《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཅེས་པའི་པོད་ལྔ་པའི་དབྱིན་ཡིག་པར་གཞིའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཡོས་ཧན་ནེ་སི་པའོ་རུ་བསྡུས།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཅེས་པའི་པོད་ལྔ་པའི་དབྱིན་ཡིག་པར་གཞིའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཚེས3ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཡོས་ཧན་ནེ་སི་པའོ་རུ་བསྡུས། རྒྱལ་ཁབ་ཕྱི་ནང་གི་ཚོགས་ཞུགས་སྐུ་མགྲོན་གྱིས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཅེས་པའི་པོད་ལྔ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་སྒོས་མཚོན་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་དང་ལག་ལེན་གྱི་ཐབས་ལམ། འོད་སྟོང་འབར་བའི་གྲུབ་འབྲས་བཅས་བརྒྱུད་རིམ་ལྡན་པའི་ངང་ནས་མངོན་ནས། འཛམ་གླིང་གི་ལྷོ་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་དུ་དེང་རབས་ཅན་དུ་བསྐྱོད་པར་དཔྱད་གཞིར་བཟུང་ཆོག་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་ནི་གསེར་ལྡན་རྒྱལ་ཁབ་ཀྱི་ཁོངས་ཞུགས་གལ་ཆེན་ཡིན་ལ། འཛམ་གླིང་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་པས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་རོགས་རེས་འགུལ་སྤྱོད་ཆེན་པོ་བཅུ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་མཉམ་དུ་ལག་ལེན་དུ་བསྟར་ནས། འཛམ་གླིང་ལྷོ་ཕྱོགས་འཕེལ་རྒྱས་དར་རྒྱས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་དུ་དེང་རབས་ཅན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་སྣེ་ཁྲིད་བྱ་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།