མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཉམ་དུ་བསྒྲུབས་པའི་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཁྲིམས་ཁང་གི་འགོ་གཙོའི་སློབ་སྦྱོང་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་གླིང་དུ་མགོ་བརྩམས།
གསོ་སྦྱོང་འཛིན་གྲྭས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་འདུ་ཤེས་དང་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི། ཁྲིམས་སྐྱོང་བྱེད་སྟངས་བཅས་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དམིགས་ནས་བསླབ་ཚན་བཙུགས་པ་དང་སློབ་སྦྱོང་གི་བླང་བྱ་བཏོན། གསོ་སྦྱོང་ལས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྣེ་ཁྲིད་དུ་བྱས་ཏེ་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་ཁ་ཕྱོགས་བརྟན་པོ་ཡོང་བར་བྱེད་དགོས། ཆབ་སྲིད་ཀྱི་དད་སེམས་ཇེ་བརྟན་དུ་བཏང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་བརྩི་སྲུང་བྱས་ཏེ། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་དགོས། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་འགག་རྩར་བྱས་ནས་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་བྱེད་སྟངས་དེ་ཐབས་ལམ་དུ་བྱས་ནས་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་ལག་ལེན་གྱི་ཕན་ནུས་ཆེ་རུ་གཏོང་དགོས། ཁྲིམས་སྐྱོང་དྲང་གཞག་དམིགས་འབེན་དུ་བྱས་ཏེ། མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ཀྱི་དྲང་གཞག་དྲང་བདེན་ཚོར་དུ་འཇུག་དགོས།
གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཡོངས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། བསླབ་ནས་སྤྱོད་པ་དང་བསླབ་ནས་ལས་ལ་སྐུལ་བར་དམིགས་པ། སློབ་པ་དང་བསམ་གཞིགས་གཏོང་བ་དེ་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བསམ་གཞིགས། ཁྲིམས་སྐྱོང་བྱེད་སྟངས་བཅས་མུ་མཐུད་དུ་མཐོར་འདེགས་བཏང་ནས་དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། ཁྲིམས་གཅོད་བྱ་བའི་སྤྱི་ཡོངས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། སློབ་སྦྱོང་གསོ་སྦྱོང་གི་གྲུབ་འབྲས་དེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལེགས་པོ་བྱེད་པ། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དོན་དངོས་བྱ་སྤྱོད་དུ་བསྒྱུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།