ཞི་ཅིན་ཕིང་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

ཟླ12པའི་ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ། ཧྥ་རན་སིའི་སྲིད་འཛིན་མ་ཁི་ལུང་དང་ལྷན་དུ། ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཟླ12པའི་ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ། ཧྥ་རན་སིའི་སྲིད་འཛིན་མ་ཁི་ལུང་དང་ལྷན་དུ། ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་ཡི“ལོ་རྒན་དྲུག་ཅུ་གསར་པའི”འགོ་རྩོམ་པའི་ལོ་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་སྐྱེད་དང་མཉེན་ཆ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཟླ་དང་པོ་ནས་བཅུ་པའི་བར་ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་འབོར་ཨ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་བརྒྱད་དུང་ཕྱུར་བདུན་བྱེ་བ་ལྔ་ཟིན་པ་དང་། ཕྱོགས་གཉིས་ཀྱི་དངུལ་འཇོག་བསྡོམས་འབོར་རིམ་རྩིས་བྱས་ན་ཨ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བདུན་ལས་བརྒལ་ཡོད། ཕྱོགས་གཉི་གས་ཕྱི་འབྲེལ་བཙུགས་པའི་ཐོག་མའི་དམ་བཅའ་སྲུང་འཛིན་བྱས་ཏེ། གོ་སྐབས་དམ་འཛིན་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་རྒྱང་རིང་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་ལེའུ་མཉམ་དུ་རྩོམ་དགོས་པ་དང་། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་བརྟན་བརླིང་རང་བཞིན་ལ་བརྟེན་ནས་དེང་སྐབས་འཛམ་གླིང་གི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས་ཞེས་གསུངས།

གཅིག་ནི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་གལ་ཆེ་ལ་མེད་དུ་མི་རུང་བའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲོགས་པོར་བརྩི་བཞིན་ཡོད་པ་དང་། ཧྥ་རན་སི་ཕྱོགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་འབད་པས་ཞུགས་ནས། སྟོབས་ཤུགས་དང་འདོད་མོས་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཧྥ་རན་སི་རུ་དངུལ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་མིས་ཐབས་རིག་ནུས་དང་ལྗང་མདོག  གྲངས་འཛིན་དཔལ་འབྱོར། སྐྱེ་དངོས་སྨན་རྫས། རྒན་པའི་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་དགོས་པ་དང་། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་སྒོ་འབྱེད་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་དྲང་གཞག་དང་ཁ་གསལ། མཐོང་ཆུང་མེད་པ། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་མཁོ་འདོན་བྱེད་དགོས།

གཉིས་ནི་ཀྲུང་གོ་དང་ཡོ་རོབ་ཀྱི་གཉིས་ཕན་མཉམ་ལས་ཀྱི་འཕེལ་རྒྱས་གསར་པར་མུ་མཐུད་སྐུལ་འདེད་གཏོང་དགོས། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་ལོ་ཡིན། ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་ལེགས་ཆ་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་ཡིན་པས། འཕེལ་རྒྱས་ཁྲོད་འགུལ་རྣམ་དོ་མཉམ་མངོན་འགྱུར་བྱེད་ཐུབ། ཕན་ཚུན་བརྟེན་རེས་ནི་ཉེན་ཁ་མིན་པ་དང་ཁེ་ཕན་མཉམ་འདྲེས་ནི་འཇིགས་སྐུལ་མིན། ཀྲུང་གོ་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་སྔར་ལས་འོད་སྟོང་འབར་བའི་ལོ་ངོ་ལྔ་བཅུ་རྗེས་མ་བསྐྲུན་དགོས།

གསུམ་ནི་མཉམ་དུ་འཛམ་གླིང་གི་བཅོས་སྐྱོང་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་རྒྱུར་བྱས་རྗེས་འཇོག་དགོས། ད་ལོ་ནི་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ80འཁོར་བའི་ལོ་ཡིན། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་བོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་བོའི་ཤེས་རིག་གི་གྲོས་འགོ་བཅས་བཏོན་རྗེས། ད་ལོའི་ཟླ9པར་ངས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་པ་ཡིན། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་དོན་དམ་གྱི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་དགོས་པ་དང་། ཐུན་མོང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་གནས་དང་དབང་ཐང་ལ་སྲུང་སྐྱོང་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་འཛིན་པ་དང་སྒྲིག་སྲོལ་རྨང་གཞི་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་ཆེད་དྲང་ནུས་འབུལ་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་དུ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན། ཧྥ་རན་སིའི་ཁེ་ལས་པས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་ཕན་མུ་མཐུད་དུ་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་སོགས་ལས་རིགས་ཁག་གི་འཐུས་མི150ཙམ་ཚོགས་འདུ་གྲོལ་བའི་མཛད་སྒོར་ཞུགས།

ཝང་དབྱི་གོང་གསལ་གྱི་མཛད་སྒོར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།