོན་ལས་གཉིས་ཇེ་མང་དུ་ཕྱིན་ཡོད་པ་དང་།  ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(རྫོང་)8ལ་ཁྱབ་ཡོད།   དེའི་ནང་ཟི་ལིང་གྲོང་ཁྱེར་མཚན་སྙན་འདི་ཐེངས་དགུ་དང་ན་གོར་མོ་གྲོང་ཁྱེར་ལ་མཚན་སྙན་འདི་ཐེངས་བཅུ་ལ་ཐོབ་མྱོང་བ།  གཉིས་བཀུར་མཉམ་བསྐྲུན་གྱི་གཏིང་ཚད་དང་ཁྱབ་ཚད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཡོད།
  གསར་འཛུགས་བྱེད་སྒོར་དམ་འཛིན་ལྷོད་མེད་བྱས་ཏེ་གཉིས་བཀུར་བྱ་བ་ཇེ་རྒྱས་ཇེ་ལེགས་འགྲོ་བར་སྐུལ་འདེད་བཏང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་དམག་ཁུལ་བཅས་ཀྱིས་ད་ལོའི“བརྒྱད་གཅིག”གི་སྔ་རོལ་ཏུ་གཉིས་བཀུར་དཔེ་སྟོན་ལས་ཁུངས50དང་དཔེ་སྟོན་མི་སྒེར49བཅས་ལ་གཟེངས་རྟགས་སྤྲད།  ཟི་ལིང་དང་། མཚོ་ལྷོ། མཚོ་བྱང་། ཡུལ་ཤུལ། ན་གོར་མོ་ལ་སོགས་ས་གནས་སུ་“མཁར་གཟིངས་མཉམ་བསྐྲུན”སོགས་སྤེལ་ཏེ།  མཚོ་དམག་གི་གྲུ་གཟིངས་བར་ལ་འདྲི་རེས་རོགས་རེས་ཀྱི་ལམ་ལུགས་བཙུགས་ནས་ཁྱད་ཆོས་ལྡན་པའི་གཉིས་བཀུར་སྤུས་རྟགས་བཏོད།

 དམག་སྡེ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་བའི་ཕྱོགས་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཏང་ཨུ་དང་སྲིད་གཞུང་གིས་དུས་ངེས་གཏན་ནང་དུ་དམག་དོན་གྲོས་ཞིབ་ཚོགས་འདུ་བསྡུ་བ་ལ་སོགས་ཀྱི་ལམ་ནས་དམག་དཔུང་གི“རྗེས་གསུམ”གནད་དོན་ནུས་རྒུས་ཐག་གཅོད་བྱས་ཏེ།  དམག་ཁོངས་ཀྱི་ལས་ཞུགས་དང་། བུ་ཕྲུག་གི་སློབ་ཞུགས་ལ་སོགས་པའི་དོན་དངོས་ཀྱི་དཀའ་ངལ་སྐོར་ཞིག་ཐག་གཅོད་ལེགས་པོ་བྱེད་པར་སྐུལ་འདེད་བཏང་།  མཚམས་འདྲི་རྒྱུན་ཚུལ་ཅན་དུ་བཏང་སྟེ། ་། ལོ་ལྔའི་ནང་དུ་དམག་སྡེ་ལ་སྔ་གཞུག་ཏུ་ཐེངས520ལ་མཚམས་འདྲི་ཕྱིན་པ་དང་།   མཚམས་འདྲི་ལེགས་སྐྱེས་སྒོར་ཁྲི3000ལྷག་ཕུལ། 

 མཚོ་སྔོན་དུ་བཅའ་སྡོད་བྱས་པའི་དམག་སྡེ་ས་གནས་འཛུགས་སྐྲུན་གྱི་ཁྲོད་དུ་ཞུགས་ཏེ།   གནོད་སྐྱོན་ཉེན་སྐྱོབ་ཏུ་སྔ་རྗེས་སུ་དམག་མི་ཁྲི1.5ལྷག་མངགས་པ་དང་།   གནས་ངེས་གཏན་གྱི་གྲོང་ཚོ48ལ་རོགས་རམ་བྱས།  སློབ་ཆུང་དང་སློབ་འབྲིང62མཉམ་དུ་བསྐྲུན།   ཞིང་ཆེན་ཡོངས་སུ“ལྟེ་བ་གཅིག་དང་ཡན་ལག་གི་ལས་གནས་ལྔ”ཡི་མཁོ་འདོན་འགན་སྲུང་མ་ལག་གསར་དུ་བཙུགས་ཏེ།  དམག་སྡེ་ཡི་དམག་སྦྱོང་འཐབ་རྩོད་གྲ་སྒྲིག་ལ་ནུས་ཤུགས་ཡོད་རྒུས་ཞབས་ཕྱི་བསྒྲུབས་ནས་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་བོ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།