ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་བཅུ་གཉིས་པར་ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་ཀྱི་དམ་བཅའ་བཞག་པའི་མཛད་སྒོ་བསྡུས་པ་དང་། ཞིང་ཆེན་སྲིད་གཞུང་གིས་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་བྱེད་མི་སྣས་ཁྲིམས་ལྟར་རྩ་ཁྲིམས་ཀྱི་དམ་བཅའ་བཞག་ཡོད། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་དམ་བཅའ་འཇོག་པའི་མཛད་སྒོར་ལྟ་སྐུལ་བྱས་ནས་གཏམ་བཤད། 

སྔ་དྲོའི་ཆུ་ཚོད9ཡི་སྟེང་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་མགོ་ཚུགས་ཤིང་། དམ་བཅའ་འཇོག་མཁན་ཚང་མས་གཟབ་ནན་ངང་གྲལ་བསྒྲིགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བླངས། དེའི་རྗེས་དམ་བཅའ་འཇོག་མཁན་གྱིས་རྩ་ཁྲིམས་ལག་པས་སྐྱོར་ནས་དམ་བཅའི་ཡི་གེ་སྒྲོག་འདོན་བྱས་པ་དང་མི་གཞན་རྣམས་ཀྱིས་ཁོའི་རྗེས་དེད་ནས་རྩ་ཁྲིམས་དམ་བཅའི་ཡི་གེ་སྒྲོག་འདོན་བྱས།

ལའོ་ཏུང་ཁྲོན་གྱིས་བསྟན་དོན། རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུ་བ་ནི་གཟབ་ནན་གྱི་ཁྲིམས་སྐྱོང་སློབ་གསོ་གཏོང་ཐེངས་སྟངས་ཤིག་དང་གཏིང་ཟབ་པའི་སེམས་ཀྱི་བྱབས་ཁྲུས་ཐེངས་ཤིག་ཡིན་ལ། རྩ་ཁྲིམས་ཀྱི་དབང་ཟིལ་མངོན་པར་མཚོན་པ་དང་རྩ་ཁྲིམས་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་ངང་འཛུགས་པའི་ཆོད་སེམས་བརྟན་པོ་གསལ་བོར་མཚོན་ཡོད། ཡར་སྔོན་བསྡུས་པའི་ཀྲུང་དབྱང་གི་རྒྱལ་ཁབ་ཕྱོགས་ཡོངས་ནས་ཁྲིམས་ལྟར་སྐྱོང་བའི་བྱ་བའི་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་བཏོན་ནས་ང་ཚོས་སྐྱོད་ལམ་གསར་བའི་སྟེང་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་ཁྲིམས་སྟར་ནན་མོ་བྱེད་པ་དང་། བདེན་པ་བདེན་དྲང་གིས་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་བརྩི་བར་རྨང་གཞི་བརྟན་པོ་བཏིངས་ཡོད། སྔོན་ཏག་ཏག་ལ་གྲོལ་བའི་ཞིང་ཆེན་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་མགོ་རྩོམ་ས་གསར་བར་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ཐད་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད། ཚང་མས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་དོན་འཁྱོལ་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་རྩ་ཁྲིམས་སྙིང་སྟོབས་ལག་ལེན་བྱེད་པ། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་འགན་འཁྲི་ཇི་བཞིན་དུ་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་མཁན་དང་འགུལ་སྐྱོད་མཁན། དངོས་སྒྲུབ་མཁན་བཅས་བྱ་དགོས།

ལའོ་ཏུང་ཁྲོན་གྱིས་བསྟན་དོན། ཆབ་སྲིད་ཐད་ནམ་ཡང་བློ་དཀར་བ་དང་བསམ་བློའི་གཞི་བརྟན་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་ཐུབ་པར་བྱེད་པ། བསམ་སྤྱོད་དང་ཆབ་སྲིད་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ་དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་ཆབ་སྲིད་ཀྱི་ཁག་ཁུར་མངོན་པར་བྱ་དགོས། ཁྲིམས་སྐྱོང་རྩ་དོན་ལེགས་པར་བསྲུང་བ་དང་བཅོས་སྐྱོང་རྨང་གཞི་བརྟན་པ། སྣེ་ཁྲིད་ནས་ཁྲིམས་བརྩི་བ་དང་ཁྲིམས་སློབ་པ། ཁྲིམས་བསྲུང་བ། ཁྲིམས་སྤྱོད་པ་བཅས་བྱས་ནས་ཁྲིམས་མཐུན་ལུགས་མཐུན་ངང་དབང་ཆ་སྤྱོད་པ། རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་དུ་བླངས་ནས་དབང་ཆ་ཁྲིམས་མཐུན་གྱི་ལམ་དུ་བསྐྱོད་པར་བྱ་དགོས། ཐོག་མའི་སེམས་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ་དང་དམངས་དོན་བསམ་པའི་འདུ་ཤེས་བཅངས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ནས་ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་དང་དམངས་ཚིས་བདེ་སྐྱིད་ཤུགས་དྲག་ཏུ་བཏང་ནས་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་འདུན་མངོན་འགྱུར་བྱ་དགོས། འཕེལ་རྒྱས་ཀྱི་འགན་འཁྲི་ལྗིད་མོ་ཕྲག་ཏུ་བླངས་ནས་དངོས་སྒྲུབ་མདུན་སྐྱོད་དང་། ཁྲིམས་སྐྱོང་གི་བྱེད་ཐབས་བཏོན་ནས་དཔལ་འབྱོར་འཁོར་སྐྱོད་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བ། འགལ་རྩོད་ཐག་གཅོད་པ། ཕྱོགས་གཅིག་འཕེལ་རྒྱས་སུ་སོང་ན་ཕྱོགས་དེ་བདེ་འཇགས་ཀྱང་ཡིན་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱ་དགོས།  སྤྱོད་གཙང་གི་ཚད་མཐའ་བརྟན་སྲུང་བྱས་ཤིང་སྲོལ་བཟང་བསྐྱངས་ནས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས། སྤྱོད་གཙང་སྒོས་སྲིད་དོན་བསྒྲུབ་པའི་གཏན་འབེབས་སོ་སོ་བརྩི་སྲུང་ནན་མོ་བྱས་ནས་རང་གཅུན་ནན་མོ་དང་འགན་འཁྲི་ནན་མོར་འཁུར་བ། ཁོངས་གཏོགས་དོ་དམ་ནན་མོ་བྱས་ནས་སྲིད་གཙང་སྤྱོད་གཙང་གི་ཆབ་སྲིད་རང་མདངས་ཉམས་པ་མེད་པར་བྱ་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅེན་ཀང་དང་ཚེ་རིང་ཐར། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལི་ཧུང་ཡ། ཝང་ཧེ་ཧུང་། ཁྲེང་ཅི་ཝེ་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།