ཉེ་ཆར། ནུས་རྒྱུ་གསར་པ་དང་། ལས་གྲྭ འགྲིམ་འགྲུལ་སོགས་ཁྱབ་ཁོངས་མང་པོའི་ཐད་ཀྲུང་གོར་ཚད་བརྒལ་གསར་པ་བྱུང་ཡོད།
ནང་སོག་ཝུའུ་ཧའེ་ཡི་ཕྱེད་སྲ་གཟུགས་རྣམ་པའི་ལིས་གློག་རྫས་ནུས་གསོག་རྣམ་གྲངས་ཀྱི་གློག་ལམ་མཉམ་སྦྲེལ་གྱིས་གློག་འདོན་ཐུབ་ནས། ཀྲུང་གོའི་ཟམ་པ་སྨི་གཅིག་སྟོང་གི་མཚམས་བརྒལ་ནས་སྨི་གཉིས་སྟོང་གི་མཚམས་བརྒལ་བར་གྱི་ཚད་བརྒལ་མངོན་འགྱུར་བྱུང་བའི་ཀྲང་ཅིང་ཀའོ་འབྲི་ཆུའི་ཟམ་ཆེན་གྱི་གཙོ་གཟུགས་ལྷོ་མའི་ཐོག་བཀབ་པ་དང་། ཅང་སུའུ་ཐའེ་ཚང་ནས་ཧྲང་ཧའེ་ཕུའུ་ཏུང་བར་གྱི་དམའ་དབྱིངས་འགྲིམ་འགྲུལ་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པས། ཀྲུང་གོའི་དཔའ་སྟོབས་ཀྱིས་སླར་ཡང་གཟེངས་སུ་ཐོན་པའི་གྲུབ་འབྲས་བཏོད་ཡོད།
ཉེ་ཆར། ནང་སོག་ཝུའུ་ཧའེ་རུ་གནས་པའི་སྟོང་ཝ་ཁྲི་20དང་ཆུ་ཚོད་རེར་སྟོང་ཝ་ཁྲི་80ཡི་ཕྱེད་སྲ་གཟུགས་རྣམ་པའི་གློག་རྫས་ཀྱི་ནུས་གསོག་རྣམ་གྲངས་ཀྱི་གློག་ལམ་མཉམ་སྦྲེལ་གློག་འདོན་མངོན་འགྱུར་བྱུང་ཡོད་ཅིང་། རྣམ་གྲངས་དེས་རང་རྒྱལ་གྱི་གློག་ལམ་མཉམ་སྦྲེལ་གྱི་ཕྱེད་སྲ་གཟུགས་རྣམ་པའི་ལིས་གློག་རྫས་ནུས་གསོག་རྣམ་གྲངས་ཀྱི་འཕྲུལ་འཁོར་སྒྲིག་སྦྱོར་གཞི་ཁྱོན་གྱི་ཟིན་ཐོ་གསར་པ་བཏོད་པར་མ་ཟད། གང་དེའི་ཐོག་ནས་རང་རྒྱལ་གྱི་ཕྱེད་སྲ་གཟུགས་རྣམ་པའི་ནུས་གསོག་ལག་རྩལ་དེ་དཔེ་སྟོན་ཉེར་སྤྱོད་ནས་གཞི་ཁྱོན་ཆེ་བའི་ཚོང་ལས་ཅན་གྱི་འཁོར་སྐྱོད་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།
ཉེ་བའི་ལོ་ཤས་རིང་། ཕྱེད་སྲ་གཟུགས་རྣམ་པའི་ལིས་གློག་རྫས་ལ་བདེ་འཇགས་རང་བཞིན་དང་དཔལ་འབྱོར་རང་བཞིན་ལྡན་པའི་དབང་གིས་ནུས་གསོག་ཁྱབ་ཁོངས་ཀྱི་ལག་རྩལ་རིམ་འཇུག་གི་ལྟེ་བའི་ཁ་ཕྱོགས་སུ་གྱུར་ཡོད། དེའི་གོང་རང་རྒྱལ་གྱི་གློག་ལམ་མཉམ་སྦྲེལ་ཟིན་པའི་ཕྱེད་སྲ་གཟུགས་རྣམ་པའི་ནུས་གསོག་རྣམ་གྲངས་ཆེ་ཤོས་ནི་སྟོང་ཝ་ཁྲི་10དང་ཆུ་ཚོད་རེར་སྟོང་ཝ་ཁྲི་20ཡི་དཔེ་སྟོན་རྣམ་གྲངས་ཡིན་པ་དང་། ད་ཐེངས་ཝུའུ་ཧའེ་རྣམ་གྲངས་ཀྱི་གཞི་ཁྱོན་དེར་ལྡབ་འཕར་བྱུང་བ་དང་། དེའི་ཐོག་ནས་རང་རྒྱལ་ཉིད་ཕྱེད་སྲ་གཟུགས་རྣམ་པའི་ནུས་གསོག་ལག་རྩལ་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ཁྱབ་ཁོངས་སུ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་མཚོན་གྱི་ཡོད།
ཟླ་12པའི་ཚེས་1ཉིན། མཁའ་ལམ་ལྷོ་མའི་ཟམ་པའི་གཙོ་གཟུགས་ལྷོ་མའི་འཕྲེད་གདུང་གི་མཁའ་དབྱིངས་ཀྱི་འབྲེལ་མཐུད་ལེགས་གྲུབ་བྱུང་བ་དང་ཆབས་ཅིག ཀྲང་ཅིང་ཀའོ་འབྲི་ཆུའི་ཟམ་ཆེན་གྱི་མཁའ་ལམ་ལྷོ་མའི་ཟམ་ཆེན་གྱི་གཙོ་གཟུགས་ལྷོ་མའི་ཐོག་བཀབ་པ་དང་། དེའི་ཐོག་ནས་ཟམ་ཆེན་གྱི་མཁའ་ལམ་ལྷོ་མའི་ཟམ་པའི་གཙོ་གཟུགས་ལྷོ་མའི་ལས་གྲྭ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་མཚོན་གྱི་ཡོད།
ཀྲང་ཅིན་ཀའོ་འབྲི་ཆུའི་ཟམ་ཆེན་ནི་མིག་སྔར་འཛུགས་སྐྲུན་བྱེད་བཞིན་པའི་འཛམ་གླིང་ཐོག་བར་ཐག་རིང་ཤོས་ཀྱི་དཔྱངས་ཟམ་ཞིག་ཡིན་པ་དང། མཁའ་ལམ་ལྷོ་མའི་ཟམ་པའི་རིང་ཚད་ལ་སྨི་2300ཡོད་ཅིང་། ཟམ་པ་དེས་ཀྲུང་གོའི་ཟམ་པ་སྨི་གཅིག་སྟོང་གི་མཚམས་བརྒལ་ནས་སྨི་གཉིས་སྟོང་གི་མཚམས་བརྒལ་བར་གྱི་ཚད་བརྒལ་མངོན་འགྱུར་བྱུང་ཡོད། འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། འཛམ་གླིང་ཐོག་གི་རྩེ་གྲ་དྲུག་གི་ཟིན་ཐོ་བཏོད་པ་དང་། འཛམ་གླིང་ཐོག་གི་གསར་གཏོད་དང་པོ་ཁག་དྲུག་མངོན་འགྱུར་བྱུང་ཡོད། ཟམ་པ་དེ་བསྐྲུན་ཚར་རྗེས་སུའུ་ཀྲོའུ་ཀྲང་ཅ་གྲུ་ཁ་དང་། ཐའེ་ཀྲོའུ་ཅིང་ཅང་གཙང་པོ། ནན་ཐུང་རུའུ་ཀའོ་བཅས་ས་ཆ་གསུམ་གྱི་འགྲོ་སྐྱོད་དུས་ཚོད་ཆེས་ཆེར་ཐུང་དུ་བཏང་སྟེ། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་ཆེན་པོ་ཐེབས་ནས་འབྲི་ཆུའི་ཆུ་ལམ་ཨ་མའི་གཙང་སྒྲོལ་བགྲོད་ལམ་བཀོད་སྒྲིག་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
ཟླ་12པའི་ཚེས་1ཉིན། ཅང་སུའུ་ཐའེ་ཚང་གི་རྒྱུན་རྣམ་ཅན་གྱི་དམའ་དབྱིངས་མི་སྡོད་མཁའ་ལམ་དང་པོ་སྟེ། ཅང་སུའུ་ཐའེ་ཚང་ནས་ཧྲང་ཧའེ་ཕུའུ་ཏུང་བར་གྱི་དམའ་དབྱིངས་འགྲིམ་འགྲུལ་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་། སྐར་མ་20ཡི་ནང་ཐའེ་ཚང་དང་ཕུའུ་ཏུང་ས་ཁུལ་གཉིས་ཀྱི་མཁའ་ཐོག་ཐད་འབྱོར་མངོན་འགྱུར་བྱུང་བ། ད་ཐེངས་མཁའ་ལམ་ཐོག་འཕུར་སྐྱོད་བྱེད་པ་ནི་པེའར505ཡང་བའི་སྤྱོད་མང་ཐད་འཕུར་གནམ་གྲུ་ཡིན་ཞིང་། འགྲུལ་ཚང་གི་སྡོད་གནས་4ཡིས་གྲོང་ཁྱེར་ལས་བརྒལ་བའི་སྐྱེལ་འདྲེན་ནུས་པའི་དགོས་མཁོ་གང་ལེགས་སྐོང་ཐུབ་ཀྱི་ཡོད། མཁའ་ལམ་གྱི་འབབ་འཕུར་བྱེད་གནས་ནི་ཧྲང་ཧའེ་ཕུའུ་ཏུང་ཤིན་ཡེ་འཕུར་སྐྱོད་རྟེན་གཞི་དང་ཐའེ་ཚང་རྒྱ་སེ་མེ་ཏོག་གཞིས་ཀ་ཡིན་པ་དང་། ལམ་རྒྱུད་དུ་ད་དུང་གཙང་པོའི་འགྲམ་རྒྱུད་བར་སྣང་ལྟ་སྐོར་ལམ་ཐིག་ཞིག་སྦྲེལ་ཡོད་པ་རེད།
རྩེར་སོན་གྲུབ་འབྲས་མང་པོ་ཞིག་ལས་ཀྲུང་གོའི་སྤུས་མཐོའི་གོང་འཕེལ་ལ་ལྟ་ཞིབ་བྱེད་པའི་གནད་འཕིགས་ཀྱི་གཏུབ་ལེབ་མཉམ་དུ་གྲུབ་པ་དང་། འབྱུང་འགྱུར་ལ་དམིགས་པའི་མདུན་གྲལ་ལག་རྩལ་བཀོད་སྒྲིག་བྱས་ཁར། རྨང་གཞི་བརྟན་གཏོང་གི་རིམ་འདས་ལས་གྲྭ་ཡང་འཛུགས་སྐྲུན་བྱེད་བཞིན་པ་མ་ཟད། འཚོ་བའི་སྤུས་ཚད་མཐོར་གཏོང་གི་འགྲིམ་འགྲུལ་རྣམ་པ་གསར་དུ་གཏོད་པ་དེས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་དུ་སྒུལ་ཤུགས་སྟོབས་ཆེན་ཞིག་བསྣན་ཡོད།