དྲ་བའི་ཐད་གཏོང་གི་ཟང་ཟིང་རྣམ་པར་བཅོས་སྒྲིག་ནན་པོ་བྱེད་བཞིན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

“དྭངས་གསལ·དྲ་རྒྱའི་ཐད་གཏོང་ལ་བྱ་དགའ་སྤྲོད་པའི་ཟང་ཟིང་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་ནས་ཟླ་བ་གཅིག་སོང་ཚུན། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་ཚིགས་ལས་སྟེགས་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། མ་རབས་ཐ་ཤལ་གྱི་ཚོགས་པའི་ཐད་གཏོང་གིས་བྱ་དགའ་སྤྲོད་རྒྱུར་འགུག་ཐབས་བྱེད་པ་དང་། ཚུལ་འཆོས་བསྟན་ནས་ཐད་གཏོང་བྱ་དགའ་བསླུ་བྲིད་བྱེད་པ། ན་མ་སོན་པའི་མིས་བྱ་དགའ་སྤྲོད་རྒྱུར་འཇམ་ཁྲིད་བྱེད་པ། དྲ་གྲོགས་ལ་ངར་ལངས་ནས་བྱ་དགའ་སྤྲོད་རྒྱུའི་ངན་སྐུལ་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ཏེ། མུ་མཐུད་དུ་གཙང་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱ་དགའ་སྤྲོད་པའི་སྒྲིག་སྲོལ་དང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཐད་གཏོང་ཁང་ནང་བྱ་དགའ་སྤྲོད་པའི་ཁེ་སྤོགས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ཡོད། མིག་སྔར། རིམ་རྩིས་བྱས་ན་སྒྲིག་འགལ་གྱི་ཐད་གཏོང་ཁང་ཁྲི་7.3ལྷག་དང་རྩིས་ཨང་ཁྲི་2.4ལྷག་ལ་ཆད་གཅོད་བྱས་ཟིན་པ་དང་། དྲ་ཚིགས་ལས་སྟེགས་ཀྱིས་བཅོས་སྐྱོང་སྤྱི་བསྒྲགས་དང་དཔེ་མཚོན་གྱོད་དཔེ་ཐེངས་28ཁྱབ་བསྒྲགས་བྱ་རྒྱུར་མཛུབ་ཁྲིད་བྱས་ནས། ཞེན་མི་མང་བའི་གཙོ་སྐྱོང་གི་རྩིས་ཨང་ཁག་གཅིག་ལ་རྡུང་རྡེག་ནན་པོ་བཏང་བ་དང་། དྲ་ཐོག་བྱ་དགའ་སྤྲོད་པའི་བྱ་སྤྱོད་སྣ་ཚོགས་ལ་ཟིལ་གནོན་བྱས་པ། རོལ་རྩེད་ཚོགས་པའི་ཐད་གཏོང་སོགས་གནད་དོན་གཅིག་སྡུད་ཁྱབ་ཁོངས་ཀྱི་འབྱུང་ཁམས་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། བསྡུར་རེས་ངན་པའི་ཐོག་ནས་བྱ་དགའ་སྤྲོད་རྒྱུ་དང་བསླུ་བྲིད་བྱས་ནས་བྱ་དགའ་སྤྲོད་རྒྱུ་སོགས་ཀྱི་བྱ་སྤྱོད་ངན་པ་བཀག་འགོག་ནུས་ལྡན་བྱུང་བས། ལས་རིགས་ཀྱི་དར་སྲོལ་མུ་མཐུད་ལེགས་སུ་ཕྱིན་ཡོད།

ཆེད་དོན་བྱ་སྤྱོད་སྤེལ་རིང་། འཁྱུག་དབྱིངས་དང་མགྱོགས་འཕྲིན། དེབ་ཆུང་དམར་པོ་ སོགས་དྲ་ཚིགས་ལས་སྟེགས་ཀྱིས་གཙོ་གཟུགས་འགན་འཁྲི་ཧུར་ཐག་བསྒྲུབས་ནས་ཐད་གཏོང་བྱ་དགའ་ཚད་ལྡན་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། གོམ་སྟབས་རྗེས་མར་ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་ཚིགས་ལས་སྟེགས་ཀྱི་གཙོ་གཟུགས་འགན་འཁྲི་མུ་མཐུད་དུ་དམ་དུ་གཏོང་བ་དང་། དྲ་ཚིགས་ལས་སྟེགས་ཀྱིས་དྲ་ཐོག་ཐད་གཏོང་བྱ་དགའ་སྤྲོད་པའི་ཟང་ཟིང་བཅོས་སྒྲིག་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། བྱ་དགའ་སྤྲོད་པའི་སྒྲིག་སྲོལ་དང་འབྲེལ་ཡོད་ནུས་པའང་རྩེད་སྟངས་སྔར་བས་ལེགས་སུ་གཏོང་ཞིང་། གཙོ་གཟུགས་འགན་འཁྲི་ལག་ལེན་བསྟར་བྱེད་ཤུགས་མི་འདང་བའི་དྲ་ཚིགས་ལས་སྟེགས་ལ་ཁྲིམས་ལྟར་ཆད་གཅོད་ནན་པོ་བཅས་བྱས་ནས། ཕུགས་ཕན་གྱི་བཅོས་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་དྲ་ཐོག་ཐད་གཏོང་གི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།